Video Overview
Kato Kyi from Sonak village in Tsekhok tells the story of King Shingtri's three princes, especially the youngest Prince Norbu Döndrup.
འདིར་རྒྱལ་བོ་ཤིང་ཁྲི་བཙན་པོར་སྲས་གསུམ་ཡོད་པའི་ལོ་རྒྱུས་བརྗོད་ནས་གཙོ་བོ་བུ་ཆུང་བ་ནོར་བུ་དོན་གྲུབ་ཀྱི་མི་ཚེའི་ཀྱག་ཀྱོག་གི་ལམ་བཤད་ཡོད།
བརྙན་འདིའི་ནང་ནི་གཏམ་རྒྱུད་ནི་ལོ་རྒྱུས་དང་འབྲེལ་ཡོད་དེ། བོད་བཙན་པའི་སྐབས་ཀྱི་རྒྱལ་བོ་གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་ཤིང་ཁྲི་བཙན་པོའི་མིང་བཀོད་ཡོད་ལ། དེ་ལ་སྲས་གསུམ་ཡོད་པ་ནས་སྲས་ཆུང་བའི་ལོ་རྒྱུས་གཙོ་བྱས་ཏེ་བརྗོད་ཡོད། རེ་ཞིག་རྒྱལ་ཁབ་དེ་ལ་མུ་གེ་བྱུང་བས་རྒྱལ་བོས་རང་གི་སྲས་གསུམ་པོ་བྱ་མིག་གི་ཅོ་རིལ་ཟེར་བའི་བྱ་དེ་འཚོལ་ས་ཕྱོགས་མི་འདྲ་བར་བཏང་། བུ་ཆུང་བ་དེ་ལམ་བར་དུ་བར་ཆད་གང་མང་བྱུང་ཡང་མཐར་བདེ་ལེགས་གང་བྱ་དེ་འཁྱེར་འོང་ཡང་། ཕྱིར་ཕ་ཡུལ་ལ་ཐོན་སྐབས་སྲས་ཆེ་འབྲིང་གཉིས་ཀྱིས་ཁོ་གཉིས་ཡིན་ཁུལ་བྱས་ནས་སྲས་ཆུའི་ནང་དུ་བསྐུར། ཡང་རྒྱལ་སྲས་ཆུང་བ་ནི་ལས་ཅན་ཞིག་ཡིན་པས་རྒྱལ་ཁབ་གཞན་ཞིག་གི་སྲས་མོ་རྙེད་ནས་རྒྱལ་བ་ཁབ་དེའི་རྒྱལ་པོའང་བྱས། མཐར་རང་རྒྱལ་ཁབ་ལ་ཕེབས་ནས་རྒྱལ་ཁབ་ཁྲིམས་ཀྱིས་བསྐྱངས་ཚུལ་བརྗོད་ཡོད།
这段视频讲了项驰赞普王三个王子的故事,其中主要讲了小王子坎坷的人生。
这段视频讲述了项驰赞普王及他的三个儿子故事,尤其是三王子坎坷的人生之路。项驰赞普王是吐蕃王朝时的君王之一,这段故事也跟这有关。有一时他们国家来了灾荒,国王让三位王子去寻求一种神鸟,让他们分路寻找,其中三王子在路上遇到各种曲折,但最终还是找到了那只神鸟。不幸在回国的路上又被其他两位王子送死,可是小王子命好,被一位公主得救并当了当地的国王。几年后小王子回到了自己的母国一切都又回到了原点。
- ཤིང་ཁྲི་བཙན་པོ་ཟེར་བ་ཞིག་ཡོད་པ་རེད།
- དེར་བུ་གསུམ་ཡོད།
- ཁོ་ཚོའི་ས་ཆ་དེར་མུག་ཡམས་འདྲ་བོ་དར་ནས།
- ལོ་མ་སྐྱེས་རྩྭ་མ་སྐྱེས།
- དེ་ནས་ས་ཆ་མུག་ཡམས་འདྲ་བོ་ཐོན་བྱུང་།
- རྒྱལ་བོ་ཤིང་ཁྲི་བཙན་པོས་འདི་འགྲིག་གི་མེད་གི་འདོད་ནས།
- ཁོའི་བུ་ཚོར་བྱ་མུ་གེ་ཅོ་རེ་ཟེར་བ་ཞིག་ཡོད།
- བྱ་མུ་གེ་ཅོ་རེ་ཟེར་བ་ཞྭ་བཟང་བོ་ཞིག་རེད།
- བྱ་མུ་གེ་ཅོ་རེ་ཞིག་ཕུབ་རྒྱུ་ཟེར་ནས།
- བུ་ཆུང་བོ་འགྲོ་རུ་བཅུག
- བུ་ཆུང་བོ་ནོར་བུ་དོན་འགྲུབ།
- བུ་ཆུང་བའི་མིང་ལ་བུ་ཆུང་བ་ནོར་བུ་དོན་འགྲུབ་ཟེར།
- བུ་ཆུང་བ་ཁོ་ལ་རེ་བཞག་ཡོད།
- ཆེ་བ་གཉིས་ལ་ཁོ་ལ་རེ་བཞག་མེད་གི
- ལྕགས་མདའ་ལྕགས་གཞུ་ཞིག་བཀུགས་ནས་དེ་བུ་ཆུང་བ་ལ་བྱིན།
- བུ་ཆུང་བ་ནོར་བུ་དོན་འགྲུབ་ལ་བྱིན།
- འདི་ཁྱོད་དགོས་པའི་ཉིན་མ་ཞིག་ཡོད་ཟེར་ནས་དེ་ལ་བྱིན།
- དེ་ནས་ཁོ་ཚོ་འགྲོ་རུ་བཅུག
- ཁྱོད་ཚོ་སོང་ནས་ལོ་དྲུག་གི་ནང་ནས་ཕྱིར་ཐོན་བཏང་ན།
- ངས་རྨ་ཆུ་ལ་ཤིང་ཟམ་འཕེན།
- ལོ་དགུ་ཡི་ནང་ནས་ཕྱིར་ཐོན་བཏང་ན།
- ངས་རྨ་ཆུ་དུང་ཟམ་འཕེན་ཟེར།
- དེ་ལྟར་བཤད་ནས་ཁོ་ཚོ་འགྲོ་རུ་བཅུག
- དེ་ནས་ཁོ་ཚོ་སོང་ནས།
- སོང་ནས་ས་ཆ་རང་རང་ས་ལ་འགྲོ་དགོས་པས།
- ཁྱོད་ཚོ་རང་རང་ས་འགྲོ་བའི་མཚམས་དེ་ནས།
- ལུང་བ་རེ་རེ་ཡོད།
- ལུང་བ་གོང་མའི་ནང་ལ་བུ་ཆེ་བ་སོང་།
- ལུང་བ་བར་མའི་ནང་ལ་བུ་འབྲིང་བ་སོང་།
- ལུང་བ་ཞོལ་མའི་ནང་ལ་བུ་ཆུང་བ་སོང་།
- ལུང་མདོ་ནས་མཉམ་དུ་བསང་ཁྲི་ཞིག་བཅོས་ནས།
- ཐོག་ནས་བསང་ཕུད་ནས་སོང་ཟེར།
- དེ་ནས་ཡ་ཟེར་ནས་ཁོ་ཚོ་སོང།
- ཁོ་ཚོ་རང་རང་ས་འགྲོ་སའི་ལུང་མདོ་ལ་ཐོན་པ་རེད།
- ཐོན་རྗེས་བསང་ཁྲི་ཞིག་ལས་ནས་བསང་ཕུད་ནས་བུད་སོང་།
- རང་རང་གི་ལུང་ནང་ལ་སོང་།
- ཆེ་བ་འགྲོ་སའི་ལུང་བ་ནང་ན།
- རྒྱ་ཡར་འགྲོ་ཡར་དང་སྡེ་བ་ཡོད་སའི་ལུང་བ་ཞིག་རེད།
