Video Overview
Kato Kyi from Sonak village in Tsekhok tells the story of a foolish prince's ill-fated marriage to a clever woman.
རྒྱལ་བོ་འཆི་ཁར་རྒྱལ་སྲས་གླེན་པ་ལ་འཙུན་མོ་རིག་པ་ཅན་ཞིག་བསླངས་པ་དང་། རྗེས་ནས་བཙུན་མོ་བདའ་བས་རྒྱལ་སྲས་དེ་སྤྲང་བོར་གྱུར་བའི་གཏམ་རྒྱུད་ཅིག་ཡིན།
བརྙན་ཐུང་འདིར་སྔོན་རྒྱལ་བོ་ཞིག་ལ་རྒྱལ་སྲས་གླེན་པ་ཞིག་ཡོད་པ་དང་། རྒྱལ་བོ་འཆི་ཁར་བུ་མོ་བློ་རིག་ཅན་ཞིག་བཙུན་མོར་བསླངས་པ་དང་། རྒྱལ་བོ་ཚེ་ལས་འདས་རྗེས་རྒྱལ་སྲས་དེ་མི་ཁར་རྒྱུགས་ནས་བཙུན་མོ་བདའ་བ་རེད། དེ་ནས་བཙུན་མོ་ཁྱིམ་ཚང་དབུལ་བོ་ཞིག་གི་མནའ་མ་བྱས་པ་དང་། རེ་ཞིག་འབུད་ཤིང་འཐུ་རུ་འགྲོ་སྐབས་གསེར་རྡོག་ཆེན་པོ་ཞིག་རྙེད་ནས་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞི་ཞིག་ཏུ་གྱུར་བ་དང་། རྗེས་ནས་རྒྱལ་སྲས་དེ་སྤྲང་བོར་གྱུར་ནས་ཁོ་ཚང་ལ་བྲོ་ཁ་སློང་དུ་ཡོང་བའི་གཏམ་རྒྱུད་བརྗོད་ཡོད།
国王得知自己的儿子有点愚痴,在自己去世之前给儿子娶了一位聪明的姑娘,并嘱咐出了什么事都要相依为命,但是王子却听了别人的谣言而赶走了妻子,最后变成了乞丐。
这段视频讲述了一位国王得知自己的儿子有点愚痴,所以在自己去世之前给儿子娶了一位聪明的姑娘,并嘱咐出了什么事都要相依为命,但是王子却听了别人的谣言而赶走了妻子。之后妻子嫁给了一个穷人家的儿子,有一次他们去砍柴的时候找到了一块很大的金子,由此他们也富裕了起来。最后那位愚蠢的王子却变成了乞丐在到他们家门口来乞讨。
- རྒྱལ་བོ་ཞིག་ཡོད་པ་རེད།
- རྒྱལ་བོ་དེའི་ཁྱིམ་མཚེས་ན་རྒན་མོ་མ་བུ་གཉིས་ཡོད།
- རྒན་མོ་ལ་བུ་མོ་གཅིག་ཡོད།
- རྒྱལ་བོ་དེར་བུ་གཅིག་ཡོད།
- བུ་དེ་གླེན་པ་ཞིག་ཡིན།
- རྒྱལ་བོ་དེ་རང་བཞིན་གྱི་རྒྱལ་བོ་ཞིག་མིན།
- རྒྱལ་བོ་བཟང་བ་ཞིག་རེད།
- ཁོའི་བུ་དེ་གླེན་པ་ཞིག་རེད།
- དེ་རྒྱལ་བོ་ཡིས་ཤེས་ཡོད།
- རྒྱལ་བོ་ཡིས་བུ་དེར་མནའ་མ་བསོད་ནམས་ཅན་ཞིག
- མ་བླངས་ན་འདིས་ཅི་ཡང་མི་ནུས་པར་འདོད།
- རྒན་མོ་ཡི་བུ་མོ་ངོ་མས་བསོད་ནམས་ཅན་ཞིག་ཡིན།
- གན་ལེན་དགོས་འདོད་ནས་དེ་བླངས་བ་ཡིན།
