Video Overview
Dorjé from Chakor village in Repgong tells the story of how a king's daughter lost her status after attending a minister's banquet.
རྒྱལ་བོའི་སྲས་མོ་གསུམ་པོ་བློན་པའི་སྟོན་ཐོག་ལ་སོང་བར་གཡུ་ཁྲི་སོགས་བརྒྱབ་ཡོད་པ་དེའི་སུའི་དྲིན་ཡིན་པར་ལན་མི་འདྲ་བ་བཏབ་པའི་འབྲས་བུ་བརྗོད་ཡོད།
སྔོན་རྒྱལ་བོ་ཞིག་ལ་སྲས་མོ་གསུམ་ཡོད་པ་རེ་ཞིག་བློན་ཆེན་ཞིག་གི་སྟོན་ཐོག་ཏུ་འགྲོ་རུ་བཅུག བློན་པོ་ཚང་གིས་སྲས་མོ་ཆེ་བ་ལ་གཡུ་ཡི་ཁྲི་དང་འབྲིང་བ་ལ་མུ་ཏིག་གི་ཁྲི། ཆུང་བ་ལ་བྱུ་རུའི་ཁྲི་བཞག་ཡོད་པ་ཡིན། ཕྱིར་ཕོ་བྲང་ལ་ཐོན་རྗེས་རྒྱལ་བོས་སྲས་མོ་རེ་རེ་ལ་སྟོན་ཐོག་ཏུ་ཆེས་མཛེས་པ་དང་ཆེས་མཐོ་བ། ཆེས་གཟི་བརྗིད་ཆེ་བ་སུ་རེད། དེ་སུའི་དྲིན་རེད་ཞེས་དྲིས་པས། སྲས་མོ་ཆེ་འབྲིང་གཉིས་ཀས་མོ་གཉིས་ཡིན་པ་དང་དེ་རྒྱལ་བོའི་དྲིན་ཡིན་ཞེས་བཤད།སྲས་མོ་ཆུང་བས་དེ་ནི་རང་གི་ལས་ཡིན་རྒྱུ་རེད་ཅེས་བཤད་པས་རྒྱལ་པོ་མ་དགའ་བར་སྲས་མོ་ཆུང་བ་ཕོ་བྲང་ནས་ཕྱིར་བསྐྲད་ནས་མིག་ལོང་པ་ཅན་གྱི་སྤྲང་པོ་ཞིག་ཡོད་པ་དེའི་ཆུང་མ་བྱེད་པར་འགྲོ་རུ་བཅུག སྤྲང་པོ་དེ་དོན་དངོས་སུ་རྒྱ་གར་གྱི་རྒྱལ་བོའི་སྲས་ཡིན་པས་ཁོ་གཉིས་ཀྱིས་སྔོན་གྱི་ལམ་བརྒྱུད་དེ་ཕྱིར་ཕོ་བྲང་དུ་སོང་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་གཏམ་རྒྱུད་བརྗོད་ཡོད།
这段视频讲述了一位国王的三个女儿参加大臣的盛宴,回来后给国王给她们提问,其中大公主和二公主答案是一样,三公主的答案却让国王怒气并把她赶出了宫廷的故事。
这段视频讲了这样一个故事,国王让自己的三个女儿参加一位大臣的盛会,大臣让大公主坐在用绿石松做的凳子上,让二公主坐在珍珠做的凳子上,让三公主坐在珊瑚做的凳子上。当国王问起三位公主盛宴上谁最美谁庄严,这些是托谁的福。大公主和二公主说她们最美 ,这当然都是因为国王。但是三公主却说这些应该是自己命运。国王很生气把她赶出宫廷并让她嫁给一个乞丐,那位乞丐其实是印度国王的王子。最后他们也按着原路回国并过上了幸福的日子。
- རྒྱལ་བོ་ཞིག་ལ་སྲས་མོ་གསུམ་ཡོད།
