Skip to main content Skip to search
15 Dec 2011
5 min 34 sec
Transcript search
No results found for this search
0 of 0
 • ཀ།
  འདིའི་གང་གི་འདི་སྨན་བླའི་དཀྱིལ་འཁོར་རེད།འདི་ཞོགས་པས་ཚོགས་ཐེངས་དང་པོ་དེ་ཡིན་ན་སྨན་བླ་སྟོན་གྱི་ཡོད་རེད།བྱས་ཙང་སྨན་བླའི་དཀྱིལ་འཁོར་རེད།དེ་འདྲས་ཡིན་དུས་ཙམ་ལ་སྨན་བླའི་དཀྱིལ་འཁོར་གྱི་ལྷ་ཚོགས་དེ་གཙོ་བོ་ག་རེ་རེད་ཟེར་ན།འདི་སྨན་བླ་དེ་གཤེགས་རྒྱལ།དེ་ནས་མར་བྱས་བྱས་མར་གི་བར་དུ་ཡ་སྨན་བླ་དེ་གཤེགས་བརྒྱད་ཟགས།
  'di'i gang gi 'di sman bla'i dkyil 'khor red/'di zhogs pas tshogs thengs dang po de yin na sman bla ston gyi yod red/byas tsang sman bla'i dkyil 'khor red/de 'dras yin dus tsam la sman bla'i dkyil 'khor gyi lha tshogs de gtso bo ga re red zer na/'di sman bla de gshegs rgyal/de nas mar byas byas mar gi bar du ya sman bla de gshegs brgyad zags/
 • ཀ།
  དེ་གཤེགས་བརྒྱད་ནང་གི་ལྷ་དེ་ག་རེ་རེད་ཟེར་ན།དང་པོ་དེ་ཡིན་ན་དེ་བཞིན་གཤེགས་པ་མཚན་ལེགས་པ་ཡོངས་གྲགས་དཔལ་གྱི་རྒྱལ་པོ།གཉིས་པ་དེ་ཡིན་ན་རིན་པོ་ཆེ་དང་ཟླ་བ་དང་པད་མས་རབ་ཏུ་བརྒྱན་པ།མཁས་པ་གཟི་བྱིན་སྒྲ་དབྱངས་ཀྱི་རྒྱལ་པོ།གསུམ་པ་དེ་ཡིན་ན་གསེར་ཟངས་འདྲེས་མའི་རིན་ཆེན་ན་རྟུལ་ཤུགས་གྲུབ་པ།
  de gshegs brgyad nang gi lha de ga re red zer na/dang po de yin na de bzhin gshegs pa mtshan legs pa yongs grags dpal gyi rgyal po/gnyis pa de yin na rin po che dang zla ba dang pad mas rab tu brgyan pa/mkhas pa gzi byin sgra dbyangs kyi rgyal po/gsum pa de yin na gser zangs 'dres ma'i rin chen na rtul shugs grub pa/
 • ཀ།
  བཞི་པ་དེ་ཡིན་ན་མྱ་ངན་མེ་ཤོག་དཔལ།ལྔ་པ་དེ་ཡིན་ན་ཆོས་གྲགས་རྒྱ་མཚོ་ཡག་དྲུག་པ་དེ་ཡིན་ན་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རེ་བའི་མངོན་པར་མཁྱེན་པ།བདུན་པ་དེ་ཡིན་ན་སྨན་གྱི་བླ་མལ་གྲོལ་ཡ་ཡོལ་གྱི་རྒྱལ་པོ།བརྒྱད་པ་དེ་ཡིན་ན་ལྕོམ་ལྡན་འདས་དེ་བཞིན་གཤེགས་པ།སྒྲ་འཇོམས་པ།ཡང་དག་པ།སྟོན་པ་སངས་རྒྱས།དཔལ་རྒྱལ་པོ་ཤཀྱ་ཐུབ་པ།བྱས་བྱས་དེ་ཡིན་ན་སྨན་བླ་དེ་གཤེགས་བརྒྱད་རེད།