- བླངས་པ་དང་དེ་ནས་རྒྱལ་བོ་ཤི་ལ་ཉེ་བས།
- ཁོ་ཡིས་ཁ་ཆེམས་བཞག་ནས།
- ཁྱོད་གཉིས་འགྲིག་ནི་འཕྲོད་ནི་བྱས་ནས་འདུག་དགོས།
- ངའི་རྗེས་ལ་ཁྱོད་གཉིས་གཉེན་ཐོར་བྱེད་མི་ཉན་ཟེར་ནས་ཁ་ཆེམས་བཞག
- ཡ་ཟེར་ནས་བུ་དེ་ལ་ཡང་བུ་མོ་དེར་གཅེས་ནས་བསྡད་ན།
- ཁྱོད་གྲང་ལྟོགས་མི་དགོས་ཟེར་ནས་ཁ་ཆེམས་བཞག་པར་ཡ་ཞེས་ལན་བཏབ།
- དེ་ནས་རྒྱལ་བོ་ཤི་རྗེས།
- སེམས་ཅན་གྱིས་ཁོ་ལ་ཁྱོད་ཀྱིས་རྒན་མོ་ཁེར་འདུག་ཅིག་གི་བུ་མོ།
- རྒན་མོ་ཡི་བུ་མོ།
- ཁྱོད་རྒྱལ་བོ་ཡི་སྲས་ཤིག་གིས།
- རྒན་མོ་ཁེར་འདུག་ཅིག་གི་བུ་མོ་བླངས་ཡོད་པ་རེད་ཟེར་ནས།
- ཁོ་ལ་དེ་འདྲ་བཤད་པས།
- ཁོས་དེ་བདེན་གི་འདོད་ནས་ཐེངས་ཤིག་ལ་ཁྱོད་མི་དགོས་སོང་ཟེར།
- མི་དགོས་ཁྱོད་སོང་ཟེར།
- དེ་ནས་བུ་མོ་ཡིས་ཧུར་བརྩོན་བྱས་རུང་དེར་མ་ཉན་ན་བསྡད།
- དེ་ནས་མི་དགོས་ཞེས་ཐེངས་ཤིག་ལ།
- རྒན་མོ་ཁེར་འདུག་ཅིག་གི་བུ་མོ་ང་མི་དགོས།
- ཁྱོད་མི་འགྲོ་ན་ང་འགྲོ་རྒྱུ་ཟེར།
- ཁྱོད་ཀྱིས་དེང་མ་ངེད་གཉིས་ལ།
- རྒྱལ་བོ་ཡིས་ཁ་ཆེམས་བཞག་ཡོད་པ་ཨེ་དྲན་གི་ཟེར།
- རྒྱལ་བོ་ཡིས་ཅི་མི་ཟེར་གི
- མི་དགོས་ཁོ་ཐག་ཡིན་ཟེར།
- ཁྱོད་ངའི་མཛོད་སྟེར་དགོས་ན་ཡང་སྟེར་ཏེ་ཁྱོད་སོང་།
- ཁྱོད་ཀྱིས་ངོ་མས་བཤད་པ་ཡིན་ནམ།
- ངོ་མས་བཤད་པ་ཡིན་ངོ་མས་མི་དགོས་ཟེར།
- དེ་ནས་ཁྱོད་ཀྱིསམཛོད་ང་མི་དགོས།
- ཁྱོད་ལ་ངོ་མས་མི་དགོས་ན།
- ཁྱོད་ཀྱིས་ང་སོང་ཟེར་ནས་འདུག་ཏུ་མི་འཇུག་ན་ང་འགྲོ་ཟེར་ནས།
- ང་གོན་པ་འདི་དག་དང་རྟ་བོ་ཅང་ཤེས་བདེན་པ་ཟེར་བ།
- རྒྱལ་བོ་ཚང་ལ་རྟ་བཟང་བོ་ཞིག་ཡོད།
- ང་རྟ་བོ་ཅང་ཤེས་བདེན་པ་དགོས།
- དེ་ལས་གཞན་གཅིག་ཀྱང་མི་དགོས།
- གོན་པ་འདི་དག་དང་རྟ་དེད་ནས་འགྲོ་ཟེར་ནས།
- མོ་ཡིས་དེ་ལྟར་རྟ་ལ་ཞོན་ནས་བུད་སོང་།
- མོ་ཡི་ཨ་མ་ཡང་མེད་གི
- དེ་ནས་རྟ་ལ་ཞོན་རྗེས་བུ་མོ་ཡིས་རྟ་ཡི་སྲབ་བླངས་ནས།
