26 Jun 2020
6 min 59 sec
Video Overview
Creators:
Tibetan and Himalayan Library
A folktale about happy endings.
བཟའ་མི་རྒན་པ་གཉིས་ལ་བུ་ཕྲུག་མེད་མོད་རྒན་མོའི་རྐང་བའི་སྐྲངས་འབུར་ལས་སྦལ་བ་ཞིག་ཐོན། སྦལ་བ་དེས་རྒྱལ་པོ་ཚང་གི་བུ་མོ་མནའ་མར་བླངས་པ་བརྗོད་ཡོད།
བརྙན་འདིར་གནའ་གཏམ་སྦལ་བས་མནའ་མ་བླངས་པ་ཞེས་པ་བཤད་ཡོད། གནའ་གཏམ་འདིར་བཟའ་མི་རྒན་པ་གཉིས་ལ་བུ་ཕྲུག་མེད་མོད་རྒན་མོའི་རྐང་བའི་སྐྲངས་འབུར་ལས་སྦལ་བ་ཞིག་ཐོན། སྦལ་བ་དེས་རྒྱལ་པོ་ཚང་གི་བུ་མོ་མནའ་མར་བླངས་པ་བརྗོད་ཡོད། དེ་ནི་མི་རོ་བརྩེ་སྒྲུང་ལས་སྦལ་བ་དང་སྲས་མོ་ཞེས་པའི་ནང་དོན་དང་མཚུངས།
一对老夫妇没有孩子,但一只青蛙从老太太肿胀的腿里出来并给了公主做新娘。
这段视频介绍 《青蛙娶亲》的民间故事。 故事主要内容是 - 一对老夫妇没有孩子,但一只青蛙从老太太肿胀的腿里出来并给了公主做新娘。
- སྦལ་བས་མནའ་མ་བླངས་པ།
- རྒན་རྒོན་ཁྱོ་ཤུག་གཉིས་ཡོད།
- རྒན་མོ་དེར་པུས་མོ་ན་བས་ཉིན་ཞིག་པུས་མོ་
- གཏར་ཁ་བྱས་ན་བཟང་ངམ་ཟེར་ཏེ་གཏར།
- པུས་མོའི་ནང་ནས་སྦལ་བ་ཞིག་ཐོན།
- རྒན་མོས་ལྟས་ངན་འདི་པུས་མོའི་ནང་ནས་
- སྦལ་བ་ཞིག་བྱུང་བ་འདི་གསད་དགོས་ཟེར་བར།
- ཁྱོ་གས་མི་གསོད། སྐྱེ་བ་སྔོན་མའི་ལས་རེད།
- ངེད་གཉིས་ལ་བུ་རྒྱུད་ཡང་མེད་པས་འདི་ནི་
- བུ་རྒྱུད་ཀྱི་ཚབ་ཏུ་བདག་བྱེད་དགོས་ཟེར་བར་
- ཁོ་གཉིས་ཁ་འཆམ་ནས་སྦལ་བ་གསོས།
- ཉིན་ལ་ཞིག་སྦལ་བས་ཨ་ཕ་ཨ་མ་གཉིས་ཀར་
- ངས་ཁྱེད་གཉིས་ལ་མནའ་མ་ཞིག་བསུ་དགོས་ཟེར།
- ང་ཚོར་ཟ་རྒྱུ་གོན་རྒྱུ་སོགས་ཡོད་ལ་
- མནའ་མ་ཞིག་ངའི་ལག་ཏུ་རྙེད་ཟེར་བར།
- མ་རྒན་གྱིས་ཁྱོད་སྦལ་བ་ལ་མནའ་མར་
- ཡོང་མཁན་ཞིག་མེད། མ་འགྲོ་ཞེས་ཟེར།
- སྦལ་བས་ང་འགྲོ་དང་རྙེད་རྒྱུ་རེད་ཅེས་སོང་།
- ཁོ་རང་རྒྱལ་པོ་ཚང་གི་སྒོ་ཁར་སོང་ནས་