- དེ་ནས་ཉིན་ཞིག་ལ་རྒྱལ་བོའི་བློན་པོ་ཞིག་གི་སྟོན་མོ་བྱས།
- སྟོན་ཐོག་ལ་རྒྱལ་བོ་ཕེབས་པའི་ཞུ་བ་བྱས་ཀྱང་།
- རྒྱལ་བོས་ཁོ་རང་ཕེབས་མི་ཐུབ་པས་སྲས་མོ་གསུམ་པོ་འགྲོ་རུ་བཅུག
- སྲས་མོ་གསུམ་པོ་སྟོན་ཐོག་ཏུ་སོང་།
- དེ་ནས་སྲས་མོ་གསུམ་པོ་སྟོན་ཐོག་ཏུ་སོང་ནས་ཕྱིར་ཉིན་ཕྱིར་ཡོང་།
- རྒྱལ་བོས་སྲས་མོ་ཆེ་བོ་དེ་ཁོའི་མདུན་ལ་ཤོག་ཟེར།
- མོ་ལ་ཁ་སང་གི་སྟོན་མོ་ཨེ་ཡག་གི ཨེ་ཞོར་གི
- སུ་ཡག་གི སུ་ཞོར་གི སུ་མཐོ་གི་ཞེས་དྲིས་པ་ན།
- མོ་ལས་མཐོ་བ་དང་མོ་ལས་ཞོར་བ།
- མོ་ལས་ཡག་པ་ཞིག་མེད་གི
- ཁྱོད་ཅི་ཞིག་ཡོད་དམ་ཞེས་དྲིས་པ་ན།
- ང་ལ་གཡུ་ཡི་ཁྲི་ཞིག་བརྒྱབ་ཡོད་ཅེས་བཤད།
- དེ་སུས་དྲིན་རེད་འདོད་གི་ཅེས་དྲིས་པ་ན།
- རྒྱལ་བོ་ཁྱོད་ཀྱི་དྲིན་རེད་འདོད་གི་ཟེར། ཡ་་་་་ད་སོང་ཟེར།
- དེ་ནས་སྲས་མོ་འབྲིང་བ་བོས་ནས་ཁ་སང་གི་སྟོན་མོ་ཨེ་ཡག་གི་དང་ཨེ་ཞོར་གི
- སུ་མཐོ་གི སུ་ཡག་གི་ཞེས་དྲིས་པ་ན།
- ཨ་ཅེ་ཆེ་བོའི་འཕྲོ་ནས་ང་ཡག་གི ང་ཞོར་གི ང་མཐོ་གི་ཟེར།
- ཁྱོད་ཅི་ཞིག་ཡོད་དམ་ཞེས་དྲིས་པ་ན།
- མོ་ལ་བྱུ་རུའི་ཁྲི་བརྒྱབ་ཡོད་གི་ཟེར།
- དེ་སུས་དྲིན་རེད་འདོད་གི་ཅེས་དྲིས་པ་ན།
- རྒྱལ་བོ་ཁྱོད་ཀྱི་དྲིན་རེད་འདོད་གི་ཟེར། ཡ་་་་་ད་སོང་ཟེར།
- དེ་ནས་སྲས་མོ་ཆུང་བ་དེ་བོས་པ་ཡིན།
- ཁ་སང་གི་སྟོན་མོ་ཨེ་ཡག་གི ཨེ་ཞོར་གི
- སུ་ཡག་གི སུ་ཞོར་གི སུ་མཐོ་གི་ཞེས་དྲིས་པ་ན།
- ཨ་ཅེ་ཆེ་བ་དང་འབྲིང་བའི་འཕྲོ་ནས་ང་རང་ཡག་གི་ང་ཞོར་གི་ང་མཐོ་གི་ཟེར།
- ཁྱོད་ཅི་ཞིག་ཡོད་དམ་ཞེས་དྲིས་པ་ན།
- མོ་ལ་བྱུ་རུའི་ཁྲི་བརྒྱབ་ཡོད་གི་ཟེར།
- དེ་སུས་དྲིན་རེད་འདོད་གི་ཅེས་དྲིས་པ་ན།
- མོས་དེ་ནི་རང་གི་ལས་ཤིག་ཡིན་ཡིན་ནམ་ཟེར།
- ཡ་་་་ད་བཟང་གི ངས་ངའི་དྲིན་གྱིས་ཁྱོད་འདི་འདྲ་ཞིག་ཡིན་པར་འདོད་ཡོད།