- བུ་འབྲིང་བ་འགྲོ་སའི་ལུང་བ་ཡང་དེ་འདྲ་ཞིག་རེད།
- ཡང་སྡེ་བ་ལ་སོགས་པ་ཡོད་པ་ཞིག་རེད།
- བུ་ཆུང་བ་འགྲོ་སའི་ལུང་བ་རི་ལུང་ཁོག་མི་མངོན་པའི་ལུང་བ་ཞིག
- ནགས་དང་བྲག་གིས་བཟུང་ཡོད་པའི་ལུང་བ་སྐྲག་པ་ཞིག་རེད།
- དེ་ནས་སོང་ནས་ཁོ་ཡིས་ཟ་མ་ཁྱེར་བ་ཚར་སོང་།
- ལྟོགས་ནས་ཕོ་བ་ས་འཁྱགས་སུ་བརླན་ནས།
- ཁོག་ལ་ཚ་བ་འཕྱུར་ནས་དེ་ལྟར་སོང་།
- དེ་ནས་སོང་ནས་ནགས་གསེང་ན་སྟག་ཅིག་ཡོད།
- སྟག་གིས་ང་མ་གཏོགས་ལུང་བ་འདི་ན་དབུགས་ཡོད་པ་ཞིག་མེད།
- གན་ཅི་ཡིན་འདོད་ནས་ཁོ་ལ་བལྟས་ནས་སྐྲག
- ཁོ་ཡིས་སྟག་ལ་བལྟས་ནས་ལུང་བ་འདི་ན།
- བྱ་རིགས་མི་རིགས་ཁྱི་རིགས་མེད་ལ་འདི་ཅི་ཡིན་འདོད་ནས།
- དེ་ནས་སྐྲག་ནས།
- ངའི་མདའ་འདི་ཡིས་གན་ན་རྒྱག་པ་ཡིན་ནམ་འདོད་ནས།
- རྒྱག་རྩིས་བྱས་མོད་ཡིན་རྒྱུ་མ་རེད།
- རྗེས་ནས་དགོས་པའི་ཉིན་མ་ཞིག་ཡོད་རྒྱུ་རེད་འདོད་ནས།
- མ་རྒྱབ་པར་བུད་སོང་།
- དེ་ནས་སོང་དུས་གླ་ཞིག་ཡོད་གི
- གླ་དེ་ཁོ་ཡིས་བསད་པ་རེད།
- གླ་དེ་བསད་ནས་གླ་ཤ་དེ་ཟ་བཞིན་སོང་།
- དེ་ནས་སོང་ནས་བར་ཞིག་ལ་གླ་ཤ་དེ་ཟས་ཚར་སོང་།
- དེ་ཚར་ནས་ཡང་ལྟོགས་ཏེ།
- ཡང་ཕོ་བ་ས་འཁྱགས་ལ་བརླན་ནས་སོང་།
- དེ་ནས་དེ་ལྟར་སོང་དུས་ལུང་ཕུག་ལ་ཐོན་པ་རེད།
- ལུང་ཕུག་ལ་ཐོན་དུས་ལུང་ཕུག་ན་མཁར་ཞིག་བསྐོར་ཡོད།
- དེ་ནས་མཁར་དེའི་མཐའ་སྐོར་ནས་སོང་དུས།
- དེའི་ནང་ན་ཡང་མཁར་ཞིག་སྐོར་ཡོད།
- དེའི་མཐའ་སྐོར་ནས་སོང་དུས་སྒོ་མེད་གི
- གྲུ་ག་ཞིག་ན་རྡོ་བརྩིགས་བརྒྱབ་ཡོད།
- དེ་མ་གཏོགས་སྒོ་མེད་གི
- དེ་ནས་རྡོ་བརྩིགས་ཡོད་སའི་སྒོ་དེར་སོང་ནས།
- ཨ་རོག་ཚང་ཞེས་བོས་པས།
- སྒོ་རྩ་དེར་རྡོ་བརྩིགས་བྱས་པ་དེར་ཡོང་ནས།
- ཁྱོད་ཁ་རོག་གེར་སྡོད་དང་ཁྱོད་ལ་སྒོ་འབྱེད་ཟེར།
- དེ་ནས་རྡོ་བརྩིགས་དེ་བཤིག་ནས་ཡར་ལ་ཡོང་དུ་བཅུག
- ཡར་ལ་སོང་དུས་མཁར་དེའི་ནང་ལ་སྡེ་བ་ཞིག་ཡོད།
- སྡེ་བ་དེའི་ནང་ལ་སོང་དུས།
- རྒད་པོ་ལོ་ལོན་ཞིག་ཙོག་ནས་བསྡད་ཡོད།
- ཁྲི་ཞིག་ཡོད་པ་དེའི་ཐོག་ན་བུ་མོ་ཞིག་བཞུགས་ཡོད།
- ཅི་འདྲའི་དགོད་སྤྱད་འདོད་ནས།
- དེ་ནས་སོང་ནས་རྒད་པོ་ལ་འདི་ཅི་ཞིག་ཡིན་ནི་རེད།
- ཁྱོད་ཚོའི་མཁར་ཕྱི་ནང་གཉིས་སྐོར་ཡོད་པ་འདི་ཅི་རེད།
- ཁྲི་ཐོག་ན་བུ་མོ་བཞུགས་ཡོད་པ་འདི་ཅི་རེད་ཟེར་བས།
- དེ་མཁར་ཕྱི་ནང་གཉིས་སྐོར་ཡོད་པ་དེ།
- ཁོང་ཚོའི་ས་ཆ་འདི་ན་དུག་སྦྲུལ་ཡོད་ནི་རེད།
- དུག་སྦྲུལ་གྱིས་འཁུར་སོང་ནས་མ་བཟོད་པར་མཁར་ཕྱི་ནང་གཉིས་བསྐོར་བ་ཡིན།
- ཁྲི་ཐོག་ན་བུ་མོ་ཞིག་བཞུགས་ཡོད་པ་ནི་རྒྱལ་བོའི་བཙུན་མོ་རེད།
- རྒྱལ་བོ་དུག་སྦྲུལ་གྱིས་བཀྲོངས་བ་རེད།
- རྒྱལ་བོ་ཡང་དུག་སྦྲུལ་གྱིས་འཁུར་སོང་བས།
- ཁྲི་ས་ནོན་མཁན་མེད་པས་རྒྱལ་བོའི་བཙུན་མོས་མནན་ཡོད་པ་རེད།
- ཁྱོད་ཅི་ཡིན་ཟེར་བས།
- ཁོས་རྒྱུ་མཚན་དྲིས་པས།
- ང་རྒྱལ་བོ་ཤིང་ཁྲི་བཙན་པོའི་བུ་ཆུང་བ་ནོར་བུ་དོན་འགྲུབ་ཡིན་ཟེར།
- དེ་ནས་རྒད་པོ་དགའ་ནས།
- ཆོས་ཀྱིས་ངོས་ན་མཐའ་འཇུག་གི་རྔ་མ་ཞིག་ལ།
- བུ་ཆུང་བ་ནོར་བུ་དོན་འགྲུབ་ཟེར་བ་ཞིག་གིས།
- རྒྱལ་ས་འཛིན་ན་ཞེས་བཤད་ཡོད་པས་ད་འཕྲོད་སོང་ཟེར་ནས།
- བུ་མོ་ཤིང་ཁྲི་ཐོག་ལ་བཞུགས་སུ་བཅུག་ནས།
- ཁོ་གསེར་ཁྲི་ཐོག་ལ་ཕུད་ནས།
- དེ་ནས་རྒྱལ་བོའི་སྲས་མོ་དེའི་མག་པར་འདུག་དགོས་ཟེར་ནས།
- དེ་ལྟར་བསྡད་ནས་རྒྱལ་ས་ཁོ་ལ་སྤྲད།
- རྒྱལ་ས་དེ་བཟུང་ནས་བསྡད།
- ཁོ་ལ་རྒྱལ་བོའི་རྒྱལ་སར་བཞག་ན་ཁོས་བྱས་རྗེས་འཇོག་དགོས་རྒྱུ་རེད་འདོད་དེ།
- ལོ་གསུམ་འགོར་སོང་།
