25 Sep 2014
4 min 51 sec
Video Overview
Creators:
Tibetan & Himalayan Library
ཁྱིམ་ཚང་ཞིག་གིས་མ་མོ་འདང་ཅན་ཞིག་ཡོད་པ་དེ་བསད་པས་ཁོ་ཚང་གི་ལུག་རྫི་སེམས་སྡུག་ནས་ལྷ་སར་འགྲོ་བའི་ལམ་བར་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད།
本段视频讲述了一位羊倌的主人宰杀了他最看好的一只母羊,由于伤心带着母羊的骨骼去拉萨,讲了他在一路上的故事。
这段视频简述了一位羊倌的主人宰杀了他最看好的,跟其他不一样一只母羊。由于伤心难过他带着母羊的骨骼去往拉萨朝拜,路上遇到了一只狼,想要吃掉他。但是聪明的兔子却帮助了他逃过了困境。这是一段人和动物并存的故事,充满了想像力。在每一段故事里兔子总是扮演着聪明的角色,狐狸是狡猾的,狼是卑劣的,故事赞美了兔子的智慧。
- Lhasa
- ས་ཆ་ཞིག་ན་ཁྱིམ་ཚང་ཕྱུག་པོ་ཚང་ཞིག་ཡོད།
- དེ་ཚང་ལ་ལུག་རྫི་གླ་བ་ཞིག་ཡོད།
- ཁོ་ཉིན་རྒྱུན་ལུག་རྫི་ལ་སོང་ན།
- དེའི་ནང་ན་མ་མོ་འདང་ཆེན་ཞིག་ཡོད་ནི་རེད།
- དེ་ལུག་རྫི་ཡི་འདང་ཆེན་ཡག་པོ་དེ་འདྲ་ཞིག་ཡིན།
- ཉིན་ཞིག་་་ཁོའི་མ་མོ་དེར་ལུ་གུ་ཞིག་ཀྱང་ཡོད།
- དེད་ནས་ཡོང་ནས།
- ཕྱི་དྲོ་ཞིག་ལ་དེད་ནས་ཡོང་དུས།
- ཕྱུག་པོ་དེ་ཚང་ལ་མགྲོན་པོ་གལ་ཆེན་ཞིག་ཐོན་ཡོད།
- དེ་རིང་མགྲོན་པོ་དེར་ལུག་ཅིག་བཤས་ནས་སྟོན་མོ་བྱེད་ཟེར་ནས།
- ལུག་ཅིག་བཤའ་རྒྱུ་ཟེར་ནས།
- མ་མོ་ཟས་སྐྱེད་ཐོ་ལོ་དེ་བཤའ་རྒྱུ་ཟེར།
- མ་མོ་ཟས་སྐྱེད་ཐོ་ལོ་འདི་མ་བཤའ།
- འདི་མ་མོ་ཡི་ནང་ནས་འདང་ཆེན་ངར་བ་ཞིག་ཡིན།
- མ་བཤའ་ཟེར་ནས་ལུག་གཞན་པ་ཞིག་ཅེས།
- ལུག་རྫི་ཡིས་དེ་ལྟར་བཤད་པས།
- ཁྱིམ་བདག་དེ་ཚང་ལ་བཀོད་པ་མེད་པར།
- མ་མོ་ཟས་སྐྱེད་ཐོ་ལོ་བཤའ་དགོས་ཟེར་ནས།
- མ་མོ་ཟས་སྐྱེད་ཐོ་ལོ་བཤས་པ་རེད།
- ལུག་རྫི་ཡིས་མ་མོ་ཟས་སྐྱེད་ཐོ་ལོ།
- མ་བཤའ་ཞེས་བཤད་ན་ཡང་བཀོད་པ་མེད་པ་རེད།