- ཁྱོད་ཀྱིདྲིན་ཡིན་ན།
- ས་མཐའ་དེ་ནས་སྤྲིང་བོ་ཞར་བ་ཞིག་ཡོད་པ་དེའི་ཆུང་མར་བྱིན་པ་ཡིན་ཟེར།
- གལ་ཏེ་ལས་ཤིག་ཡོད་ན་ཁྱོད་དེར་སོང་ཡང་ཐུབ་རྒྱུ་རེད་ཟེར་ནས།
- རྒྱལ་བོས་བཙུན་མས་རྒྱལ་བོ་ལ་ཞུ་བ་བྱས་ནས།
- རྒྱལ་བོ་ལོ་ལོ་མོས་སྐད་ཆ་བཤད་པ་ནོར་སོང་བ་རེད།
- ཁྱོད་ཀྱི་དྲིན་ལོས་ཡིན་ཞེས་བཤད་ཀྱང་།
- རྒྱལ་བོས་བཙུན་མོའི་བཤད་པའང་མ་ཉན་པར།
- མོ་ལ་ཡོད་པའི་གོན་པ་བྱིན་ཏེ་འགྲོ་རུ་བཅུག་ཟེར་ནས་སྲས་མོ་དེ་གདའ་བ་རེད།
- དེ་ནས་གད་པའི་ནང་ན་སྤྲང་བོ་མིག་མེད་པ་ཞིག་ཡོད་པ་དང་།
- ཡར་འགྲོ་མར་འགྲོ་དང་ཆུ་ལེན་སོགས་ཀྱིས་གོ་རེད་ཅུང་ཙམ་དང་རྩམ་པ་ཉུང་ཙམ་རེ་བྱིན་ནས།
- སྤྲང་བོ་དེ་གད་པའི་ནང་དུ་ཉལ་ནས་བསྡད་ཡོད།
- ལོ་ན་ཅུང་གཞོན་པ་ཡིན།
- དེ་ནས་སྲས་མོས་ང་རང་རྒྱལ་བོའི་སྲས་མོ་ཡིན།
- ཁྱོད་ཀྱི་ཆུང་མར་བྱིན་པ་ཡིན།
- ཁྱོད་ལ་ཡུལ་ཞིག་ཡོད་རྒྱུ་རེད།
- ས་ཕྱོགས་འདི་ནས་མ་རེད།
- ས་ཕྱོགས་འདི་ཞིག་གི་ཡིན་ན་ཁྱོད་ལ་འཛུལ་ཁང་ཞིག་ཡོད་རྒྱུ་རེད།
- འཛུལ་ཁང་མེད་ན་གད་པའི་ནང་དུ་ཡོད་པས་ཁྱོད་ཀྱི་ཡུལ་ལ་འགྲོ།
- ངས་ཁྱོད་ཁྲིད་ནས་འགྲོ་ཞེས་བཤད་པ་ན།
- ང་འདི་འདྲའི་ཞར་བ་ཞིག་གིས་རང་གི་ཁ་གསོ་ཐུབ་ཀྱིན་མེད།
- ཁྱོད་སྲས་མོ་ཞིག་ཡོང་ནས་ཁ་ཇི་ལྟར་གསོ་ཐུབ་བམ།
- ཁྱོད་ཡོང་ས་ཞིག་ཡིན་ནི་མ་རེད་ཅེས་བཤད་པ་ན།
- རྒྱལ་བོས་ང་རང་ཁྱོད་ལ་བྱིན་པས་ད་ང་རང་ཡང་འགྲོ་ས་ཡོད་ནི་མ་རེད་ཟེར།
- དེ་ནས་ཞར་བ་དེ་ཁྲིད་ནས་སོང་བ་ན་ང་ལ་ཡུལ་མེད་ཟེར།
- ཡུལ་ཡོད་རྒྱུ་རེད་དེ་ཕྱུག་པོ་ཡིན་ནའང་ཡུལ་ཡོད་པ་རེད།
- མེད་པོ་ཡིན་ནའང་ཡུལ་ཡོད་ནི་རེད།
- ཡུལ་དེ་ལ་བཟང་ངན་ཡོད་རྒྱུ་རེད།
- ངེད་གཉིས་ཁྱོའི་ཡུལ་ལ་འགྲོ་ཟེར།
- ཞར་བ་དེས་ངས་ངའི་ཡུལ་བཤད་ན་ཁྱོད་རློམ་རྒྱུ་མ་རེད་ཟེར།