- གཡང་ལ་གཡང་སྐྱིད་གོ་ངའི་ལས་དབང་དེ་གང་ན་ཡོད་ན།
- དེ་ཁྱོད་ཀྱིས་བརྗེད་མི་ཉན་ཟེར།
- ཞེས་རྟ་ཡི་གོང་ནས་མིག་བཙུམ་པ་རེད།
- དེ་ནས་རྟ་ཡིས་འཁུར་ནས་སྡེ་བ་གཞན་པ་ཞིག་གི་ནང་དུ་སོང་།
- སྡེ་བ་གཞན་པ་ཞིག་གི་ནང་ན་ཡང་རྒན་མོ་ཞིག་ལ་བུ་གཅིག་ཡོད།
- གཅིག་ཀྱང་མེད་པར་ཉིན་མོར་སོང་ནས།
- བུ་དེ་སོང་ནས་ནགས་བཏུས་ན་སོང་ན།
- སྡེ་བ་ནང་ལ་སོང་ན་ནགས་དེར་རུས་པ་སྟེར།
- རུས་པ་རེ་ཉོས་ནས་དགོང་མོ་ཁོ་གཉིས་ཀྱིས་དེ་གདུས་ནས།
- དེ་རྡུང་སྟེ་གདུས་ནས་དེ་ཡི་ཁུ་བ་འཐུང་།
- མ་བུ་གཉིས་ཀྱིས་དེ་འདྲ་བྱེད་པ་ཞིག་ཡོད།
- རྟ་ཡིས་འཁུར་ནས་སོང་སྟེ་དེ་མ་བུ་གཉིས་ཀྱིས་སྒོ་ཁ་ནས་བསྡད།
- མོ་ཡིས་མིག་ཕྱེ་དུས་ཁང་ཆག་ཅིག་གི་སྒོ་ན་བསྡད་ཡོད།
- ངའི་ལས་དབང་འདི་ན་ཡོད་ནི་ཡིན་རྒྱུ་རེད་འདོད་ནས།
- ཨ་རོག་ཚང་ཟེར།
- རྒན་མོ་སྒོར་བུད་ནས་ཨ་ཟེར།
- ང་དེ་དགོང་གནས་ཚང་ཞིག་ཐོངས་ཟེར།
- ཁྱོད་གནས་ཚང་ལོས་གཏོང་ལ།
- ངེད་མ་བུ་གཉིས་ལ།
- གནས་ཚང་བཏང་ན་གཏོང་སྤྱད་ཡོད་ནི་ཚང་ཞིག་མིན།
- ཁྱོད་ཡར་ལ་སྡེ་བ་ནང་ལ་སོང་ན།
- ཁྱོད་ལ་ཁྱིམ་ཚང་བདེ་མོ་གནས་ཚང་གཏོང་ས་ཡོད་ནི་རེད།
- ངེད་གཉིས་ལ་ཁྱོད་ལ་འཐུང་རྒྱུ་ཞིག་ཀྱང་མེད་ཟེར།
- མེད་ན་མེད།
- ང་ལ་ཡིན་ན་མིན་ན་ཁྱོད་གཉིས་ཀྱིས་གནས་ཚང་གཏོང་དགོས།
- ངེད་གཉིས་ཀྱི་རྩིབ་ན་སྐྱིད་ཅིག་ཡོད་ནི་མ་རེད་ཟེར།
- མེད་ན་མེད་དེ་ང་ཁྱོད་ཚང་གི་མནའ་མ་བྱེད་ཟེར།
- རྒན་མོ་ཡ་མཚར་སོང་།
- འདི་འདྲ་བཟང་བོ་ཞིག་གིས།
- མནའ་མ་བྱེད་ཟེར་བ་འདི་ཅི་ཞིག་ཡིན་ནམ་འདོད་ནས།
- དེ་ནས་ཡོང་ནས་བསྡད།
- བསྡད་པས་བུ་དེ་ཡིས་ནགས་འཁུར་ནས་ཐོན།
- ཨ་མ་དགའ་ནས་བུ་དེ་ལ་ངེད་ཚང་ལ་དེ་རིང་མནའ་མ་ཐོན་ཐལ།
- བུ་དེ་ངོ་ཚ་ནས་སྒོ་ནས་ཡར་ལ་ཡོང་མ་ཐུབ།
- བུ་དེ་སོང་སྟེ་ནགས་བཙོང་ནས།
- རུས་པ་ཉོས་ནས་ཡོང་སྟེ་དེ་གདུས་ནས་ཁོ་ཚོས་དགོང་མོ་དེ་འཐུང་།