- ཁོ་ཚང་གིས་ལུག་རྫི་ལ་གཅེར་རྡུང་བྱས།
- མ་མོ་ཟས་སྐྱེད་ཐོ་ལོ་བཤས་པ་རེད།
- མ་མོ་ཟས་སྐྱེད་ཐོ་ལོ་བཤས་ནས།
- མ་མོ་ཟས་སྐྱེད་ཐོ་ལོ་ལ་མིག་ཆུ་ཡོང་ནས།
- སང་ཉིན་ང་བཤའ་རྒྱུ་རེད།
- ལུ་གུ་ལ་ཁྱོད་སྔོན་ན་མ་འགྲོ་བཤད་རྫོགས་རེད་ཟེར་ངེས།
- རྗེས་ནས་མ་འགྲོ་ནུ་རོ་རེད་ཟེར་ངེས།
- བར་མ་བར་ནས་སོང་ཟེར་ནས་མིག་ཆུ་བཞུར།
- ལུ་གུ་ལ་དེ་ལྟར་བཤད།
- དེའི་ཕྱི་ཉིན་མ་མོ་ཟས་སྐྱེད་ཐོ་ལོ་བཤས་ནས།
- དེ་ཚང་གིས་གསོལ་སྟོན་བྱས།
- མགྲོན་པོ་ལ་དེ་ལྟར་མགྲོན་བྱས།
- དེ་ནས་ལུག་རྫི་ལ་མིག་ཆུ་བཞུར་ནས་མ་ཎི་བཏོན།
- མ་མོ་ཟས་སྐྱེད་ཐོ་ལོ་ཡི་རུས་པ་གཅིག་ཀྱང་མ་བཞག་པར།
- རྩམ་ཁུག་ཅིག་གི་ནང་དུ་བཏུས་ནས།
- ཁྱོད་ཚང་གི་མ་མོ་ཟས་སྐྱེད་ཐོ་ལོ་ཡི་རུས་པ་འདི།
- སྟོད་ཉི་མ་ལྷ་སར་འཁུར་ནས་འགྲོ་རྒྱུ་ཟེར་ནས།
- མ་མོ་ཟས་སྐྱེད་ཐོ་ལོ་ཡི་རུས་པ་འཁུར་ནས།
- ཁོ་ངུ་བཞིན་ངུ་བཞིན་དབུས་ལ་སོང་།
- དབུས་ལ་སོང་དུས་ཨ་མ་རི་བོང་ཞིག་ལ་ཐུག
- གསར་བུ་ཁྱོད་ཅི་ཞིག་ལ་ངུ་བ་ཡིན་ཟེར།
- ང་འདི་ལྟར་མ་མོ་ཟས་སྐྱེད་ཐོ་ལོ་ཟེར་བ་ཞིག་ཡོད།
- མ་མོ་འདང་ཆེན་ཞིག་ཡིན་པ་འདི་བཤས་བ་རེད།
- འདིའི་རུས་པ་འཁུར་ནས།
- ང་སྟོད་ཉི་མ་ལྷ་སར་མཇལ་དུ་འགྲོ་བ་ཡིན་ཟེར།
- ཁྱོད་མ་ངུ་ལ་རོགས་བྱེད་དགོས་ན་ང་ལ་ཤོད་དང་།
- ངས་ཁྱོད་ལ་རོགས་བྱེད་ཟེར།
- ཡ་ཟེར་ནས་ཁོ་ཕ་རོལ་ཞིག་ལ་སོང་དུས་སྤྱང་ཀི་ཞིག་དང་འཕྲད།
- ཨ་ཁུ་སྤྱང་ཀི་ཞིག་དང་འཕྲད་པས།
- ཨ་ཁུ་སྤྱང་ཀི་ཡིས་ངས་ཁྱོད་འཆའ་དགོས་བ་རེད་ལ།
- སྤྱང་ཀི་ལོ་ལོ་ཁྱོད་ཀྱིས་ང་ད་ཐེངས་མ་འཆའ།