- ལོ་གསུམ་གྱི་ནང་ནས་ཁོ་ལ་བྱིས་པ་བུ་ཞིག་སྐྱེས་པ་རེད།
- དེ་ནས་བྱས་རྗེས་ཞིག་འཇོག་དགོས་རྒྱུ་རེད་འདོད་ནས།
- ཁོ་ཉིན་ཞིག་ལ་དུག་སྦྲུལ་ལ་བལྟ་རུ་འགྲོ་རྒྱུ་ཟེར།
- ཁྱོད་འགྲོ་མི་ཉན་ཟེར།
- འདི་ནས་རྒྱལ་བོ།
- རྒྱས་ས་འདི་ནས་རྒྱལ་བོ་འགའ་ཞིག་དུག་སྦྲུལ་གྱིས་འཁུར་སོང་།
- དེ་ནས་ངེས་པར་དུ་ཁོ་འཁུར་སོང་ན་ཡང་།
- ཁོ་སོང་ནས་དུག་སྦྲུལ་ལ་བལྟ་དགོས་ཟེར་ནས།
- ཡར་ན་ཉག་ཀ་ཞིག་བསྟན་ནས།
- ཉག་ཀའི་ཁར་སོང་ན་ཕ་རོལ་ན་གཞུང་ཁོག་ཅིག་ཡོད།
- གཞུང་ཁོག་དེ་ན་ཡོད་ནི་རེད།
- ཁྱོད་སོང་ནས་ལྟོས་ལ།
- ཁྱོས་འུར་རྒྱག་མི་ཉན།
- ཁ་རོག་གེར་བལྟས་ནས་ཁ་རོག་ལ་ཕྱིར་ཤོག་ཟེར།
- དེ་ནས་ཡ་ཟེར་ནས་ཁོ་ཉག་ཀའི་ཁ་ནས་བལྟ་དུས།
- ཕ་རོལ་གྱི་གཞུང་ཁོག་ཆེན་པོ་ཞིག་ན་རི་ཞིག་བབས་ཡོད་པ་འདྲ།
- ཁྱིམ་ཚང་ཞིག་བབས་ནས་འབྲོག་པ་ཞིག་གི་རུ་བབས་ནས།
- ར་ཞིག་ཕུགས་ཡོད་པ་འདྲ་བ།
- སྒོ་གཉིས་ཀ་ན་དར་ཤིང་གཉིས་བརྩེང་ཡོད་པ་འདྲ་བ།
- མཁར་གཉིས་ཀ་ན་མཁར་རྫིང་གཉིས་ཁ་སྒོར་ཡོད་པ་འདྲ།
- སྒོ་ལ་རྒྱུ་ཁྲ་ཁྲ་དམར་ནག་ཞིག་དཀྲིས་ཡོད་པ་འདྲ་བ།
- དེ་འདྲ་ཞིག་མཐོང་བ།
- དེ་ལས་ཅི་ཡང་མེད་ནི་རེད།
- དུག་སྦྲུལ་འདི་ཡིན་ཟེར་བ་ཞིག་མ་མཐོང་།
- ཕུགས་ན་བསང་ཁྲི་ཞིག་ཡོད་ནི་རེད།
- དེ་ནས་ཡོང་ནས་དེ་རིང་ཁྱོས་དུག་སྦྲུལ་ཨེ་མཐོང་ཞེས་དྲིས།
- དུག་སྦྲུལ་འདི་ཡིན་ཟེར་བ་ཞིག་མ་མཐོང་།
- ཕ་རོལ་ན་ཁྱིམ་ཚང་ཞིག་གམ་རུ་ཞིག་བབས་ཡོད།
- རུ་ཅི་འདྲ་ཞིག་རེད་ཟེར་བས།
- སྒོ་ལ་རྒྱུ་ཁྲ་ཁྲ་དམར་ནག་ཅིག་འཁྱིལ་ཡོད་གི
- སྒོ་ན་དར་ཤིང་གཉིས་བརྩེང་ཡོད་པ་འདྲ་བ།
- ཁ་གཉིས་ཀ་ན་མཁར་རྫིང་གཉིས་ཁ་སྒོར་ཡོད་པ།
- ཕུགས་ན་བསང་ཁྲི་ཞིག་ཡོད་གི་ཟེར།
- དུག་སྦྲུལ་དེ་ཡིན་ནི་རེད་ཟེར།
- རྒྱུ་ཁྲ་ཁྲ་དམར་ནག་དེ་ཁོའི་ལུས་རེད།
- འཁྱིལ་ནས་བསྡད་ཡོད།
- སྒོ་ན་དར་ཤིང་གཉིས་ཁོ་ཡི་མཆེ་བ་རེད།
- མཁར་ཡི་མཁར་རྫིང་གཉིས་ཀ་ཁོ་ཡི་མིག་རེད།
- ཕུགས་ན་བསང་ཁྲི་ཞིག་ཡོད་པ།
- ཁོ་ཡི་གཙུག་ན་ཡིད་བཞིན་ནོར་བུ་ཡོད་ནི་རེད་ཟེར།
- ཡིད་བཞིན་ནོར་བུ་དེ་ཡང་།
- ཁོ་ལ་གཞན་ཞིག་གིས་བྱིན་པའི་བཤད་ཚུལ་ཡོད་ལ་དེ་མི་ཤེས་གི
- དེ་ཡིན་ནི་རེད།
- དུག་སྦྲུལ་དེ་ཡིན་ནི་རེད་ཟེར།
- ཁོས་མ་ཤེས་པ་རེད།
- ཉིན་ཞིག་སྐྱེས་ཕོ་མོ་གཉིས་ཀ་རི་མགོར་སོང་ནས།
- རྩ་རིགས་ལྡུམ་གསུམ་ཐུས་དང་།
- ཁོས་དུག་སྦྲུལ་དེ་བགྲོང་ཐབས་བྱེད་དགོས་ཟེར།
- དུག་རྒྱུང་དགོས་ཟེར་ནས།
- སེམས་ཅན་ཐམས་ཅད་རི་མགོར་སོང་ནས་དུག་བཏུས་ནས།
- རྩྭ་རིགས་ལྡུམ་གསུམ་ཐམས་ཅད་བཏུས་ནས།
- ནང་གི་དུག་ཚང་མ་བསལ་ནས་དུག་རྒྱུང་ནས།
- ཉག་ཀ་དེར་སོང་ནས།
- ཉག་ཀའི་ཡར་ནས་མཁར་རྫིང་བཅོ་བརྒྱད་བསྒྲིགས་ནས།
- མར་ནས་མཁར་རྫིང་བཅོ་བརྒྱད་བསྒྲིགས་ནས།
- དུག་སྐོལ་ཏེ་དེ་ནས་བསྒྲིགས།
- ཚང་མས་ཀི་སྡུར་བྱས།
- ཁ་ཅིག་གིས་ཀི་སྡུར་བྱེད་ཉན་རྒྱུ་མ་རེད་ཟེར།
- སེམས་ཅན་སྡུག་ལ་སྦྱར་རྒྱུ་རེད།
- ང་ཚོས་སྡོམ་པོ་ཞིག་གི་ཁ་ཉན་ནས།
- སེམས་ཅན་ཚང་མ་དུག་སྦྲུལ་ལ་འཁུར་རུ་འཇུག་རྒྱུ་རེད་ཟེར།
- ཁ་ཅིག་གིས་ང་ཚོས་འུར་བརྒྱག་དང་།
- འདི་རྒྱལ་བོ་རྒྱལ་ས་ནོན་ནི་ཞིག་གིས།
- འདི་རང་བཞིན་ཞིག་ཡིན་ནི་མ་རེད།
- ཚང་མས་འུར་བརྒྱབ་པ་རེད།
- འུར་རྒྱབ་པས་དུག་སྦྲུལ་ནུར་ནས་ཡོང་།
- ནུར་ནས་ཁྱེར་ཡོང་ནས་ཉག་ཀའི་ཁ་ལ་ཐོན་དུས།
- ཡར་ལ་ལྕེ་གཡུགས་ནས་མཁར་རྫོང་བཅོ་བརྒྱད་མིད་དེ།
- མར་ལ་ལྕེ་གཡུགས་ནས་མཁར་རྫོང་བཅོ་བརྒྱད་མིད་དེ།
- དུག་དེ་འཐུང་ནས།
- དུག་དེའི་ངར་ཚད་ཀྱིས་སྐོམ་ཚད་ཀྱིས་ཆུ་ཁར་ནུར།
