Skip to main content Skip to search
28 Aug 2018
6 min 8 sec
Video Overview
Creators: 
Sonam Tobgye

༉  བོད་སྒྲའི་གཞུ་གཞས་ དགུང་སྟོད་མཐོན་པོ་སྨྱུག་མ་སྐྱེས་ས་དག་ལས་མ་གཅིག་ཟེར་མི་འདི་ ང་བཅས་རའི་མི་ཚེ་གཅིག་ནང་ དགའ་སྐྱིད་དང་ཞི་བདེ་བྱིན་མི་ གལ་གནད་ཅན་གྱི་ཅ་ཆས་དང་ མི་ཚུའི་སྐོར་ལས་ཨིནམ་ད་ དཔེར་ན་ གནམ་ལས་ཤར་བའི་ཉིམ་དེ་གིས་ འཛམ་གླིང་གི་མུན་པ་གསལ་དོ་ཡོདཔ་ད་ གང་གི་སེངྒེ་དང་སྤང་གི་ཤཝ་ དེ་ལས་ བུ་དང་བུམོ་དེ་ཚུ་ལས་བརྟེན་ ང་བཅས་རའི་མི་ཚེ་ནང་ དགའ་སྐྱིད་བྱིནམ་ཨིན་ ཟེར་ཨིན་མས། འདི་གིས་འབད་ ལྷུན་རྩེ་ ཀུར་སྟོད་རྒེད་འོག་ ཟིམ་སྤོངས་ལས་སེངྒེ་བཟང་མོ་གིས་འཐེན་མི་གླུ་གཞས་འདི་ནང་ ང་བཅས་རའི་མི་ཚེ་ནང་ དེ་ཚུ་ག་དེ་ཅིག་ཁག་ཆེཝ་ཨིན་ནའི་སྐོར་ལས་སྟོནམ་ཨིན་མས།

A Boedra song called "Gungthey Thoenpo Nyumgma Kesa" glorifies several significant elemtns and people. These all bring happiness and peace in life. For instance a glorious sun, born from a blissful sky, brightens the world. Similarly, the snow lion in the high mountain, the stag in a meadow as well as sons and daughters all bring peace and happiness. The song emphasizes the significance and benefits of these elements.

 