- ཨ་རོགས་ཚང་ཞེས་བོས་པར།
- རྒྱལ་པོས་བུ་མོ་ཆེ་བར་སོང་ནས་ལྟོས་དང་ཟེར་བར་
- མོས་མེད་པོའི་སྦལ་བ་སྒོ་ཁར་ཡོད་པ་ལས་
- གཞན་ཅི་ཡང་མེད་ཟེར།
- སྦལ་བས་ཡང་ཨ་རོགས་ཚང་ཞེས་བོས་པར།
- བུ་མོ་འབྲིང་དེ་སྒོར་ཐོན་ནས་བལྟས་པར་
- མེད་པོའི་སྦལ་བ་སྒོ་ཁར་ཡོད་པ་ལས་
- གཞན་ཅི་ཡང་མེད་ཟེར།
- སྦལ་བས་ཡང་ཨ་རོགས་ཚང་ཞེས་བོས་པར།
- སྦལ་བ་སྒོ་ཁ་ན་བསྡད་ཡོད།
- བུ་མོ་ཆུང་བ་དེ་སྒོར་བུད་པར་མེད་པོའི་
- སྦལ་བ་ལས་ཅི་ཡང་མེད་པས་
- ནང་དུ་ཤོག་ལ་ཇ་འཐུང་ཟེར་
- ཨ་ཕར་སྦལ་བ་ལས་ཅི་ཡང་མེད་ཟེར་བར།
- རྒྱལ་པོས་སྦལ་བ་ནང་དུ་ཁྲིད་དེ་ཇ་བླུད་ཟེར།
- བུ་མོས་སྦལ་བར་ཁྱོད་ལ་ཨ་ཕས་ནང་དུ་
- ཤོག་ལ་ཇ་འཐུང་ཟེར་ཞེས་པར་
- སྦལ་བ་ཁྱིམ་དུ་སོང་ནས་ཇ་འཐུང་།
- སྦལ་བས་རྒྱལ་པོར་ཁྱེད་ཚང་གི་བུ་མོ་ཆུང་བ་དེ་
- ང་ལ་ཆུང་མར་ཨེ་སྟེར་ཞེས་པ་ན།
- བུ་མོས་ང་མི་འགྲོ་ཞེས་ངུས།
- རྒྱལ་པོས་ཀྱང་ཁྱོད་ལ་མི་སྟེར་ཟེར།
- སྦལ་བས་མི་སྟེར་ན་ང་ངུ་རྒྱུ་ཡིན་ཞེས་པར།
- རྒྱལ་པོས་རང་གིས་ཤེས་ངུས་དང་ཞེས་པར་
- ངུས་པ་ན་ཡུལ་ཁམས་ཀུན་ཆུས་བཀང་པས།
- རྒྱལ་པོས་མ་ངུ་དང་ཁྱོད་ལ་སྟེར་ཟེར་བར་
- སྦལ་བས་གནམ་ཐང་བར་བྱས།
- དེའི་སྐབས་ལ་རྒྱལ་པོས་ཁྱོད་ལ་མི་སྟེར་ཟེར།
- སྦལ་བས་དེས་ན་ང་དགོད་རྒྱུ་ཡིན་ཟེར་བར་
- རྒྱལ་པོས་རང་གིས་ཤེས་དགོད་དང་ཟེར་བར་
- བགད་པ་ན་རྒྱལ་ས་གས་གཉིས་སུ་བཏང་།
- ཡང་རྒྱལ་པོས་མ་དགོད་དང་ཁྱོད་ལ་སྟེར་ཟེར།
- རྒྱལ་པོས་བུ་མོར་ཁྱོད་སོང་དང་
- འདི་སྦལ་བ་ཞིག་ཡིན་པས་སྐྱོན་མེད།
- མནའ་མ་བསུ་ཉིན་ང་ཚོས་
- རྨིག་རྫིས་བྱས་བསད་འཇོག་ཐུབ་ཟེར།
- སྦལ་བས་མནའ་མ་བསུ་ཉིན་ཚང་མས་
- རྨིག་རྫིས་བྱས་ཏེ་ཨེ་སོད་བལྟས་མོད་
- གཏན་ནས་མ་སོད།
- དེ་ནས་བུ་མོ་སྦལ་བར་མནའ་མར་མི་འགྲོ་