- མི་ལ་གནོད་མ་ཐུབ་པར་ཆུ་འཐུང་རྒྱུ་ཟེར་ནས་ཆུ་ཁར་ནུར།
- དེ་ནས་ཆུ་ཁར་ནུར་དུས་བུ་ཆུང་བ་ནོར་བུ་དོན་འགྲུབ་ཀྱིས།
- རྒད་པོ་ལོ་ལོན་དེ་ལ།
- ཡ་རྒད་པོ་གན་གྱིས་ཆུ་འཐུང་ན་མ་འགྲིག་ཐལ།
- འདིའི་སྲོག་གང་ཡིན་ནི་རེད།
- སྲོག་མིག་གང་ཡིན་ནི་རེད་ཟེར།
- དེའི་མགོ་ཡི་ཡིད་བཞིན་ནོར་བུ་མ་འཆོལ་ཐལ་ཟེར་དུས་མ་བཟང་བ་རེད།
- ཁོ་ཡི་སྲོག་མགོ་ཡི་ཡིད་བཞིན་ནོར་བུ་ཡིན་ནི་རེད།
- དེ་ནས་ཁོས་ལྕགས་མདའ་ལྕགས་གཞུ་ཁྱེར་ཡོང་ནས།
- ཡིད་བཞིན་ནོར་བུ་ཟེར་ནས་མདའ་ཡིས་བརྒྱབ་པས་བཅད་པ་རེད།
- དེ་ནས་དུག་སྦྲུལ་བཀྲོངས་བ་ཡིན།
- དེ་ནས་བགྲོངས་དུས་ཞང་སྒྲ་འུར་སྒྲ་ཞིག
- མུན་པ་འདྲ་བ་ཞིག་འཐིབས་ནས་ས་རུབ།
- ཡ་རྒད་པོ་འདི་ཅི་ཞིག་རེད་ཟེར་བས།
- ད་འཕྲོད་སོང་ནི་རེད།
- ད་ཁྱོས་དུག་སྦྲུལ་བཀྲོངས་བ་རེད།
- བྱ་རྒྱལ་ཁྱུང་དུག་སྦྲུལ་འཁུར་རུ་ཐོན་པ་རེད།
- བྱ་རྒྱལ་ཁྱུང་གིས་ཉི་མ་སྒྲིབ་པ་རེད་ཟེར།
- འཕྲོད་སོང་ནི་རེད་ཟེར་ནས་དགའ་བ་རེད།
- སྐྱེས་ཕོ་མོ་གཉིས་ཀ་དགའ་ནས།
- དེ་ནས་བྱ་རྒྱལ་ཁྱུང་གྱིས་དུག་སྦྲུལ་འཁུར་ནས་སོང་རྗེས།
- ཉི་མ་བུད་དུས་དུག་སྦྲུལ་གྱིས་རོ་འཁུར་ནས་བུད་སོང་།
- དེ་ནས་འཕྲོད་སོང་ནི་རེད།
- དགའ་ནས་སྟོན་མོ་བྱས།
- དེ་ནས་དུག་སྦྲུལ་བཀྲོངས་བ་རེད།
- སྡེ་བ་འདིར་ཆགས་འཇིག་ཡོང་རྒྱུ་མེད་གི
- དེ་ཡིན་ན་རྒྱལ་ས་འཛིན་མཁན་འདི་ལྟར་བུ་ཞིག་ཡོད་གི
- ཁོ་འདུག་མི་ཉན་ཁོ་འགྲོ་དགོས་ཟེར་ནས།
- ཁོ་སོང་བ་རེད།
- བུ་ཆུང་བ་ནོར་བ་དོན་འགྲུབ་གྱིས།
- ཁོ་བྱ་མུ་གེ་ཅོ་རེ་ཡི་རྗེས་ལ་འགྲོ་དགོས་ཟེར།
- ཁོ་ཡིས་དེ་ནས་ཟ་རྒྱུ་འཁུར་ནས།
- ཡང་ཕྱིར་ལུང་བ་ནང་ལ་ཡོང་ནས་ཟ་མ་ཚར་སོང་།
- ཁོག་ལ་ཚ་བ་འཕྱུར་ནས་ཡོང་།
- དེ་ནས་ལུང་བ་དེའི་མདོ་ལ་ཡོང་དུས།
- ཁོ་ཚོའི་བསང་ཁྲི་ཕུལ་ས།
- ལུང་བ་རེ་རེ་ཡི་མདོ་ནས་ཁོ་ཚོ་སོ་སོ་ཡིས་བསང་ཁྲི་བཅོས་ནས་བསང་ཕུལ་བ་ཡིན།
- གཞན་གཉིས་ཀྱིས་བསང་ཁྲི་ཐོག་ན་བསང་ཁྲི་གཤིག་ཡོད།
- ཁོ་ཡི་བསང་ཁྲི་སྟེང་ན་རྒྱ་ཡར་འགྲོ་ཡར་ནས་ཕུལ་ཏེ།
- མར་འགྲོ་མར་གྱིས་ཕུལ་ནས་བསང་ཆད་མེད།
- དེ་ནས་འདི་ཅི་ཡིན་འདོད་ནས།
- དེ་ནས་བྱ་མུ་གེ་ཅོ་རེ་ཡོད་སའི་ས་ཆ་དེ་བྲིས་ནས་སོང་དུས།
- ལམ་ཞིག་ན་བྱིས་པ་ཆ་གཅིག་གིས་རྡུང་རེས་བརྒྱག་བཞིན་ཡོད།
- ཅ་ནེ་ཞིག་རྩད་ནས་རྡུང་རེས་བརྒྱག་བཞིན་ཡོད།
- དེ་ནས་ཁྱོད་ཚོའི་འདི་ཅི་རེད་ཟེར་དུས།
- འདི་ཅི་འདོད་ཅ་ནེ་ཟེར་བ་ཞིག་ཡོད་ནི་རེད།
- འདིའི་ནང་ནས་ཡིད་ལ་ཤར་ཤར་ཚང་མ་གྲུབ་ནས་ཡོང་བ་རེད།
- ང་ཚོས་འདི་རྩོད་བཞིན་ཡོད་ཟེར།
- དེ་ང་ཚོའི་ས་ཆ་ན་མང།
- ཁྱོད་ཚོས་འདི་རྩད་ནས་རྡུང་རེས་བརྒྱག་མི་དགོས།
- ས་རྟགས་ཞིག་བཤད་ནས་གན་ན་སོང་སྟེ་ཁྱོད་ཚོས་རྒྱུགས་རེས་བྱས་ནས་ཤོག་དང་།
- སྔོན་ན་ཐོན་པ་ཡིན་ཟེར།
- དེ་ནས་བྱིས་པ་ཚོ་དེ་ལྟར་བྱས།
- ཁོ་ཡིས་ཅ་ནེ་ཁྱེར་ནས་བུད་ཡོང་།
- བྱིས་པ་ཚོའི་ལག་གི་ཅ་ནེ་ཁོ་ཡིས་ཁྱེར་ནས་བུད་སོང་།
- དེ་ནས་ཡོང་དུས་བྱིས་པ་འགའ་ཞིག་གིས་རྡུང་རེས་བྱེད་བཞིན་ཡོད།
- ཡང་བལྟས་པས་དབྱིག་པ་ཞིག་རྩོད་བཞིན་ཡོད།
- ཁྱོད་ཚོའི་འདི་ཅི་ཡིན་ཟེར།
- འདི་ཅི་ཞིག་གི་དབྱིག་པ་ཁྲ་རིས་ཡིན་ནམ།
- ཅི་ཞིག་གི་དབྱིག་པ་ཁྲ་རིས་ཡིན་ནི་རེད།
- འདི་ཅི་ཞིག་ཡིན་ནམ།
- བྲག་ལ་འཕངས་ན་བྲག་ཐབ་ཉན་པ་རེད།
- ཆུ་ལ་འཕངས་ན་ཟམ་པ་ཉན་ནི་རེད།
- དེ་རིང་ལྷ་འདྲེ་གཉིས་ཀྱི་གང་ཡིན་ན།
- ཁྱོས་འདི་སྲུང་ནས་སྡོད་ཟེར་ནས་འདབས་ནས་བསྐྱུར་ན།
- དེ་སྲུང་ནས་འདུག་པ་རེད།
- དེ་རྩ་ཆེན་ཞིག་ཡིན་པས་ང་ཚོས་འདི་རྩོད་བཞིན་ཡོད་ཟེར།
