Video Overview
Kato Kyi from Sonak village in Tsekhok tells the story of how a greedy king desired a woman's jewelry end ended up losing his life.
བརྙན་ཐུང་འདིར་རྒྱལ་བོ་ཧེབ་རྐྱལ་ཞིག། བུ་མོ་ཞིག་གི་སྐེ་རྒྱན་ལ་ཧེབ་ལངས་ནས་མཐའ་མར་རང་གི་སྲོག་ཀྱང་ཤོར་བའི་གཏམ་རྒྱུད་ཅིག་བརྗོད་ཡོད།
བརྙན་ཐུང་འདིར་བརྗོད་ཡོད་པའི་ཕ་མ་གཉིས་ཀྱིས་རང་གི་བུ་མོ་གཅིག་པོ་དེ་གནས་ཡུལ་ཡག་པོ་ཞིག་ལ་འཕྲད་དགོས་བསམ་ནས་ཉིན་རྒྱུན་དུ་བྱམས་པའི་མགོན་ཁང་དུ་སོང་ནས་གསོལ་བ་འདེབས་པ་། རེ་ཞིག་རྒྱལ་པོ་ཧེབ་རྐྱལ་ཞིག་དེས་མཐོང་ནས་བྱམས་པ་ཡིན་ཁུལ་བྱས་ཏེ་སང་ཉིན་ཁྱེད་ཚང་གི་སྒོ་ཁར་སྤྲང་བོ་ཞིག་ཡོང་ན་དེ་མནའ་མར་བྱིན་ཟེར། ཕ་མ་གཉིས་ཀྱིས་བུ་མོའི་རྒྱན་ཆ་སྣ་ཚོགས་དང་གོན་པ་སྣ་ཚོགས་གྲ་སྒྲིག་བྱས་ཏེ་སྤྲང་བོ་དང་མཉམ་དུ་འགྲོ་རུ་བཅུག ལམ་བར་ཞིག་ནས་རྒྱལ་བོས་ཁོ་རང་སྔོན་ལ་སོང་ནས་གྲ་སྒྲིག་བྱས་རྗེས་ཁྱོད་ལེན་དུ་ཡོང་ཟེར་ནས་བུ་མོ་སྒམ་ནང་དུ་བཅུག་ནས་རྒྱན་ཆ་སོགས་ཁྱེར་ནས་བུད་སོང་། ཉིན་དེར་རྒྱལ་བོ་གཞན་ཞིག་གི་སྲས་རི་དྭགས་རྔོམ་དུ་འགྲོ་བའི་ལམ་དུ་བུ་མོ་དེ་ལ་ཐུག་པ་དང་རྒྱལ་སྲས་ཀྱིས་བཙུན་མོ་བྱས་པ་ཡིན། ཕ་མ་གཉིས་ཀྱིས་བྱམས་པ་ལ་གསོལ་བ་བཏབས་པའི་བྱིན་རླབས་ཀྱིས་བུ་མོའང་གནས་ཡུལ་ཡག་པོ་ཞིག་དང་འཕྲད་སོང་ངོ་།
这段视频讲述了一位贪婪的国王眼馋于一位姑娘的项链,想办法让姑娘嫁给自己,然后等骗走姑娘的所有财产后想杀了那位姑娘,最后陷入圈套丢了自己的性命。
这段故事简述了一对夫妇为了让自己唯一的女儿嫁给一个好人家,每天会带各种祭祀品去拜佛并祈祷。一位贪婪的国王眼馋于姑娘的项链,刚好知道了此事,有一天躲在佛像后面嘱咐那对夫妇,明天会一个乞丐来乞讨你们就把女儿嫁给他。他们误以为真是佛祖玉言,给女儿准备各种服饰让她跟着乞丐走了。但是在路上乞丐姑娘躲在箱子里自己带着所有服饰品跑了。然而另一位国王的王子却在打猎时撞见了那位女孩并娶了她。当乞丐回来打开箱子时里面的狗咬死了他。
- གནའ་གནའ་ཞིག་ལ་རྒན་རྒོན་གཉིས་ཡོད་པ་རེད།
- ཁོ་གཉིས་ལ་བུ་མོ་གཅིག་ཡོད་ནི་རེད།
- རྒན་རྒོན་གཉིས་ཀྱིས་ཁོ་གཉིས་ལ་སྐུ་ཞིག་ཡོད།