- ཐབས་མེད་པར་མནའ་མར་སོང་ནས་བསྡད།
- སྦལ་བ་ཕྱིར་སོང་སྟེ་ཕ་མ་གཉིས་ལ་
- རྒྱལ་པོའི་བུ་མོ་ཆུང་བ་དེ་
- ངས་མནའ་མ་བླངས་ཡོད།
- མནའ་མར་བླངས་ཡོད་ཟེར་བར།
- ཕ་མ་གཉིས་ཀས་ང་ཚོ་འདི་འདྲའི་རྒྱུ་མེད་ཞིག་ལ་
- རྒྱལ་པོ་ཚང་མ་ཡིན་པ་ཞིག་ཀྱང་ཡོང་ས་མི་འདུག
- ཁྱོད་ཀྱི་ཅི་ལྟར་བྱེད་ཅེས་པར་སྦལ་བས་སྐྱོན་མེད།
- དེ་དགུང་སྡིར་སྒྲ་གྲགས་རྒྱུ་ཡིན་མོད་
- ཁྱེད་གཉིས་སྐྲག་མི་དགོས་ཟེར།
- ཕྱི་ཉིན་སྡིར་སྒྲ་གྲགས་རྗེས་རྟ་ཟོག་ལ་སོགས་
- འཁོར་བ་ཚང་མ་ཁྱིམ་ཚང་ཞིག་ལ་
- ཅི་དགོས་ཡོད་ཚད་འཛོམས།
- དེའི་ཕྱི་ཉིན་ཡང་སྡིར་སྒྲ་ཞིག་གྲགས་རྒྱུ་ཡིན་མོད་
- ཁྱེད་གཉིས་མ་སྐྲ་ཟེར་བར། ཁྱིམ་ལ་ཏོ་ཆ་དང་སྦྲ།
- ཁང་པ་སོགས་ཚང་མ་གྲུབ་ཡོད།
- སྦལ་བ་ལམ་ནས་རྨིག་རྫིས་བྱས་མ་སོད་པས་
- བུ་མོར་མནའ་མར་ཐོན་ནས་བསྡད།
- སྡེ་བའི་རྟ་རྒྱུགས་བྱས་བོའུ་འཕང་སྟེ་
- གཤིག་བསྡུར་བྱས་ནས་བྱེད་པས།
- སྡེ་མི་ཚང་མ་འདུས་ནས་དེ་ལྟར་བྱེད་པར།
- སྦལ་བས་མ་རྒན་ལ་ང་སྦལ་བ་ཞིག་
- འགྲོ་ཚུལ་མེད་པས་ཁྱོད་ཀྱིས་མནའ་མ་
- ཁྲིད་དེ་ལྟད་མོར་སོང་ཟེར།
- མནའ་མར་བྱུ་རུའི་སྐེ་རྒྱན་གསུམ་བཏགས།
- གོན་པ་ཡག་པོ་བཀབ་ནས་སོང་བར་ཚང་མས་
- སྦལ་བའི་མནའ་མ་ཡིན་པ་ཙམ་ལས་
- རྒྱུ་རྒྱན་ཆ་ཡོད་པ་ལ་ཟེར།
- ཡར་སོང་བ་ན་རྟ་སྔོ་ནག་བཟུང་བའི་མི་སྐྱེ་ཡག་
- ཧ་ལས་པ་ཞིག་དེའི་གྲས་སུ་ཡོད།
- མདའ་འཕང་པ་དང་རྐང་གཤིག་བྱེད་པ།
- རྟ་གཤིག་ཀྱང་དེའི་བཟང་ཞིག་མེད།
- དེ་འདྲའི་མི་ཡག་ལ་རྟ་ཡང་བཟང་བ་ཞིག
- འདི་གང་ནས་ཐོན་པ་ཡིན་ནམ་བསམ།
- དགུང་མོ་ཕྱིར་ཁྱིམ་དུ་ཐོན་དུས་
- སྦལ་བ་ཁྱིམ་དུ་བསྡད་ཡོད།
- སྦལ་བས་རང་གི་ཆུང་མར་དེ་རིང་
- ལྟད་མོ་ཅི་འདྲ་རེད་ཅེས་དྲིས་པར།