- དེ་འདྲ་ང་ཚོའི་ས་ཆ་ན་མང་པོ་ཡིན་ཟེར།
- ཕ་རོལ་ཞིག་བསྟན་ནས།
- ཁྱོད་ཚོ་གན་ན་སོང་ནས་ཕྱིར་རྒྱུགས་རེས་བྱས་ནས་ཤོག་དང་།
- སྔོན་ན་ཐོན་པ་དེ་ཡིན་ཟེར།
- འགྲོ་རུ་བཅུག་ནས་ཁོ་ཡིས་དེ་ཁྱེར་ནས་བྲོས་ནས་བུད་ཡོང་།
- དེ་ཁྱེར་ནས་བྱ་མུ་གེ་ཅོ་རེ་ཡོད་སའི་ས་ཆ།
- དེ་དྲིས་ནས་ཡོང་དུས་ས་ཆ་དེར་ཐོན་པ་ཡིན།
- ཐོན་དུས་བྱ་མུ་གེ་ཅོ་རེ་སློང་དུ་ཡོང་བ་ཡིན་ཟེར་ནས།
- མཁར་ཞིག་སྐོར་ཡོད།
- ནགས་ཚལ་ཞིག་ན་མཁར་ཞིག་བསྐོར་ཡོད།
- མཁར་དེའི་སྒོ་ན་སྒོ་སྲུང་ལམ་ལུང་ཞིག་ཡོད།
- ལམ་ལུང་ཞིག་སྒོ་སྲུང་རེད།
- ལམ་ལུང་དེར་ཁོར་བྱ་མུ་གེ་ཅོ་རེ་དགོས་ཟེར་བས་མི་སྟེར་ཟེར།
- དེ་ནས་ཁྱོས་བྱ་མུ་གེ་ཅོ་རེ་མི་སྟེར་ན།
- ངས་བྱ་མུ་གེ་ཅོ་རེ་ལོས་ཁྱེར་ཁྱོད་ཀྱང་ཁྱེར་རྒྱུ་ཡིན་ཟེར།
- དབྱིག་པ་དེར་ཁྱོས་འདི་སྲུང་ནས་སྡོད་ཟེར་ནས།
- ཁོ་ཡར་ལ་མཁར་དེའི་ནང་ལ་འགྲོ་རྒྱུ་ཟེར་ནས།
- སྒོ་འབྱེད་རྒྱུ་ཟེར་ནས་ཡར་ལ་སོང་།
- ལྷ་མོ་དེ་ཡར་ལ་ལངས་ནས་རྗེས་ལ་རྒྱུགས་འདོད་དུས།
- མོ་ལངས་རྒྱུ་མ་བྱུང།
- དེ་ནས་ལྷ་མོ་དེས་འདི་རང་བཞིན་ཞིག་མ་རེད་འདོད་ནས།
- ཁྱོད་ཕྱིར་ཤོག་ལ་ངས་ཁྱོད་བྱ་མུ་གེ་ཅོ་རེ་སྟེར།
- ངས་ཁྱོད་ལྡེ་མིག་སྟེར་ཟེར།
- ཡ་ཟེར་ནས་ཕྱིར་ཡོང་།
- ལྡེ་མིག་ཅིག་བྱིན་ནས།
- ཁྱོས་ཤིང་གི་ལྡེ་མིག་གིས་ཤིང་གི་སྒོ་ཕྱེ།
- དུང་གི་ལྡེ་མིག་གིས་དུང་གི་སྒོ་ཕྱེ།
- ལྕགས་ཀྱིས་ལྡེ་མིག་གིས་ལྕགས་ཀྱི་སྒོ་ཕྱེ།
- གསེར་གྱི་ལྡེ་མིག་གིས་གསེར་གྱི་སྒོ་ཕྱེ་ནས་སོང་ན།
- ཡར་ལ་ནགས་ཚལ་ནང་ལ་ཐོན་པ་རེད།
- ནགས་དེའི་མཐའ་ལ་མཁར་བསྐོར་ཡོད།
- ཁྱོད་ནགས་ཚལ་དེའི་ནང་ལ་བུད་ན་མཚོ་ཞིག་ཡོད།
- དེའི་ཁ་ནས་སོང་ན་སྡོང་བོ་སྣ་མ་སྣ་ཚོགས་ཀྱིས་མགོ་ན།
- བྱ་བྱེའུ་སྣ་མ་སྣ་ཚོགས་ཀྱིས།
- ང་བྱ་མུ་གེ་ཅོ་རེ་ཡིན་ཟེར་ནས།
- ཁྱོད་ཀྱི་མགོར་འབབ་རྒྱུ་ཟེར་བ་དེའི་རིགས་མིན།
- མཚོ་ཡི་ཡར་ལ་སོང་ན་ཙན་དན་གྱི་སྡོང་བོ་ཡི་མགོ་ན།
- བྱ་ཐར་ལོག་ཞིག་གིས།
- ང་བྱ་མུ་གེ་ཅོ་རེ་མིན་ཟེར་ནས།
- སྡོང་བོ་ཡི་ཡར་ལ་འགོས་ནས་འགྲོ་བ་དེ་ཡིན།
- ལྷ་བྱ་གཡང་བྱ་བོ་ཁྱོད་ངའི་མགོར་འབབ་རྒྱུ་མིན་ན།
- ངས་སྡོང་བོ་གཅོད་རྒྱུ་ཞེས་བཤད་ན་ཁྱོད་ཀྱི་མགོར་འབབ་ཞེས་དེ་ལྟར་བཤད།
- ཡ་ཟེར་ནས་ཁོ་ཡིས་བཙལ་ནས་སོང་བས།
- སྡོང་བོ་དེ་དང་འཕྲད་པ་རེད།
- ཙན་དན་གྱི་སྡོང་བོ་དེར།
- བྱ་གང་ཡག་གི་རིགས་ཀྱིས།
- ང་ཚོ་བྱ་མུ་གེ་ཅོ་རེ་ཡིན་ཟེར་ནས་ཁོ་ཡི་མགོར་འབབ་པ་བྱས།
- ཁ་ཡ་མ་བྱས་པར་སོང་ནས་ཁོ་ཡིས་སྡོང་བོ་དེ་རྙེད་པ་རེད།
- བྱ་ཐ་ལོག་ཅིག་གིས་ཁོ་བྱ་མུ་གེ་ཅོ་རེ་མིན་ཟེར་ནས།
- སྡོང་བོའི་སྟེང་ནས་ཡར་ལ་འགོས་ནས་སོང་ནས།
- ལྷ་བྱ་གཡང་བྱ་བོ་ཁྱོད་ངའི་མགོར་འབབ་རྒྱུ་མིན་ན།
- ངས་གཅོད་རྒྱུ་ཟེར་བས་ཁོའི་མགོར་བབས་པ་ཡིན།
- ཁྱོས་མ་གཅོད་ད་ང་ཡོང་ཟེར།
- དེ་ནས་ཁོ་ཡིས་མགོར་བབས་པ་རེད།
- བབས་ནས་ཁོ་ཡིས་མགོ་སྐྱོར་ནས་སྒོར་ཡོང་སྟེ།
- ཕྱིར་ཟྭ་རྒྱག་བཞིན་སྒོར་ཡོང་།
- སྒོར་ཡོང་ནས་ལྷ་མོ་ཁྱོད་ཀྱང་།
- ཁོའི་བཙུན་མོར་འགྲོ་དགོས་ཟེར་ནས།
- ལྷ་མོ་འང་ཁྲིད་ནས་བྱ་མུ་གེ་ཅོ་རེ་ཡང་ཁྱེར་ནས་འོང་།
- ཡོང་དུས་ཁོ་ཡི་སྤུན་གཉིས་གང་ན་ཡོད་སྙམ་ནས།
- དེའི་རྩད་བཅད་ནས་དེ་བཙལ་ནས་སོང་བས།
- སྤུན་གཉིས་ཀ་ལམ་ནང་ན་སྡོམ་ནས་འགྲོ་བཞིན་འདུག
- དེ་གཉིས་ཀ་རྙེད་ནས་ཁོ་ཡི་སྤུན་གཉིས་རྙེད་ནས།
- ཁོ་ཚོ་དགའ་ནས་བྱ་མུ་གེ་ཅོ་རེ་ཡང་ལག་ལ་ཐོབ་ཡོད།
- དེ་ནས་ཁོ་ཚོ་རྨ་ཆུ་ཁར་ཡོང་དུས།
- ཁོ་ཚོ་ལོ་དགུ་འགོར་ཡོད།