  bzhi pa de yin na mya ngan me shog dpal/lnga pa de yin na chos grags rgya mtsho yag drug pa de yin na chos rgya mtsho mchog gi blo rnam par re ba'i mngon par mkhyen pa/bdun pa de yin na sman gyi bla mal grol ya yol gyi rgyal po/brgyad pa de yin na lcom ldan 'das de bzhin gshegs pa/sgra 'joms pa/yang dag pa/ston pa sangs rgyas/dpal rgyal po shakya thub pa/byas byas de yin na sman bla de gshegs brgyad red/
 • ཀ།
  དེ་གཤེགས་རྒྱལ་གྱི་དཀྱིལ་འཁོར་གྱི་གཙོ་བོའི་ལྷ་ཚོགས་དེ་ཡར་གི་རེད།ད་འདི།ཨ་ནི་ང་ཚོས་ད་ཆོ་ག་དང་མ་བཞིན་སྟོན་བྱེད་པའི་གང་ལ་སྒོམ་བྱ་བྱེད་ཡས་ཀྱི་ལྷ་དེ་འདི་རེད།གཙོ་བོ་འདི་ཡིན་ན་དེའི་དཀྱིལ་འཁོར་ནང་དེའི་ཨོའོ་འདུག་ཟེར་རེད།དེའི་ཆེད་དུ་འདེའི་བཀྲམ་པ་རེད།
  de gshegs rgyal gyi dkyil 'khor gyi gtso bo'i lha tshogs de yar gi red/da 'di/a ni nga tshos da cho ga dang ma bzhin ston byed pa'i gang la sgom bya byed yas kyi lha de 'di red/gtso bo 'di yin na de'i dkyil 'khor nang de'i o'o 'dug zer red/de'i ched du 'de'i bkram pa red/
 • ཀ།
  འདི་ཡིན་ན་སྨན་སྒྲུབ་ཀྱི་དཀྱིལ་འཁོར་གཙོ་བོ་དེ་རེད།གཙོ་བོའི་དཀྱིལ་འཁོར་ནང་གི་ཚོགས་དེ་ཡིན་ན་ག་རེ་རེད་ཟེར་ན།ཨ་ནི་རྩ་བ་གསུམ་བཞག་བླ་མ།ཡིད་དམ།མཁའ་གྲོ་བྱས་བྱས་དེ་འདྲས་ཟེར་དབྱེ་བ་རེད།དེ་ཡིན་དུས་ཙམ་ནས་བླ་མ་དེ་ག་རེ་རེད་ཟེར།ཨ་ནི་རྦད་སྨན་པའི་རྒྱལ་པོ་གཡུ་ཐོག་པའི་སྐུ་ཨ་ནི་གཡུ་ཐོག་གསར།རྙིང་མ་དང་གསར་མ།ཨ་ནི་ཡིད་དམ་དེ་མར་གེའི་གཤམ་ལ་ཡོད་རེད།
  'di yin na sman sgrub kyi dkyil 'khor gtso bo de red/gtso bo'i dkyil 'khor nang gi tshogs de yin na ga re red zer na/a ni rtsa ba gsum bzhag bla ma/yid dam/mkha' gro byas byas de 'dras zer dbye ba red/de yin dus tsam nas bla ma de ga re red zer/a ni rbad sman pa'i rgyal po g.yu thog pa'i sku a ni g.yu thog gsar/rnying ma dang gsar ma/a ni yid dam de mar ge'i gsham la yod red/
 • ཀ།