- ཕྱི་ཉིན་བུ་དེས་ཁྱེད་གཉིས་སྡོད་དང་ང་སོང་ནས་ནགས་བཏུས་ཟེར།
- བུ་མོ་དེས་ཁྱོད་གཅིག་པུ་འགྲོ་དགོས་ནི་མ་རེད།
- ངེད་གཉིས་འགྲོ་ཟེར་ནས་ཁོ་གཉིས་ནགས་བཏུ་རུ་སོང་།
- ཁོ་གཉིས་ནགས་བཏུ་རུ་སོང་བས།
- བུ་མོ་དེས་ཞྭ་ཞིག་གི་ནང་ནས་གསེར་ནག་རྟ་མགོ་འདྲ་ཞིག་རྙེད་པ་རེད།
- དེ་ནས་ཁྱོད་སོང་དང་རྟ་བོ་ཅང་ཤེས་བདེན་པ་ཁྲིད་ནས་ཤོག་དང།
- ངེད་གཉིས་ཀྱིས་བཀལ་ནས་འགྲོ་ཟེར་ནས།
- རྟ་ཁྲིད་ནས་ཡོང་སྟེ་ཁོ་གཉིས་ཀྱིས་གསེར་ནག་དེ་བཀལ་ནས་ཡོང་སྟེ།
- གསེར་ནག་དེ་ཡར་སྐོར་མར་སྐོར་བྱས་ནས།
- ཁྱིམ་ཚང་ཡ་མེད་ཅིག་ཏུ་གྱུར་སོང་།
- དེ་ནས་བསྡད་ཡོད་དུས།
- ཁང་བ་ཐོག་བརྩེགས་ལས་ནས་བསྡད་ཡོད་དུས།
- ཉིན་ཞིག་ལ་སྒོ་ལ་སྤྲང་བོ་ཞིག་ཐོན།
- ཟ་མ་སློང་ཟེར།
- དེ་ནས་མོས་ཐོག་བརྩེགས་ཁ་ནས་བལྟས་དུས།
- སྔོན་གྱི་རྒྱལ་བོའི་བུ་དེ་ཡིན།
- གན་ན་ཟ་རྒྱུ་ཞིག་མེད་འདོད་ནས།
- ཁྱོད་སྡོད་དང་ངས་ཁྱོད་ལ་གོ་རེ་ཞིག་བཟོ་ཟེར།
- མོས་མྱུར་དུ་གོ་རེ་ཞིག་བཅོས་ནས།
- གོ་རེ་ཡི་དཀྱིལ་སྙིང་ལ་གསེར་ནག་ཕང་ལོ་འདྲ་ཞིག་བསྡུས་ནས།
- དེ་ནས་གོ་རེ་ཞིག་བཅོས་ཏེ་བྱིན་པ་ཡིན།
- འདི་སོང་ལ་བྱིན་ཟེར།
- འདི་སོང་ལ་གན་ན་བྱིན་ཟེར།
- འདི་བྱིན་རྗེས་ཁོའི་རྗེས་རང་འདེད་བྱས་ནས་སོང་།
- ཁོ་རིག་པ་མེད་པ་ཞིག་ཡིན།
- ཡང་མར་ལ་སོང་ན་གོ་རེ་བཙོང་རྒྱུ་ཟེར་ན་ཐང་།
- བཙོང་རྒྱུ་ཟེར་ན་ཁྱོད་ཀྱིས་ངས་ཉོ་ཟེར་ནས་ཁྱོད་ཀྱིས་ཕྱིར་ཁྱེར་ཤོག་ཟེར།
- ཡ་ཟེར།
- དེ་ནས་བུ་དེས་གོ་རེ་ཁྱེར་ནས་སོང་སྟེ་ཁོ་ལ་བྱིན།
- གོ་རེ་ཁྱེར་ནས་མར་ལ་སོང་ནས།
- གོ་རེ་མི་ཉོ་གོ་རེ་མི་ཉོ་ཟེར་ནས་ལག་མགོར་བཀྱེག་ནས་སོང་།
- དེ་ནས་བུ་མོའི་སྐྱེས་པ་དེ་ཡིས་གོ་རེ་ཁོས་ཉོ་ཟེར་ནས་ཉོས།
- ཁོ་ཡིས་ཉོས་པ་རེད།
- ཁོ་ཡིས་ཕྱིར་ཁྱེར་ནས་ཡོང་བ་ཡིན།
- ཁོ་དེ་འདྲའི་བསོད་ཟད་ཅིག་ཡིན་པ་རེད།
- དེ་ནས་བུ་མོ་དང་ཁོ་གཉིས་སྐྱིད་པོ་བྱས་ནས་བསྡད་པ་ཡིན།