- མཆོད་ཁང་ནང་ན་སྐུ་གཅིག་ཡོད་ནི་ཡོད།
- སྐུ་གཅིག་པོ་ལ་ཕྱག་ཏག་ཏག་འཚལ་ནས།
- མཆོད་པ་བཤམ་ནས་ཕྱག་ཏག་ཏག་འཚལ་ནས།
- ངེད་གཉིས་ཀྱི་བུ་མོ་འདི་སྐྱིད་ས་བདེ་ས་ཞིག་ལ་འཁེལ་དུ་བཅུག་ཟེར།
- བུ་མོ་འདི་སྐྱིད་ས་བདེ་ས་ཞིག་ལ་འབྱོར་དུ་བཅུག་ཟེར།
- ཁོ་གཉིས་ཀྱིས་དེ་ལྟར་ཕྱག་འཚལ།
- རྒྱལ་བོ་ཧེབ་ལུ་ཟེར་བ།
- ས་ཆ་གཞན་པ་ཞིག་ན་རྒྱལ་བོ་ཧེབ་ལུ་ཟེར་བ་ཞིག་ཡོད།
- བུ་མོའི་སྐེ་ན་གཡུ་བྱུ་རུ་མང་པོ་བཏགས་ཡོད།
- རྒྱལ་བོ་ཧེབ་ལུ་བུ་མོའི་སྐེ་ཡི་གཡུ་བྱུ་རུ་ལ་ཧེབ་ལངས་ནས།
- རྒན་རྒོན་གཉིས་ཀྱིས་དེ་ལྟར་སྐུ་དེར་ཕྱག་འཚལ་ནས།
- སྨོན་ལམ་རྒྱག་བཞིན་པ་ཁོ་ཡིས་ཤེས་ནས།
- ཉིན་ཞིག་ལ་སྐུའི་རྒྱབ་ནས་བསྡད་དེ།
- ནངས་མོར་ཞིག་ལ་སོང་ནས་སྐུའི་རྒྱབ་ནས་བསྡད་དེ།
- ཁོ་གཉིས་ཀྱིས་དེ་ལྟར་ཕྱག་འཚལ་ནས།
- བུ་མོ་འདི་སྐྱིད་ས་བདེ་ས་ཞིག་ལ་འབྱོར་དགོས་ཟེར་ནས།
- དེ་ལྟར་ཕྱག་འཚལ་དུས།
- སྐུའི་རྒྱབ་ནས་བསྡད་དེ་བུ་མོ་ཉིན་ཞིག་ལ་སློང་མཁན་ཞིག་ཡོང་ངེས།
- སྤྲང་བོ་སློང་མཁན་ཞིག་ཡོང་བ་དེར་བྱིན་ན་སྐྱིད་ལ་ཟེར།
- རྒན་རྒོན་གཉིས་དགའ་ནས་བསྡད།
- ཉིན་ཞིག་ལ་རྒྱལ་བོ་ཧེབ་ལུ་སློང་དུ་སོང་།
- སློང་དུ་སོང་ནས་ཁྱེད་ཀྱི་བུ་མོ་བྱིན་ཟེར།
- སྟེར་དགོས་ཟེར་ནས་བྱིན།
- དེར་བྱིན་པ་རེད།
- རྒྱལ་བོ་ཧེབ་ལུ་ཡིས་བུ་མོ་འདི་ལྟར་རྐང་ཐང་ལ་མི་ཁྱེར།
- ང་སྒམ་ཞིག་བྱིན།
- ངས་སྒམ་ཞིག་གི་ནང་ལ་བཅུག་ནས་བུ་མོ་འཁུར་ནས་འགྲོ་རྒྱུ་ཟེར།
- དེ་ནས་སྒམ་ཞིག་གི་ནང་ལ་བུ་མོ་ཙོག་ཏུ་བཅུག་ནས།
- རྒྱལ་བོ་དེ་ཡིས་འཁུར་ནས་བུད་སོང་།
- སོང་ནས་ཁོ་ཚོའི་སྡེ་བའི་འདབས་དེར་བཞག་ནས།
- དེ་ནས་ཡུལ་ལ་སོང་ནས།
- དགོང་མོ་ཨ་ཚ་ཨ་ན་ཡི་སྒྲ་སྒྲོག་པ།
- མི་གཅིག་ཀྱང་སྒོར་བུད་ན་མི་ཆོག
- ངས་གཡུ་བྱུ་རུ་མུ་མེན་མུ་ཏིག་གི་མཛོད་ཕབ་རྒྱུ།
- ཨ་ཚ་ཨ་ན་ཡི་སྒྲ་སྒྲོག་ན།
- མི་གཅིག་ཀྱང་སྒོར་བུད་ན་མི་ཆོག་ཟེར་ནས།