Transcript search
No results found for this search
0 of 0
  • སེངྒེ་བཟང་མོ་ Singye Zangmo
    དགུང་སྟོད་མཐོན་པོ་སྨྱུག་མ་སྐྱེས་ས་དག་ལས་མ་གཅིག །སྨྱུག་མ་སྐྱེས་ས་དག་ལས་མ་གཅིག ། ཁྲི་གདུགས་ཉི་མ་སྨྱུག་མའི་ཚིག་གི་སྦུག་ལས་འཁྲུངས་ཡོད། །སྨྱུག་མའི་ཚིག་གི་སྦུག་ལས་འཁྲུངས་ཡོད། །
    There’s disparity in cyst of bulrush in sky. The sun had born from mid of bulrush joints.
  • སེངྒེ་བཟང་མོ་ Singye Zangmo
    རང་སེམས་དགའ་ལ་མི་སེམས་སྐྱིད་པ་ལ་ཅིག་དགོས་འབྱུང་། །ཆོས་གྲོགས་རྣམས་ཡང་(རྣམས་ཀྱང་)དམ་ཚིག་གཙང་མ་ལ་ཅིག་དགོས་འབྱུང་། །ཆོས་གྲོགས་རྣམས་ཡང་(རྣམས་ཀྱང་)དམ་ཚིག་གཙང་མ་ཅིག་དགོས་འབྱུང་། །
    Wants to be happy and people peace. Colleague’s too wants clear commitments.
  • སེངྒེ་བཟང་མོ་ Singye Zangmo
    གངས་སྟོད་མཐོན་པོ་སྨྱུག་མ་སྐྱེས་ས་དག་ལས་མ་གཅིག །སྨྱུག་མ་སྐྱེས་ས་དག་ལས་མ་གཅིག ། སེང་ཆེན་དཀར་མོ་སྨྱུག་མའི་ཚིག་གི་སྦུག་ལས་འཁྲུངས་ཡོད། །སྨྱུག་མའི་ཚིག་གི་སྦུག་ལས་འཁྲུངས་ཡོད། །
    There’s disparity in cyst of bulrush in the peak. The lion had born from mid of bulrush joints.
  • སེངྒེ་བཟང་མོ་ Singye Zangmo
    རང་སེམས་དགའ་ལ་མི་སེམས་སྐྱིད་པ་ལ་ཅིག་དགོས་འབྱུང་། །ཆོས་གྲོགས་རྣམས་ཡང་(རྣམས་ཀྱང་)དམ་ཚིག་གཙང་མ་ལ་ཅིག་དགོས་འབྱུང་། །ཆོས་གྲོགས་རྣམས་ཡང་(རྣམས་ཀྱང་)དམ་ཚིག་གཙང་མ་ལ་ཅིག་དགོས་འབྱུང་། །
    Wants to be happy and people peace. Colleague’s too wants clear commitments.
  • སེངྒེ་བཟང་མོ་ Singye Zangmo
    སྤང་སྟོད་མཐོན་པོ་སྨྱུག་མ་སྐྱེས་ས་དག་ལས་མ་གཅིག །སྨྱུག་མ་སྐྱེས་ས་དག་ལས་མ་གཅིག ། ཤཝ་རྒས་རྭ་བཅུ་སྨྱུག་མའི་ཚིག་གི་སྦུག་ལས་འཁྲུངས་ཡོད། །སྨྱུག་མའི་ཚིག་གི་སྦུག་ལས་འཁྲུངས་ཡོད། །
    There’s disparity in cyst of bulrush in the pastureland. The reindeer had born from mid of bulrush joints.
  • སེངྒེ་བཟང་མོ་ Singye Zangmo
    རང་སེམས་དགའ་ལ་མི་སེམས་སྐྱིད་པ་ལ་ཅིག་དགོས་འབྱུང་། །ཆོས་གྲོགས་རྣམས་ཡང་(རྣམས་ཀྱང་)དམ་ཚིག་གཙང་མ་ལ་ཅིག་དགོས་འབྱུང་། །ཆོས་གྲོགས་རྣམས་ཡང་(རྣམས་ཀྱང་)དམ་ཚིག་གཙང་མ་ལ་ཅིག་དགོས་འབྱུང་། །
    Wants to be happy and people peace. Colleague’s too wants clear commitments.
  • སེངྒེ་བཟང་མོ་ Singye Zangmo
    གཡུས་སྟོད་མཐོན་པོ་སྨྱུག་མ་སྐྱེས་ས་དག་ལས་མ་གཅིག །སྨྱུག་མ་སྐྱེས་ས་དག་ལས་མ་གཅིག ། བུ་དང་བུ་མོ་སྨྱུག་མའི་ཚིག་གི་སྦུག་ལས་འཁྲུངས་ཡོད། །སྨྱུག་མའི་ཚིག་གི་སྦུག་ལས་འཁྲུངས་ཡོད། །
    There’s disparity in cyst of bulrush in the village. The son and daughter had born from mid of bulrush joints.
  • སེངྒེ་བཟང་མོ་ Singye Zangmo
    རང་སེམས་དགའ་ལ་མི་སེམས་སྐྱིད་པ་ལ་ཅིག་དགོས་འབྱུང་། །ཆོས་གྲོགས་རྣམས་ཡང་(རྣམས་ཀྱང་)དམ་ཚིག་གཙང་མ་ལ་ཅིག་དགོས་འབྱུང་། །ཆོས་གྲོགས་རྣམས་ཡང་(རྣམས་ཀྱང་)དམ་ཚིག་གཙང་མ་ལ་ཅིག་དགོས་འབྱུང་། །
    Wants to be happy and people peace. Colleague’s too wants clear commitments.
  • སེངྒེ་བཟང་མོ་ Singye Zangmo
    ལགས་སོ་ལགས།། །།
    Thank you,