Skip to main content Skip to search
05 Sep 2018
2 min 56 sec
Video Overview
Creators: 
Sonam Tobgye

This short song is a glorification song to spiritual masters and even more so to powerful leaders like kings. The lyrics elevate those leaders, stating that they are higher than the highest mountain and their compassionate soul is clearer than a stainless knife. The song desires their life span to be as long as the length of a river. In addition, the spiritual masters' complexion is said to be as fair as a snowy mountain. The song pays homage and respect to these great individuals.

 

༉  ལྷུན་རྩེ་མཐུན་པས་ལས་བསོད་ནམས་དབང་མོ་གིས་ བོད་སྒྲའི་གླུ་གཞས་ ཡས་ཀྱི་རི་བོ་ནག་པོ་ཟེར་མི་ཅིག་འཐེན་ཏེ་འདུག གླུ་གཞས་འདི་ བླམ་དང་དབང་ཆེན་དཔོནམ་ལུ་བསྟོད་པའི་སྟོད་གླུ་དང་ མནོ་བསམ་བཏང་ཐངས་ཀྱི་ཁྱད་པར་དང་འཁྲིལ་ཏེ་ སྨད་གླུ་འབད་རུང་བཏུབ་ནི་ཨིན་པས། དེ་ཡང་ དབུས་ཀྱི་རོ་བོ་ནག་པོ་ལས་དབང་ཆེན་དཔོནམ་གི་གཡུས་དེ་རང་མཐོ་བས་ཟེར་ ཁྱད་པར་ཕྱེས་ཏེ་འབདཝ་ད་ ཕར་ལོགསམ་གི་འདི་དམའ་ཕར་རྐྱབ་འགྱོཝ་ཨིན་པས། ཨིན་རུང་ ཤུགས་ཆེ་ཤོས་ཀྱི་དབང་དུ་བཏང་པ་ཅིན་ མཚན་ལྡན་བླམ་དང་དབང་ཆེན་དཔོནམ་གི་བསྟོད་གླུ་རང་ཨིན་པས།

Transcript search
No results found for this search
0 of 0
 • བསོད་ནམས་དབང་མོ་ Sonam Wangmo
  ཨེ་མོ་དབྱངས་ཅིག་གསུངས་ལ། །ཡས་ཀྱི་རི་བོ་ནག་པོ་ཡ་ལ་མཐོ་མི་མཐོ། །འདི་བ་ཏ་དཔོན་པོའི་གཡུས་རང་མཐོ། །ཨེ་མོ་དབྱངས་ཅིག་གསུངས་ལ། །
  The black hill above is high, Even then turquoise of king is higher.
 • བསོད་ནམས་དབང་མོ་ Sonam Wangmo
  ཨེ་མོ་དབྱངས་ཅིག་གསུངས་ལ། །ཕུ་ཡི་གངས་རི་དཀར་པོ་ཡ་ལ་དཀར་མི་དཀར། །འདི་བ་ཏ་བླ་མའི་ཞལ་རང་དཀར། །དབྱངས་ཅིག་ཨེ་མོ་གསུངས་ལ། །
  The snowy mount is bright, Even then master’s face is brighter.
 • བསོད་ནམས་དབང་མོ་ Sonam Wangmo
  ཨེ་མོ་དབྱངས་ཅིག་གསུངས་ལ། །དེ་ནས་མོན་གྱི་ལུང་པ་ཡ་ལ་འཚོ་མི་འཚོ། །འདི་བ་ཏ་དཔོན་པོའི་གཟིམ་ཅུང་འཚོ་ལ། །དབྱངས་ཅིག་ཨེ་མོ་གསུངས་ལ། །
  There grows medicine plants, Even then grows Majesty’s bean better.
 • བསོད་ནམས་དབང་མོ་ Sonam Wangmo
  ཨེ་མོ་དབྱངས་ཅིག་གསུངས་ལ། །གསེར་གྱི་གྱི་ཅུང་ཟུར་གསུམ་རྣོ་མི་རྣོ། །འདི་བ་ཏ་དཔོན་པོའི་ཐུགས་རང་རྣོ། །དབྱངས་ཅིག་ཨེ་མོ་གསུངས་ལ། །
  The trio shape knife is so shrill, Even then majesty’s mind is shriller.
 • བསོད་ནམས་དབང་མོ་ Sonam Wangmo
  ཨེ་མོ་དབྱངས་གཅིག་གསུངས་ལ། །ཕུ་ཡི་སྐྱིད་ཆུ་གཙང་ཆུ་ཡ་ལ་རིང་མི་རིང་། །འདི་བ་ཏ་དཔོན་པོའི་སྐུ་ཚེ་རིང་ལ། །དབྱངས་ཅིག་ཨེ་མོ་གསུངས་ལ། །ཨེ་མོ་དབྱངས་ཅིག་གསུངས་ལ། །
  The clear water sustain lengthy, Even then Majesty’s life sustain lengthier.
 • བསོད་ནམས་དབང་མོ་ Sonam Wangmo
  ལགས་སོ་ལགས། ཨ་ནཱིམ་ཅིག་བཞག་གེ་ད།། །།