09 Nov 2017
3 min 10 sec
Video Overview
Creators:
Rinchen Drolma
རྩེད་རིག་འདིའི་ནང་དུ་བཀའ་དྲིན་ཅན་གྱི་བཀའ་དྲིན་དེ་ནན་བཤད་བྱས་ཏེ་གཞན་གྱི་བཀའ་དྲིན་ཤེས་དགོས་པ་དེ་བསྟན་ཡོད།
This tserig reminds listeners about the importance of appreciation.
这首“则柔”告诫人们要懂得感恩。
རྩེད་རིག་འདིའི་ནང་དུ་བཀའ་དྲིན་ཅན་གྱི་བཀའ་དྲིན་དེ་ནན་བཤད་བྱས་ཏེ་གཞན་གྱི་བཀའ་དྲིན་ཤེས་དགོས་པ་དེ་བསྟན་ཡོད། དཔེར་ན་རྟ་མདོ་བ་རྣམས་རྩྭ་ལ་བརྟེན་ཡོད་པས་རྩྭ་བཀའ་དྲིན་ཅན་ཡིན་པ་དང་ཉ་རྣམས་ཆུ་ལ་བརྟེན་ཡོད་པས་ཆུ་བཀའ་དྲིན་ཅན་ཡིན་པ་སོགས་དཔེ་བྱས་ནས་བརྗོད་ཡོད།
这首“则柔”特别描述了要对有恩于自己的一切事物抱有感恩之心。比如鲜美的绿草养肥了骏马,骏马要懂得绿草的恩情。鱼的生命需要清澈的湖水养,鱼要记得水的恩情等运用比喻的手法讲述。
- འབྲོང་ལོ་རྩེད།
- འབྲོང་ལོ་རྩེད་ཡ་ལྕང་ལོ་མས་འགུག་ཡ།
- འབྲོང་ལོ་མའི་འཁོར་ར་ཡ་འགྲོ་རྩེད།
- སྟོད་རྟ་བརྒྱ་རི་ཡི་རི་མགོ་ན།
- རྟ་མདོ་བ་གང་བདེ་གང་སྐྱིད་རེད།
- རྩྭ་རྩི་ཤིང་གི་བཀའ་དྲིན་མིན་རྒྱུ་ན།
- འདི་འདྲ་བའི་སྐྱིད་ཅིག་གང་ན་ཡོད།
- འབྲོང་ལོ་རྩེད།
- འབྲོང་ལོ་རྩེད་ཡ་ལྕང་ལོ་མས་འགུག་ཡ།
- འབྲོང་ལོ་མའི་འཁོར་ར་ཡ་འགྲོ་རྩེད།
- མཚོ་སྔོན་མོ་གཡུ་ཡི་མེ་ལོང་ན།
- ཉ་གསེར་མིག་གང་བདེ་གང་སྐྱིད་རེད།
- མཚོ་སྔོན་པོའི་བཀའ་དྲིན་མིན་རྒྱུ་ན།
- འདི་འདྲ་བའི་སྐྱིད་ཅིག་གང་ན་ཡོད།
- འབྲོང་ལོ་རྩེད།
- འབྲོང་ལོ་རྩེད་ཡ་ལྕང་ལོ་མས་འགུག་ཡ།
- འབྲོང་ལོ་མའི་འཁོར་ར་ཡ་འགྲོ་རྩེད།
- སྡེ་མཚོ་མོ་འདྲ་བའི་ནང་རོལ་ན།
- ནང་ན་ཟླ་གང་བདེ་གང་སྐྱིད་རེད།
- འདི་འདྲ་བའི་སྐྱིད་ཅིག་གང་ན་ཡོད།