- ཨ་ཕས་རྨ་ཆུ་ལ་དུང་ཟམ་འཕངས་ཡོད།
- དེ་ནས་ཁོ་ཚོ་ས་རུབ་ནས་རྨ་ཆུའི་ཕ་རོལ་ནས་ཞག་གིས་བསྡད།
- ཁོ་ཚོ་ཁ་ནས་ཞག་གིས་བསྡད།
- དེ་ནས་དགའ་ནས་བུ་ཆུང་བ་ནོར་བུ་དོན་འགྲུབ་དགའ་ནས།
- བྱ་མུ་གེ་ཅོ་རེ་ལག་ཏུ་ཐོབ་ཡོད།
- ཅི་འདོད་ཅ་ནེ་ལག་ཏུ་ཐོབ་ཡོད།
- དབྱིག་པ་རྩ་ཆེན་དེ་ལག་ཏུ་ཐོབ་ཡོད།
- འཕྲོད་སོང་ནི་རེད་འདོད་ནས།
- དོན་དག་འགྲུབ་ཐལ་འདོད་ནས་དགའ།
- ཁོ་ཡིས་སང་ཉིན་སོང་ན་ཡུལ་ལ་ཐོན་ན།
- ཨ་ཕ་ལ་འདི་ལྟར་ཁ་བརྡ་ཡོད།
- གན་ལྟར་ཁ་བརྡ་ཡོད་འདོད་ནས་དགའ།
- ཁོ་ཡིས་དེར་འདང་རྒྱབ་ནས་དགོང་མོ་ཁོ་གཉིད་མ་ཡོང་།
- ཁོ་ཡི་སྤུན་གཉིས་ཀྱིས་ནངས་དགོང་ཞིག་ལ།
- གཅིག་གིས་ཨ་རོད་སྤུན་ཆུང་གཉིད་ཨེ་ཡོད་དམ་ཟེར།
- གཞན་གཅིག་གིས་ད་ཡོད་རྒྱུ་རེད་ཟེར།
- སང་ཉིན་ངེད་གཉིས་ཀྱིས་ཅི་བྱེད་ཟེར།
- སང་ཉིན་ནངས་མོར་ཁྱོད་རྩ་ཆེན་ཡིན།
- ཆུ་ནང་ལ་ལྷུང་བ་ཟེར་ནས།
- བུ་ཆུང་བ་ནོར་བུ་དོན་འགྲུབ་རྗེས་ནས་བསྐྱུར།
- ལྷ་མོ་དང་ཅ་ནེ། དབྱིག་པ་དང་བྱ་མུ་གེ་ཅོ་རེ་ཕ་རོལ་ལ་ཁྱེར་ནས།
- ཕྱིར་ཡོང་སྟེ་ཁོ་ཁྲིད་ནས་ཡོང་སྟེ།
- ངེད་གཉིས་ཀྱིས་རྨ་ཆུ་ཡི་དཀྱིལ་ནས་ཆུ་ནང་ལ་འཕེན་ཟེར།།
- ཁོ་གཉིས་ཀྱིས་གྲོས་དེ་བྱས།
- དེ་ཁོ་ཡིས་མཉམ་མ་བཞག་པར།
- སང་ཉིན་ཨ་ཕ་འདི་ལྟར་ཁ་བརྡ་བྱེད་རྒྱུ།
- ཁོ་ཡིས་དེར་བསམ་བློ་བཏང་ནས།
- ཁོ་གཉིས་ཀྱིས་ཅི་བཤད་པར་མཉམ་མ་བཞག་པ་རེད།
- ཁོ་ཡི་རྣ་ལམ་ནས་ཡོད་པ་མ་གཏོགས།
- ནངས་མོར་འགྲོ་ཟེར་ནས་ཁོ་ཚོ་ལམ་ལ་ཆས་ཏེ།
- ཁྱོད་ཚོ་རྩ་ཆེན་ཡིན་ནི་རེད།
- ཁྱོད་ཚོ་ཆུ་ནང་ལ་ལྷུང་དོགས་བྱོས།
- བུ་ཆུང་བ་ནོར་བུ་དོན་འགྲུབ་ལ་ཁྱོད་འདི་ནས་སྡོད།
- ངེད་གཉིས་ཀྱིས་འདི་ཚང་མ་ཕ་རོལ་ལ་སྐྱེལ་ནས།
- ཁྱོད་ཀྱི་རྗེས་ལ་ཕྱིར་ཡོང་ཟེར།
- དེ་ཚང་མ་ཕ་རོལ་ལ་སྐྱེལ་ནས་ཁོ་ཡི་རྗེས་ལ་ཕྱིར་ཡོང་།
- ཁོ་ཡི་གཡས་གཡོན་ནས་སྐྱོར་ཏེ།
- ང་སྐྱོར་མི་དགོས།
- ང་འདི་ལྟར་སོང་ན་ཆོག
- ང་སྐྱོར་མི་དགོས་ཟེར་དུས་ཁྱོད་རྩ་ཆེན་ཡིན་ནི་རེད།
- ཆུ་ནང་ལ་ལྷུང་དོགས་བྱོས།
- ཁོ་ཡིས་ཆུ་ཡི་ཕ་རོལ་ཚུལ་རོལ་ནས་སྐྱོར་ཏེ།
- སྐྱོར་ནས་འགྲོ་དུས་ཁོ་ཡི་ཡིད་ལ་དྲན་པ་རེད།
- འདི་གཉིས་ཀྱིས་ཁ་བརྡ་འདི་འདྲ་ཞིག་བྱས་པ།
- ཁོ་ཡི་རྣ་ལམ་ན་འདི་འདྲ་ཞིག་ཡོད་གི
- འདི་གཉིས་ཀྱིས་བྱ་སྤྱོད་བཙོག་གི
- མདང་དགོང་རྣ་ལམ་ཞིག་ན་ཡོད་གི
- འདི་གཉིས་ཀྱིས་ཁ་བརྡ་འདི་འདྲ་ཞིག་བྱས་ཡོད་གི
- འདི་གཉིད་ལམ་མ་རེད་འདོད་དེ།
- ཨ་རོད་གཉིས་ཀ་ཁྱོད་གཉིས་ཀྱིས་སེམས་ན་ཤར་བ་ངས་ཤེས་བ་རེད།
- ཁྱོད་གཉིས་ཀྱིས་དེ་ལྟར་མ་བྱེད།
- ང་ཚོ་མ་གཅིག་གི་བྱང་ཁོག་བརྒྱུད་ནི་རེད།
- ཁྱོད་གཉིས་ཀྱིས་དེ་ལྟར་མ་བྱེད།
- མ་གཅིག་གི་བྱ་ཁ་བྱང་ཁོག་མ་ཤེས་ཟེར་ནས།
- གཉིས་ཀས་མཉམ་དུ་བུ་ཆུང་བ་ནོར་བུ་དོན་འགྲུབ།
- ཆུ་ནང་ལ་གཡུགས་པ་རེད།
- ཆུ་ནང་ལ་གཡུགས་ནས་དེ་ནས་ཁོ་གཉིས་བྱ་མུ་གེ་ཅོ་རེ་དང་།
- ལྷ་མོ་དང་ཅ་ནེ་དབྱུག་པ་ཚང་མ་ཁོ་གཉིས་ཀྱིས་ཁྱེར་ནས།
- ཁོ་གཉིས་ཀྱིས་ལག་ལ་ཡོང་བ་བྱས་ནས་ཡུལ་ལ་ཐོན་པ་རེད།
- ཡུལ་ལ་ཡོང་ནས།
- བུ་ཆུང་བ་ནོར་བུ་དོན་འགྲུབ་ཁོང་གཉིས་ཀྱིས་མ་ཤེས་མ་ཐུག་ཟེར།
- ལྷ་མོ་ཡིས་ཁ་མི་གྲགས།
- གཅིག་ཀྱང་མ་བཤད་པ་རེད།
- ལྷ་མོ་སེམས་སྡུག་བྱས་ནས་དགོད་རྒྱུ་ཞིག་མེད་གི
- བྱ་མུ་གེ་ཅོ་རེ་ཡང་ཁོ་ཚོའི་ས་ཆ་དེར་ཐོན་ན།
- བྱ་མུ་གེ་ཅོ་རེ་གྲགས་དགོས།
- གྲགས་ན་ས་ཆ་དེར་བཅུད་འཛུལ་བ་དེ་འདྲ་ཞིག་རེད།
- མ་གྲགས་པ་རེད།
- དེ་ནས་རྒྱལ་བོ་ཤིིང་ཁྲི་བཙན་པོ་ཡིས་སེམས་སྡུག་བྱས་ནས།