- དེ་ཤེས་སམ། དེས་ན་ང་རང་ཁྱོད་འདྲའི་ཞར་བ་ཞིག་དང་མཉམ་དུ་སོང་ན།
- ང་རྒྱལ་བོ་ཞིག་གི་སྲས་མོ་ཡིན་ཟེར་ན་སུ་རློན་རྒྱུ་རེད་ཅེས་བཤད།
- དེ་བདེན་གི
- ང་རྒྱ་གར་གྱི་རྒྱལ་བོ་ཞིག་གི་སྲས་ཡིན།
- རྩིས་པ་ཞིག་གིས་རྩིས་བྱས་ནས།
- ཁྱོད་འདི་ལྟར་རི་བརྒྱུད་དེ་ལྡོམ་ནས་མ་སོང་ན་ཤི་རྒྱུ་རེད།
- ཚེ་ཐག་ཐུང་གི་ཞེས་ནས་ཁོ་རང་ཡོང་བ་ཡིན།
- དེ་ནས་ས་ཆ་ག་གེ་མོ་ཞིག་གི་མིང་བཤད་ནས།
- དེར་ཐོན་སྐབས་ཆུ་མགོ་ཞིག་ཡོད་པ་དང་ཁ་སྐོམ་ཡོད་པས།
- འདི་ལྟར་མར་སྒུར་ནས་ཆུ་འཐུང་བའི་སྐབས་ལ།
- སྐེད་ན་དཀར་ཡོལ་ཞིག་ཡོད་པ་ཆུ་དེའི་ནང་དུ་ལྷུང་།
- དེ་ནས་མིག་ཀྱང་ནག་འཐིབས་སེ་སོང་ནས་དཀར་ཡོལ་ཡང་གར་སོང་མི་ཤེས་གི
- དེའི་རྗེས་ནས་ང་རང་ས་གང་སོང་བའང་མི་ཤེས་གི
- དེའི་བར་དུ་ང་རང་ས་གང་ནས་ཡོང་བ་དང་ཆུ་མགོར་ཇི་ལྟར་ཐོན་པའི་ལམ་ཤེས་པ་ཡིན།
- མིག་ཡོད་པ་ཞིག་ཡིན་ཚེ།
- ངའི་མིག་དེ་ལྟར་ཞར་སོང་བ་ཡིན་ཞེས་བཤད་པ་ན།
- ཁྱོད་ཀྱི་འདི་ནད་བྱུང་བ་ཞིག་མ་རེད།
- འུ་གཉིས་གནས་དེར་འགྲོ་ཞེས་བཤད་ནས།
- བུ་མོ་དེས་ཁྲིད་ནས།
- ཞར་བ་དེ་ཁྱོད་ཚོའི་ས་ཆ་ནས་གང་ལ་བུད་ཐལ།
- ཁྱོད་ཚོའི་སྡེ་བའི་ནང་དུ་གང་ནས་ཡོང་ངམ།
- ཞེས་ཁྲིད་ནས་ཆུ་དེའི་མགོ་ལ་ཐོན།
- ཆུ་མགོ་དེར་ཐོན་པ་ན་ཁྱོད་སོང་ནས་སྨོན་ལམ་རྒྱོབ་ཅེས་བཤད་ནས།
- ཡ་ཞེས་ཁོས་སྨོན་ལམ་བརྒྱབ་པ་དང་།
- ཁྱོད་སོང་ནས་ནགས་ཚལ་ནས་སྡོང་བོའི་ཡལ་ག་ཞིག་ཁྱེར་ཤོག
- སྡོང་བོའི་ཡལ་ག་དེའི་སྣེ་གཅིག་ཁོས་བཟུང་ནས་ཆུ་མགོའི་ནང་དུ་དཀྲུགས་ནས།
- ཁོ་རང་མུ་མཐུད་དུ་འདི་ལྟར་ཞར་བ་བྱས་ཏེ་འདུག་དགོས་ནི་ཞིག་ཡིན་ཚེ།
- དཀར་ཡོལ་དེ་ལག་ལ་མི་ཡོང་བའི་སྨོན་ལམ་ཐོབ།
- རང་གི་མིག་དེ་ཕྱིར་ཡོང་ནས་རྒྱལ་བོའི་རྒྱལ་ས་སྐྱོང་ཐུབ་པ་ཞིག་ཡིན་ཚེ།
- དཀར་ཡོལ་དེ་ལག་ལ་ཡོང་བའི་སྨོན་ལམ་ཐོབ་ཞེས།