- ང་སྟོད་ཉི་མ་ལྷ་སར་སོང་ནས་མཇལ་ཏེ།
- ཕྱིར་ཡོང་དུས་ཁྱོད་ཀྱིས་ང་འཆོ་ཟེར།
- ཡ་དེ་ཆོག་གི་ངས་ཁྱོད་སྒུག་ནས་འདུག་ཟེར།
- དེ་ནས་ཁོ་སྟོད་ཉི་མ་ལྷ་སར་བུད་སོང་།
- སྟོད་ཇི་མ་ལྷ་སར་སོང་ནས་མཇལ་ཏེ།
- མ་མོ་ཟས་སྐྱེད་ཐོ་ལོ་ཡི་རུས་པ་དུར་ཁྲོད་ལ་འཕངས་ནས།
- ཁོ་ཕྱིར་ཡོང་བ་ཡིན།
- ཕྱིར་ལམ་ན་ཡོང་དུས་སྤྱང་ཀི་ཡིས་སྒུག་ནས་བསྡད་ཡོད།
- ངུ་བཞིན་ངུ་བཞིན་ཡོང་དུས་རི་བོང་དང་འཕྲད་པ་རེད།
- ཨ་རོད་གསར་བུ་ཁྱོད་ཅི་ཞིག་ལ་ངུ་བ་ཡིན་ཟེར།
- ང་ལྷ་སར་མཇལ་དུ་འགྲོ་དུས་སྤྱང་ཀི་ཞིག་གིས་འཆའ་རྒྱུ་ཟེར།
- ང་དེ་ལ་ངུ་བ་ཡིན་ཟེར།
- ཁྱོད་མ་ངུ་དང་ང་ཁྱོད་རོགས་བྱེད་དུ་འགྲོ་ཟེར།
- ཡ་དེ་ཆོག་གི་ཟེར།
- ཁོ་གཉིས་ཚུར་ལ་ཡོང་ནས་སྤྱང་ཀི་ཡིས་གན་ན་རོགས་པ་ཞིག་ཡོད།
- ང་སོང་ནས་རོགས་པ་ཞིག་ཁྲིད་ལ་ཡོང་ཟེར།
- ཕ་རོལ་ཞིག་ལ་སོང་དུས་དེ་ན་ཝ་ཞིག་འགྲོ་བཞིན་ཡོད།
- ཝ་གན་ན་རོགས་པ་ཞིག་ཡོད་གི
- ངེད་གཉིས་ལ་གན་ན་ཟ་རྒྱུ་ཞིག་ཡོད་གི
- ངེད་གཉིས་འགྲོ་དང་དེ་འཆའ་ཟེར།
- དེ་ཆོག་གི་ཟེར་ནས་ཁོ་གཉིས་ཀྱིས་འགྲོ་རྒྱུ་རེད་འདོད་ནས།
- ཝ་མོ་ལ་གཡོ་སྒྱུ་ཆེ་བས།
- སྤྱང་ཀི་དང་ཝ་མོ་གཉིས་ཀྱིས་རྔ་མ་གཉིས་མདུད་ནས།
- ཁོ་གཉིས་དེ་ལྟར་ཡོང་།
- ཡ་སྤྱང་རྒན་མ་ཁྱོད་ཀྱིས་ཝ་མོ་ཞིག་བཙོང་རྒྱུ་ཡོད་ཟེར་བ་འདི་ཡིན་ནམ་ཟེར།
- རི་བོང་གིས་དེ་ལྟར་ཟེར་བས།
- སྤྱང་རྒན་མ་ཡིས་ང་བཙོང་རྒྱུ་ཟེར་བ་རེད་ཟེར་ནས།
- ཝ་ཡིས་སྤྱང་ཀི་དྲུད་དེ་བྲོས་ནས།
- ལ་ལུང་བ་བྲོས་ནས་སྤྱང་ཀི་དེ་ལྟར་མགོ་ས་ལ་བརྒྱབ་ནས་དེ་ལྟར་ཤི་སོང་།
- བུ་དེ་ཕྱིར་ཡུལ་ལ་ཡོང་ནས་སྐྱིད་པོ་བདེ་མོ་བྱས་ནས་བསྡད།