Video Overview
"Meto Di Selo Selo” is a boedra performed by Sonam Wangmo from Gangzur Gewog. Its lyrics describe naturally paired things such as people, animals, elements and their environments. The place of the encounter is compared to a throne made of jewels. For instance, the sun and the moon abide in the sky, snow lions live in the mountains, fish swim in the lakes, spiritual teachers dwell in temples; and parents live in the villages.
༉ འབོད་སྒྲ་རྙིངམ་ཅིག་ཨིན་མི་གླུ་གཞས་ མེ་ཏོག་འདི་གསལ་ལོ་གསལ་ལོ་ཟེར་མི་འདི་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་རྒེད་འོག་ བྱང་གཡུས་ཚན་ལས་བསོད་ནམས་དབང་མོ་གིས་འཐེན་ནི་འདུག གླུ་གཞས་དེ་ཡང་ཡོངས་གྲགས་མ་འགྱོ་བའི་འབོད་སྒྲའི་གླུ་གཞས་ཅིག་ཨིནམ་ད་ གླུ་གཞས་ཀྱི་བྱུང་རབས་དང་ཁུངས་ དགོས་པ་ཚུ་ཡང་མི་ཤེས་པས། ག་དེ་སྦེ་ཨིན་ས་ཅིག་རུང་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་ཅིག་ཨིནམ་ད་ ཚིག་འབད་བ་ཅིན་ མེ་ཏོག་འདི་གསལ་ལོ་གསལ་ལོ། །དགུང་སྟོད་ཡ་ལ་གསལ་ལོ། །དགུང་དང་ཁྲི་གདུགས་ཉི་མ། །ནོར་བུ་ཁྲི་ལ་ཕེབས་ཟེར་ ག་ཅི་ཨིན་ས་ཅིག་རུང་ ཆེ་བསྟོད་འབད་དེ་འཐེན་འཐེནམ་གི་གླུ་གཞས་ཅིག་ཨིན་པས།
- Lhuntse
- Gangzur
- བསོད་ནམས་དབང་མོ།Sonam Wangmo: མེ་ཏོག་འདི་གསལ་ལོ་གསལ་ལོ། །དགུང་སྟོད་ཡ་ལ་གསལ་ལོ། །དགུང་དང་ཁྲི་གདུགས་ཉི་མ། །ནོར་བུ་ཁྲི་ལ་ཕེབས། །དགུང་དང་ཁྲི་གདུགས་ཉི་མ། །ནོར་བུ་ཁྲི་ལ་ཕེབས། །
- བསོད་ནམས་དབང་མོ།Sonam Wangmo: མེ་ཏོག་འདི་གསལ་ལོ་གསལ་ལོ། །གངས་སྟོད་ཡ་ལ་གསལ་ལོ། །གངས་དང་སེང་ཆེན་དཀར་མོ། །ནོར་བུ་ཁྲི་ལ་ཕེབས། །གངས་དང་སེང་ཆེན་དཀར་མོ། །ནོར་བུ་ཁྲི་ལ་ཞུ་(ཕེབས་)། །
- བསོད་ནམས་དབང་མོ།Sonam Wangmo: མེ་ཏོག་འདི་གསལ་ལོ་གསལ་ལོ། །སྤང་སྟོད་ཡ་ལ་གསལ་ལོ། །སྤང་དང་ཤཝ་བརྒྱད་རྭ་བཅུ། །ནོར་བུ་ཁྲི་ལ་ཕེབས། །སྤང་དང་ཤཝ་བརྒྱད་རྭ་བཅུ། །ནོར་བུ་ཁྲི་ལ་ཕེབས། །
- བསོད་ནམས་དབང་མོ།Sonam Wangmo: མེ་ཏོག་འདི་གསལ་ལོ་གསལ་ལོ། །མཚོ་སྟོད་ཡ་ལ་གསལ་ལོ། །མཚོ་དང་ཉའུ་ཅུང་གསེར་མོ(གསེར་མིག་ཉ་མོ)། །ནོར་བུ་ཁྲི་ལ་ཕེབས། །མཚོ་དང་ཉའུ་ཅུང་གསེར་མོ(གསེར་མིག་ཉ་མོ)། །ནོར་བུ་ཁྲི་ལ་ཕེབས། །
- བསོད་ནམས་དབང་མོ།Sonam Wangmo: མེ་ཏོག་འདི་གསལ་ལོ་གསལ་ལོ། །དགོན་སྟོད་ཡ་ལ་གསལ་ལོ། །དགོན་དང་མཚན་ལྡན་བླ་མ། །ནོར་བུ་ཁྲི་ལ་ཕེབས། །དགོན་དང་མཚན་ལྡན་བླ་མ། །ནོར་བུ་ཁྲི་ལ་ཤོག(ཕེབས་)། །
- བསོད་ནམས་དབང་མོ།Sonam Wangmo: རྫོང་སྟོད་འདི་གསལ་ལོ་གསལ་ལོ། །རྫོང་སྟོད་ཡ་ལ་གསལ་ལོ། །རྫོང་དང་དབང་ཆེན་དཔོན་པོ། །ནོར་བུ་ཁྲི་ལ་ཕེབས། །རྫོང་དང་དབང་ཆེན་དཔོན་པོ། །ནོར་བུ་ཁྲི་ལ་ཤོག(ཕེབས)། །
- བསོད་ནམས་དབང་མོ།Sonam Wangmo: གཡུས་སྟོད་འདི་གསལ་ལོ་གསལ་ལོ། །གཡུས་སྟོད་ཡ་ལ་གསལ་ལོ། །གཡུས་དང་དྲིན་ཅན་ཕ་མ། །ནོར་བུ་ཁྲི་ལ་ཕེབས། །གཡུས་དང་དྲིན་ཅན་ཕ་མ། །ནོར་བུ་ཁྲི་ལ་ཕེབས།། །།