- ས་རུབ་དུས་ཁོ་ཡིས་བུ་མོ་གསོད་སྤྱད་ཅིག་ཁྱེར་ནས།
- ཁོ་ཡིས་གསོད་རྒྱུ་ཟེར་ནས་གསོད་སྤྱད་གྲ་སྒྲིག་བྱས་ཏེ།
- ཁོ་ཡིས་དེར་བཞག་ནས་ཕར་ལ་སོང་ཤུལ་ནས།
- ས་ཆ་གཞན་པ་ཞིག་གི་རྒྱལ་བོ་ལ་བཙུན་མོ་དགོས་ནས།
- བློན་པོ་གཉིས་བཙུན་མོ་བཙལ་བར་མདའ་འཕེན་ནས་འགྲོ།
- མདའ་འཕེན་བྱས་ནས་མདའ་ཟུག་པ་དེ་ཡིན།
- ཡིན་ཟེར་ནས་མདའ་འཕེན་ནས་འགྲོ་དུས།
- ཁོ་གཉིས་ཀྱིས་མདའ་འཕངས་་ནས་མདའ་གཉིས་ཀ་སྒམ་ཐོག་ལ་ཟུག
- དེ་ནས་སྒམ་ཐོག་ལ་མདའ་ཟུག་ཐལ།
- གན་ནང་ན་ཅི་ཡོད་འདོད་ནས་ཁོ་གཉིས་སོང་ནས་བལྟས།
- ཁོ་གཉིས་ཀྱིས་རྗེས་ན་སྟག་ཁྱི་གཟིག་ཁྱི་གཉིས།
- ཁོ་གཉིས་ཀྱིས་ཁྲིད་ནས་འགྲོ་བ་རེད།
- སྒམ་ཁ་ལངས་ནས་བལྟས་པས།
- ནང་ན་བུ་མོ་ཡག་པོ་ཞིག་ཡོད།
- འདི་རྒྱལ་བོའི་བཙུན་མོ་ཡིན་རྒྱུ་རེད།
- ངེད་གཉིས་ཀྱིས་མདའ་ཟུག་ཚུལ་ལ་བལྟས་ན་འདི་ཡིན་ནི་རེད།
- ངེད་གཉིས་ཀྱིས་འདི་ཁྲིད་ནས་འགྲོ་ཟེར།
- བུ་མོ་ཕྱིར་བླངས་ནས་བུ་མོའི་ཤུལ་དུ།
- སྒམ་ནང་ལ་སྟག་ཁྱི་གཟིག་ཁྱི་གཉིས་བཅུག་ནས།
- བུ་མོ་ཁྲིད་ནས་བུད་སོང་།
- བློན་པོ་གཉིས་ཀྱིས་ཁྲིད་ནས་སོང་སྟེ།
- བུ་མོ་ཁྲིད་ནས་སོང་སྟེ།
- བུད་སོང་བ་རེད།
- བུ་མོ་དེ་རྒྱལ་བོའི་བཙུན་མོ་རུ་གྱུར་ནས་སྐྱིད་པ་རེད།
- དེ་ནས་རྒྱལ་བོ་ཧེབ་ལུ་ཡིས་དགོང་མོ།
- གཡུ་བྱུ་རུ་མུ་མེད་མུ་ཏིག་གི་མཛོད་ཕབ་རྒྱུ་ཟེར་ནས།
- བུ་མོ་གསོད་སྤྱད་ཅིག་ཁྱེར་ནས།
- དགོང་མོ་ས་རུབ་དུས་སོང་སྟེ་སྒམ་ཁ་བླངས་དུས།
- སྟག་ཁྱི་གཟིག་ཁྱི་གཉིས་ལྡིང་ནས་ཁྱེར་ཡོང་བས་ཁོ་འཆོས་པ་རེད།
- ཁོ་ངུས་ནས་སྡེ་བ་ཚང་མ་ཤོག་ར།
- ང་འཆོས་ཐལ་ཟེར་ནས་ཀུ་བཏབ་ནས།
- སེམས་ཅན་གྱིས་རྒྱལ་བོ་ཡིས་ཨ་ཚ་ཨ་ན་ཡི་སྒྲ་སྒྲོག་པ།
- བལྟ་མི་ཉན་ཟེར་བས་བལྟ་ཉན་ནི་མ་རེད་ཟེར།
- རྒྱལ་བོ་ཧེལ་ལུ་ཡིས།
- གཡུ་བྱུ་རུ་མུ་མེད་མུ་ཏིག་གིས་མཛོད་ཕབ་པ་རེད་ཟེར་ནས།
- མི་གཅིག་ཀྱང་སྒོར་མ་བུད་པར་བསྡད།
- ཡོང་ནས་བལྟས་དུས་ཁོ་འཆོས་པ་རེད།