- ངའི་བུ་ཆུང་བ་ནོར་བུ་དོན་འགྲུབ་རང་བཞིན་གྱི་བུ་ཞིག་མ་རེད།
- དེ་ཅི་ཞིག་ཡིན་ནམ་ཟེར་ནས་སེམས་སྡུག་བྱས།
- དེ་ནས་བུ་ཆུང་བ་ནོར་བུ་དོན་འགྲུབ།
- རྨ་ཆུའི་ནང་ལ་འཕངས་བ་རེད།
- འཁུར་ནས་སོང་ནས་ཡང་ས་ཆ་གཞན་པ་ཞིག་གི།
- རྒྱལ་བོ་ཞིག་ལ་ཡང་རྒྱལ་ས་འཛིན་མཁན།
- སྲས་མེད་པར་བསྡད་ཡོད་པའི་དེ་འདྲའི་ས་ཆ་ཞིག་ཡོད།
- དེ་ཚང་གི་རྒྱལ་བོ་ཡི་སྲས་མོ་ལས་མེད།
- སྲས་མོ་དེ་རང་བཞིན་ཞིག་མིན་པར་ལྷ་མོ་ཞིག་ཡིན།
- དེ་ཉིན་ཞིག་ལ་ཆུ་ལ་ཡོང་།
- ཆུ་ལ་ཡོང་བ་དེ་དང་།
- བུ་ཆུང་བ་ནོར་བུ་དོན་འགྲུབ་ཆུས་འཁུར་ཡོང་བར་ཐུག་ནས།
- མོ་ཡིས་ཆུ་བཅུས་ནས་བསྡད་ཡོད་དུས།
- ཆུ་ཡིས་དཀྱིལ་དུ་ཁྲ་ལམ་མེར་དང་འོད་ལམ་མེར་འཁུར་ནས་ཡོང་བ་ཡིན།
- མཐའ་ལ་ཐོན་དུས་མི་ཞིག་ཡིན་ནི་རེད།
- མྱུར་དུ་ཆུ་ཡི་ནང་ལ་ཆུ་སྐྱོགས་བསྲིང་ནས།
- ཁོ་ཆུ་སྐྱོགས་ལ་འབྱར་ནས་མོས་ཆུ་སྐྱོགས་འཐེན་ནས་ཁོ་བླངས་པ་ཡིན།
- མོ་ཡིས་བླངས་ནས།
- མོ་ཡིས་གྱོན་པ་དགུ་བརྩེགས་གོན་ཡོད།
- གོན་པ་ཐོག་ལྭ་ཞིག་ཕུད་ནས་ཁོ་ལ་གོན་ནས།
- ང་སོང་ནས་རྒྱལ་བོ་ལ་ཡར་ཞུ་ཞིག་བྱེད།
- ཁྱོད་འདི་ནས་སྡོད་ཟེར་ནས།
- མོ་ཡིས་ཆུ་འཁུར་ནས་སོང་ནས་ཆུ་བཞག་རྗེས།
- རྒྱལ་བོ་ལ་འདི་ལྟར་རྨ་ཆུའི་ནང་ནས།
- འདི་ལྟར་མི་ཞིག་ཆུས་འཁུར་ནས་ཡོང་ཡོད།
- ང་སོང་ནས་གན་ན་ཆུ་ཞིག་བླུད་ན་ཨེ་ཆོག་ཟེར།
- དེ་ཆོག་ཟེར།
- ཆུ་སྣོད་ཅིག་གི་ནང་དུ་ཆུ་སྐོལ་ཞིག་ཁྱེར་ནས།
- རྩམ་པ་ཁུག་མ་གང་ཁྱེར་ནས་ཡོང་དུས།
- མོ་ཡིས་ཆུ་ཞིག་བླུད་ནས།
- དེ་ནས་ཆུ་ཞིག་འཐུང་ནས།
- བུ་ཆུང་བ་ནོར་བུ་དོན་འགྲུབ་ཀྱིས་ཁྱོས་ཆུ་སྣོད་དེ་བཟུང་ཟེར།
- ཡ་ཟེར་ནས་ཆུ་སྣོད་དེ་བཟུང་དུས།
- ཁོའི་མགོ་ཡི་སྐྲ་ཆུ་སྣོད་ཀྱི་ནང་དུ་སྤུགས་དུས།
- གསེར་ནག་ཆུ་སྣོད་བཀང་བབས་པ་ཡིན།
- མགོ་ཡི་སྐྲ་ཡི་གསེང་ནས།
- དེ་བྱ་མུ་གེ་ཅོ་རེ་ཡི་རྟིབ་ཁ་རེད།
- བྱ་མུ་གེ་ཅོ་རེ་ཡི་རྟིབ་ཁ་ཡང་གསེར་ནག་ཡིན་པ།
- དེ་འདྲའི་རྩ་ཆེན་ཞིག་རེད།
- གསེར་ནག་ཆུ་སྣོད་བཀང་བབས་པ་རེད།
- ཆུ་སྣོད་བཀང་བོ་རྒྱལ་བོར་ངས་སྟེར་གི་ཟེར་ནས་རྒྱལ་བོར་བྱིན།
- དེ་ནས་ཡ་ཟེར་ནས་མོ་ཡིས་གསེར་ནག་ཆུ་སྣོད་བཀང་བོ་ཁྱེར་ནས་སོང་སྟེ།
- རྒྱལ་བོ་ལ་ཆུས་འཁུར་ནས་ཡོང་བ་དེས།
- གསེར་ནག་ཆུ་སྣོད་བཀང་བོ་འདི་ཁྱོད་སྟེར་ཟེར།
- འདི་རང་བཞིན་གྱི་མི་ཞིག་མ་རེད།
- འདི་ཁྱོད་སོང་ལ་ཁྲིད་ནས་ཤོག་ཟེར།
- ཡ་ཟེར་ནས་དེ་ནས་བཙུན་མོ་སོང་ནས།
- རྒྱལ་བོ་ཡིས་ཁྱོད་ཁོའི་མདུན་ན་ཤོག་ཟེར།
- དེ་ནས་ཁོ་ཁྲིད་ནས་རྒྱལ་བོ་ཡི་མདུན་ན་སོང་།
- སོང་དུས་ཁྱོད་ཅི་ཞིག་ཡིན་ཟེར་ནས་རྒྱལ་བོ་ཡིས་རྒྱུ་མཚན་དྲིས་དུས།
- ང་འདི་ལྟར་བུ་ཆུང་བ་ནོར་བུ་དོན་འགྲུབ་ཡིན།
- རྒྱལ་བོ་ཤིང་ཁྲི་བཙན་པོ་ཡི་བུ་ཆུང་བོ་ཡིན།
- བྱ་མུ་གེ་ཅོ་རེ་ཡི་རྗེས་ལ་སོང་ནས།
- ཁོ་ཁོའི་སྤུན་གཉིས་ཀྱིས་འདི་ལྟར་ཆུ་ནང་ལ་འཕངས་བ་རེད།
- དེ་ལྟར་བཤད་ནས་ཁོ་ཡིས་རྒྱུ་མཚན་དྲང་མོར་བཤད་པ་རེད།
- བཤད་དུས་རྒྱལ་བོ་དགའ་ནས་འཕྲོད་སོང་ནི་རེད།
- རྒྱལ་ས་འཛིན་མཁན་མེད་པར།
- སྲས་མོ་ཞིག་ལས་སྲས་མེད་པར།
- འདི་ན་ཆོས་ཀྱིས་ངོས་ན།
- ཆོས་ཀྱི་ངོས་ན་མཐའ་མཇུག་ཅིག་ལ།
- རྒྱལ་ས་བུ་ཆུང་བ་ནོར་བུ་དོན་འགྲུབ་ཟེར་བ།
- རྒྱལ་བོ་ཤིང་ཁྲི་བཙན་པོ་ཡི་བུ་ཆུང་བ་ནོར་བུ་དོན་འགྲུབ་ཀྱིས།
- རྒྱལ་ས་འཛིན་ཞེས་ཆོས་ཀྱི་ངོས་ན་བཤད་ཡོད།
- དེ་ནས་ད་ཐེངས་བུ་ཆུང་བ།
- ནོར་བུ་དོན་འགྲུབ་སློང་གི་བློན་པོ་ཚང་མ་ཕེབས་སོང་།
- བུད་སོང་ད་འཕྲོད་སོང་།
- བུ་ཆུང་བ་ནོར་བུ་དོན་འགྲུབ་འདི་ལྟར་བུད་ཡོང་ན་འཕྲོད་སོང་ནི་རེད།