- སྡོང་བའི་ཡལ་ག་དེ་ཕྱིན་འཐེན་པ་ན་ག་བུར་ཕྱིར་ཡོང་།
- དེ་ནས་དཀར་ཡོལ་ཕྱིར་ལག་ལ་ཐོན་ཐལ།
- ཁྱོད་ཀྱི་མིག་ཕྱིར་ཡོང་རྒྱུ་རེད།
- ཡང་ཁྱོད་ཀྱིས་སྨོན་ལམ་ཐོབ་ཞེས།
- གནས་དེ་ནས་ཟ་མ་བསྐོལ་ནས་དགོང་མོ་དེ་ནས་ཞག་གིས་བསྡད།
- ལོ་འདི་འདྲ་མང་པོ་ཞིག་འགོར་སོང་བས་མིག་ཕྱིར་ཡོང་ནི་མ་རེད་ཅེས་བཤད་པ་ན།
- དེ་ནད་བྱུང་བ་མ་ཡིན་པར་ག་བུར་འདིའི་རྐྱེན་རེད།
- ཁྱོའི་ག་བུར་ལག་ཏུ་འབྱོར་སོང་།
- ཡང་ཁོས་རང་གི་རྒྱལ་བོའི་རྒྱལ་ས་སྐྱོང་ཐུབ་པ་ཞིག་ཡིན་ཚེ།
- ངའི་མིག་ཕྱིར་ཡོང་བའི་སྨོན་ལམ་ཐོབ།
- རྒྱལ་ས་སྐྱོང་མི་ཐུབ་ཞིག་ཡིན་ཚེ།
- མིག་ཕྱིར་མི་ཡོང་བའི་སྨོན་ལམ་ཐོབ་ཞེས་དགོང་མོ་ཉལ་ཁར་སྨོན་ལམ་བཏབ།
- ནམ་གུང་ལ་གཉིད་སད་ནས་བལྟས་པ་ན་སྐར་མ་ཁྲ་ལམ་མེ་ཡོད་པའང་རིག་གི་ཟེར།
- དེ་ནས་རྒྱལ་སྲས་ཀྱིས་ཕྱིར་འགྲོ་སའི་ལམ་ཤེས་པས་མོ་ཁྲིད་ནས་སོང་བའི་སྐབས་དེར་ལ།
- རྒྱལ་བོ་དེའི་སྡེ་བའི་ནང་དུ་ཐོན་ཐལ་ཟེར།
- དེ་ནས་ཁྱོད་ཅི་ཞིག་ཡིན་པ་དྲིས་ནས། ད་ཤེས་གི
- ཁྱོད་རང་འདི་ལྟར་འགྲོ་མི་ཆོག རྒྱལ་བོའི་བཀའ་གྱོན་ཡོད།
- འདི་ནས་ཇི་ལྟར་འགྲོ་བ་དེ་ལ་རྒྱལ་བོ་ལ་བརྡ་རྒྱག་ཏུ་འགྲོ་དགོས།
- དེའི་རྗེས་ནས་ཁྱེད་གཉིས་སོང་ཟེར།
- དེ་ནས་འགྲོ་རུ་མ་བཅུག་པར། རྒྱལ་བོ་ལ་བརྡ་རྒྱག་ཏུ་སོང་།
- ཁྱོད་ཀྱི་སྲས་ཀྱིས་ཕྱིར་ཆུང་ཆ་ཞིག་ཁྲིད་ནས་ཁྲི་ཐོག་ཏུ་ཡོང་བཞིན་ཡོད།
- ཇི་ལྟར་སྣེ་ལེན་བྱེད་པར་གྲ་སྒྲིག་བྱོས་ཟེར་ནས།
- རྒྱལ་བོས་སྲས་མེད་པ་ནས་བཟུང་མ་ཡུམ་མིག་ཆུ་བཞུར་བཞུར་ནས།
- འགྲམ་པ་སྔས་མགོའི་ཐོག་ཏུ་འབྱར་ཡོད།
- རེམ་མར་སོང་ནས་དེ་ལ་ཤོད་དང་།
- དེ་ནས་མ་ཡུམ་གྱི་རྣ་ནང་ལ་གནས་ཚུལ་དེ་བསྒྲགས་མ་ཐག
- མ་ཡུམ་གྱིས་སྔས་མགོ་དེའང་ཡར་བཀྱག་ནས།