- ཁོའི་ཆུང་མས་ཅི་འདྲའི་ཡག་པ་ལ་
- རྟ་ལ་བརྒྱུག་ན་དེའི་མགྱོགས་མེད།
- བོའུ་འཕང་ན་དེའི་དྲང་མེད་པའི་
- མི་སྐྱེ་ཡག་ཞིག་ཡོད་ཟེར།
- མ་གཞི་དེ་ནི་སྦལ་བ་ཁོ་རང་ཡིན།
- སྦལ་བས་ཀླུ་ཡུལ་དུ་སོང་ནས་
- རྟ་བླངས་ཏེ་དེའི་གྲས་སུ་བརྒྱུག་པ་ཡིན།
- ཁོ་རང་གིས་དགའ་རྟགས་ཚང་མ་ལོན་ཡོད།
- དེ་ནས་ཕྱིར་ཐོན་དེ་སྦལ་བར་སྤྲུལ་ནས་བསྡད།
- ཉིན་ཞིག་བུ་མོས་ཡིད་མ་ཆེས་པར་
- ཉིན་གསུམ་པའི་ཉིན་དེར་བྱུ་རུའི་སྐེ་རྒྱན་
- གཅིག་སྔ་མགོའི་འོག་ཏུ་བསྐྱུར་ནས་སོང་།
- ལམ་བར་ཏུ་མ་རྒན་ལ་ངའི་བྱུ་རུའི་སྐེ་རྒྱན་
- ལུས་སོང་བས་ལེན་དུ་འགྲོ་དགོས་
- ཞེས་ཕྱིར་ཐོན་པ་ན།
- སྦལ་བའི་སྦལ་ཤུན་ཁྱིམ་དུ་བསྐྱུར་ཡོད་པར་
- སྦལ་ཤུན་མེད་མ་ཡག་བསམ་སྟེ་སྦལ་ཤུན་བསྲེག
- སྦལ་ཤུན་བསྲེག་ནས་ལྟད་མོར་ལྟ་རུ་སོང་དུས་
- མི་དེ་ཡང་ཡོད་ལ། ཧ་ལས་པའི་མི་ཡག་ཞིག་ཡིན།
- རྒྱ་ཁ་གང་ཡིན་རུང་མི་ཐོབ་རྒྱུ་ཞིག་མེད།
- བོས་འཕེན་པ་དང་རྐང་གཤིབ་གང་བྱས་རུང་།
- རྟ་གཤིབ་དང་མདའ་འཕེ་པ་སོགས་
- དེས་བཟང་ཞིག་གཅིག་ཀྱང་མེད།
- དེ་འདྲ་བྱས་བསྡད་ན་ལེགས་ལ་སྦལ་ཤུན་གོན་ན་
- མི་ཡག་བསམ་ནས་སྦལ་ཤུན་བསྲེག
- ཕྱིར་ཐོན་པར་རྟ་བཟང་པོ་དེ་སྒོ་ཁར་བཏགས་ཡོད་ལ་
- མར་མཚོ་ནང་དུ་སྐྱེལ་བྱེད་ཀྱི་སྦལ་ཤུན་མེད་པས་
- ཐབས་ཟད་ནས་བསྡད་ཡོད་པར་ཅི་ཡིན་དྲིས་པས་
- ཁྱོད་ཀྱིས་ངའི་སྦལ་ཤུན་བསྲེག་པས་
- ད་ཅི་ཡང་བྱེད་མི་ནུས་ཟེར།
- དེ་མིན་ཅི་ཞིག་དགོས་ཀྱང་ཐུབ་མོད།
- ད་ཅི་ཡང་བྱེད་མི་ནུས་ཟེར།
- བུ་མོས་སྐྱོན་མེད་མི་ཆུལ་བྱས་ནས་
- འཁོར་བ་སྐྱོང་དང་ཆོག་ཟེར།
- དེ་ནས་བཟུང་སྦལ་ཤུན་བསྲེག་པས་མཚོ་ནང་དུ་
- འགྲོ་མ་ཐུབ་མོད་འཁོར་བ་སྐྱོང་བྱེད་ཚང་མ་ལྡན་ནོ།།
- སྦལ་བས་མནའ་མ་བླངས་པ་ཞེས་པ་ནི་དེ་འདྲའོ།།