- རྒྱལ་བོ་ཤིང་ཁྲི་ཐོག་ནས་བཞུགས་ཏེ།
- བུ་ཆུང་བ་ནོར་བུ་དོན་འགྲུབ་གསེར་ཁྲི་ཐོག་ལ་ཕུད་དེ།
- དེ་ནས་རྒྱལ་བོ་དགའ་ནས་དེ་ལྟར་བྱས།
- དེ་ནས་མག་པར་བསྡད་ནས་ལོ་གསུམ་ལ་དེ་ནས་བསྡད།
- ཡང་བྱིས་པ་ཞིག་ཡོད།
- བྱིས་པ་བུ་ཞིག་སྐྱེས་ནས་བུ་དེ་ལོ་གསུམ་འགོར་རག་བར་དུ་བསྡད།
- ལོ་གསུམ་ན་བུད་དུས་ཁོ་འགྲོ་དགོས།
- ཁོའི་ཨ་ཕས་སེམས་ཁུར་བྱེད་ཀྱིན་ཡོད།
- ཁོ་འགྲོ་དགོས་ཟེར།
- ཁོ་སློང་དུ་སོང་བའི་བློན་པོ་ཚང་མ་ཕྱིར་ཐོན་པ་རེད།
- བུ་ཆུང་བ་ནོར་བུ་དོན་འགྲུབ།
- བྱ་མུ་གེ་ཅོ་རེ་ཡི་རྗེས་ལ་སོང་ནས་མ་ཡོང་བ་རེད།
- བུ་ཆེ་བ་གཉིས་ཀྱིས་བྱ་མུ་གེ་ཅོ་རེ་དེ་ལྟར་ཁྱེར་ཡོང་བ་རེད།
- རྒྱལ་བོ་ཤིང་ཁྲི་བཙན་པོས་སེམས་སྡུག་བྱས་ནས།
- རྒྱལ་བོ་ཤིང་ཁྲི་བཙན་པོ་སྨྱོས་ཡོད་ཟེར།
- ཁོ་སློང་དུ་སོང་བ་ཚོས་དེ་ལྟར་བཤད།
- དེ་ནས་རྒྱལ་བོ་ཡིས་ང་ཚོའི་ལག་ལ།
- བུ་ཆུང་བ་ནོར་བུ་དོན་འགྲུབ་ང་ཚོའི་ལག་ཏུ་ཆུད་ཡོད།
- དེ་ལྟར་བཤད་ནས་རྒྱལ་བོ་དགའ་ནས་བསྡད།
- དེ་ནས་ལོ་གསུམ་འགོར་སོང་།
- བུ་ཡང་ལོ་གསུམ་ལ་ཐོན་ཡོད།
- རྒྱལ་བོའི་རྒྱལ་ས་འཛིན་མཁན་ཡོད་པ་འདི་རེད།
- སྲས་ཤིག་ཡོད་ལ་ཁོ་ཡང་འདུག་ན་མི་ཆོག
- ངའི་ཨ་ཕ་སྨྱོས་ཡོད་གི་ཟེར་བ་དེ་རེད།
- ཁོ་འགྲོ་དགོས་ཟེར།
- དེ་ནས་ཡ་ཁྱོད་འགྲོ་ན་ཁྱོད་ལ་ཁག་མེད་གི་ཟེར།
- ཁྱོད་འགྲོ་ན་སོང་ཟེར་ནས།
- ཁྱོད་དམག་ཐོག་གིས་སྐྱེལ་མ་བྱེད་རྒྱུ་ཟེར།
- དམག་ཐོག་གིས་སྐྱེལ་ན།
- རྒྱལ་བོ་གཉིས་ཀ་ཐུག་ན་ཐང་།
- ཁོ་སྔོན་ན་འགྲོ་ཟེར་ནས།
- ཁོ་རྟ་དཀར་པོ་དུང་འདྲ་བ་ཞིག་ལ་ཞོན་ནས།
- མེ་མདའ་འཁུར་ནས་ཚ་རུ་གོན་ནས།
- ཁོ་སྔོན་ན་འོང་།
- ཁོ་ཡི་རྗེས་ནས་ཁོ་ཡི་སྐྱེལ་མ་འོང་།
- དེ་ནས་ཡོང་བའི་ཉིན་དེར།
- རྒྱལ་བོ་ཡིས་ཁོ་དག་དག་དྲན་ནས།
- ཁོ་ཚོས་ཀྱང་རྒྱལ་བོ་སྨྱོས་ནས་མི་ཐུབ་གི
- ང་ཚོས་རྒྱལ་བོ་གསོད་ཟེར་ནས།
- གསོད་རྩིས་བྱས།
- ཁ་ཅིག་གིས་དེ་རིང་སྔ་དྲོ་གསོད་ཟེར།
- ཁ་ཅིག་གིས་ཕྱི་དྲོ་ཐོན་རག་བར་དུ་འདུག་ཟེར།
- རྒྱལ་བོ་ཡིས་ཁ་ལེན་ན།
- བཤད་ན་ཡང་བུ་ཆུང་བ་ནོར་བུ་དོན་འགྲུབ་ཐོན་བཏང་ཐོན་བཏང་།
- འདི་འདྲའི་ངོས་ན་རྟ་དཀར་དཀར་དུང་འདྲ་བ་ཞིག
- ཞོན་ནས་ཐོན་བཏང་དེ་དག་དག་ཟེར་བ་རེད།
- ད་ནངས་ལྷ་མོ་ཐེངས་གསུམ་ལ་བགད་པ་རེད།
- བྱ་མུ་གེ་ཅོ་རེ་ཡང་ཐེངས་གསུམ་ལ་གྲགས་པ་རེད།
- ང་ཚོར་དེ་རིང་བལྟ་རྒྱུ་ཞིག་ཡོད་གི
- དེ་རིང་སྔ་དྲོ་ང་ཚོས་བལྟ་དང་ཕྱི་དྲོ་གསོད་ཟེར་ནས།
- རྒྱལ་བོ་ཕྱི་དྲོ་བགྲོང་རྒྱུའི་ཐོག་ལ་བཞག་ནས།
- སྔ་དྲོ་དེ་ལྟར་བལྟས།
- ཉིན་མའི་གོང་ཞིག་ལ་བུ་ཆུང་བ་ནོར་བུ་དོན་འགྲུབ་ཀྱིས།
- རྟ་དཀར་པོ་དུང་འདྲ་བ་ཞིག་ལ་ཞོན་ནས་ཀི་སེང་སེང་ཞིག་བཏབ་ནས།
- དེ་ནས་བུ་ཆུང་བ་ནོར་བུ་དོན་འགྲུབ་ཐོན་དང་ཟེར་ནས།
- སེམས་ཅན་སྔོན་ན་རྒྱུགས་ཏེ་དགའ་ནས་དེ་ལྟར་བྱས།
- སྤུན་གཉིས་ཀྱིས་ངེད་གཉིས་ཐར་བ་ཡོད་ནི་མ་རེད་ཟེར་ནས།
- ཁོ་གཉིས་ཀྱིས་རང་སྲོག་བཅད་པ་རེད།
- བུ་ཆུང་བ་ནོར་བུ་དོན་འགྲུབ་ཐོན་དུས།
- ངེད་གཉིས་རྒྱལ་བོའི་ཅི་ཡང་མ་རེད་ཟེར་ནས།
- ཁོ་གཉིས་ཀྱིས་རང་སྲོག་བཅད།
- དེ་ནས་བུ་ཆུང་བ་ནོར་བུ་དོན་འགྲུབ་ཐོན་ནས།
- རྒྱལ་བོ་རང་བཞིན་གྱིས་དྲགས་སོང་།
- དྲགས་ནས་ཡོང་བས།
- ལྷ་མོ་ཡང་དགའ་ནས།
- བུ་ཆུང་བ་ནོར་བུ་དོན་འགྲུབ་ཀྱི་བཙུན་མོ་བྱས་ནས།
- ལྷ་མོ་ཡང་དགའ་ནས།
- བྱ་མུ་གེ་ཅོ་རེ་ཡང་།
- ནངས་གྲགས་གི་དགོང་གྲགས་ནས།
- ས་ཆ་དེར་ཕྱིར་བཅུད་འཛུལ་ནས།
- སྐྱིད་པོ་བདེ་མོ་བྱས་ནས་བསྡད་པ་རེད།