- འདི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་ཞེས་དྲིས་པ་ན།
- མངོན་སུམ་ཞེས་བཤད།
- རྒྱལ་བོས་དོན་དག་གལ་ཆེན་ཞིག་ཐག་གིས་གཅོད་ཀྱིན་ཡོད་མོད།
- དེར་སྐྱུར་ནས་རྒྱལ་སྲས་ཇི་ལྟར་སྣེ་ལེན་བྱེད་པ་དེ་བློན་པོ་རྣམས་ལ་བཀའ་བབས།
- དེ་ནས་བསུ་བ་བྱས་ནས་རྒྱལ་བོའི་རྒྱལ་སར་ཐོན།
- བུ་འདི་ལྟར་ཐོན་པ་དང་གཅིག ཆུང་མ་ཁྱེར་ཡོང་བ་དང་གཉིས།
- སྟོན་མོ་ཉིས་བརྩེགས་ཀྱི་སྟོན་མོ་རྒྱ་ཆེན་ཞིག་བྱེད་དགོས་ཞེས།
- རྒྱ་གར་གྱི་རྒྱལ་ཁག་རེ་རེ་ལ་བརྡ་རྒྱག་དགོས་ཟེར།
- སྟོན་མོ་འདི་འདྲ་ཞིག་བྱེད་ཀྱི་ཡོད་པས་བུ་མོའི་ཡུལ་ལ་བརྡ་རྒྱོབ་ཟེར།
- བུ་མོས་ངའི་ཡུལ་ནི་བརྡ་རྒྱག་སྲོལ་འགྲོ་ནི་ཞིག་མིན།
- སྤྲང་བོ་ཚང་ཞིག་ཡིན་ཟེར།
- ཅི་ཞིག་ཡིན་ན་ཡིན། སྤྲང་བོ་ཡིན་ན་ལྷག་ཏུ་བཟང་། ང་ལ་རྒྱུ་ཡོད།
- མི་ཡོང་རྒྱུ་ཡོད་པ་དང་ངའི་བུ་མཚམས་པོར་ཐོན་ཐུབ་པ་དང་།
- ཁྱོད་རང་སྤྲང་བོ་དང་ཕྱུག་པོ་ཅི་ཡིན་རུང་ངས་མི་བལྟ་ཞེས་བཤད་ནས།
- རྒྱལ་བོར་དེའི་མདུན་ལ་སོང་ནས།
- ཞར་བ་དེ་ནི་རྒྱལ་སྲས་ཤིག་ཡིན་པའི་གནས་ཚུལ་བཤད་པ་ན།
- ཕ་དང་མའི་སེམས་ནི་མི་འདྲ་བས།
- ཨ་མས་རྒྱལ་བོ་ལ་ཁྱོད་སོང་ནས་ལྟོས་དང་།
- སྐྱིད་པོ་ཞིག་སྟེ་གལ་ཏེ་ལྟོགས་མི་དགོས་པ་དང་།
- གྲང་མི་དགོས་པའི་སྐྱིད་པོ་ཞིག་ཡིན་ཚེ་མོ་རང་འདུག་ཐབས་བྱས་ཆོག
- ཁྱོད་སོང་ནས་ལྟོས་དང་ཟེར།
- རྒྱལ་བོས་སྤྲང་པོ་དེ་ཡིད་ལ་ཡོང་གི
- སྤྲང་པོ་དེ་འདྲ་ཞིག་ཏུ་གྱུར་བ་དཔེ་མི་སྲིད་ཞེས།
- ཨ་མས་འདུག་ཏུ་མ་བཅུག་པར།
- ཡིན་གཅིག་མིན་གཉིས་བལྟ་རུ་སོང་ཟེར་ནས།
- དེ་བས་སོང་ནས་བལྟས་པ་ན་དངོས་ནས་རྒྱལ་བོ་ནི་དེ་འདྲ་ཞིག་རེད།
- དེ་ནས་ཁས་བླངས་པས་རྒྱལ་བོས་དེ་བདེན་གི།
- ཁྱོད་སོང་བ་ནས་བཟུང་ངའི་རྒྱལ་སའང་ཅུང་བཅུད་ཉམས་ཐལ་ཞེས་
- ཁས་བླངས་པ་ཡིན་ཞེས་བཤད་ཚུལ་ཡོད།