  འདི་ཡིན་ན་མཁའ་གྲོ་ཟེར་བྱས་བྱས།མཁའ་གྲོ་དཔལ་ལྡན་ཕྲེང་བ།འདུག་ཟེར་རེད།ད་འདི་ཡིན་ན་དཀྱིལ་འཁོར་ལྷ་ཚོགས་ནང་གི་གཙོ་བོ།རྒྱུད་བཞི་བཤད་མཁན་གྱི་ཨ་ནི་གཙོ་བོ་ཡིན་ནའི་སྤྲུལ་གཞི་ཨ་ནི་རྦད་སྨན་བླ་མན་གྲོལ་ཡ།ཨ་ནི་རྦད་འདིའི་སྤྲུལ་པའི་ཨ་ནི་རྦད་ཐུགས་ཀྱི་སྤྲུལ་པ་ཨ་ནི་འདི་དྲང་སྲོང་རིག་པའི་ཡེ་ཤེས།རྩ་རྒྱུད་གསུང་མཁན་དྲང་སྲོང་རིག་པའི་ཡེ་ཤེས།འདིའི་དཀར་པོ་འདི་ཡིན་ན་བཤད་རྒྱུད་གསུང་མཁན་གྱི་ཨ་ནི་རྦད་དེ་དྲང་སྲོང་རིག་པའི་ཡེ་ཤེས།སྐུ་སྤྲུལ་རིག་པའི་ཡེ་ཤེས་ཟེར་གྱི་རེད།ད་འདི་ཐུགས་སྤྲུལ་རིག་པའི་ཡེ་ཤེས།
  'di yin na mkha' gro zer byas byas/mkha' gro dpal ldan phreng ba/'dug zer red/da 'di yin na dkyil 'khor lha tshogs nang gi gtso bo/rgyud bzhi bshad mkhan gyi a ni gtso bo yin na'i sprul gzhi a ni rbad sman bla man grol ya/a ni rbad 'di'i sprul pa'i a ni rbad thugs kyi sprul pa a ni 'di drang srong rig pa'i ye shes/rtsa rgyud gsung mkhan drang srong rig pa'i ye shes/'di'i dkar po 'di yin na bshad rgyud gsung mkhan gyi a ni rbad de drang srong rig pa'i ye shes/sku sprul rig pa'i ye shes zer gyi red/da 'di thugs sprul rig pa'i ye shes/
 • ཀ།
  སེར་པོ་དེ་ཡིན་ན་མན་ངག་རྒྱུད་གསུང་མཁན་གྱི་ཨ་ནི་ཡོན་ཏན་གྱི་སྤྲུལ་པ་རིག་པའི་ཡེ་ཤེས།ལྗང་ཁུ་དེ་ཡིན་ན་ག་རེ་རེད་ཟེར་ན།ཕྱི་མ་རྒྱུད་གསུང་མཁན་གྱི་འཕྲིན་ལས་ཀྱི་སྤྲུལ་པ་དྲང་སྲོང་རིག་པའི་ཡེ་ཤེས།དམར་པོ་དེ་ཡིན་ན་རྒྱུད་བཞིའི་ཞུ་བ་པོ་ཨ་ནི་རྦད་གསུང་གྲོལ་ཡིད་ལྷ་རྒྱས།ཡར་སྐད་ཆ་དྲི་མཁན་དེ་རེད།དྲི་བ་གཏོང་མཁན་དེ།གཞན་དག་བཞི་པོ་དེ་མར་གསུང་མཁན་དེ་རེད།བྱས་ཙང་རྒྱུད་བཞི་བཤད་མཁན་གྱི་དེ་སྨན་བླའི་སྤྲུལ་པ་ཨ་ནི་རྦད་དེ་དྲང་སྲོང་རིག་པའི་ཡེ་ཤེས།བཤད་ལྔ་ཟེར་བྱས་བྱས་ཨོའོ་འདི་རེད།
  ser po de yin na man ngag rgyud gsung mkhan gyi a ni yon tan gyi sprul pa rig pa'i ye shes/ljang khu de yin na ga re red zer na/phyi ma rgyud gsung mkhan gyi 'phrin las kyi sprul pa drang srong rig pa'i ye shes/dmar po de yin na rgyud bzhi'i zhu ba po a ni rbad gsung grol yid lha rgyas/yar skad cha dri mkhan de red/dri ba gtong mkhan de/gzhan dag bzhi po de mar gsung mkhan de red/byas tsang rgyud bzhi bshad mkhan gyi de sman bla'i sprul pa a ni rbad de drang srong rig pa'i ye shes/bshad lnga zer byas byas o'o 'di red/
 • ཀ།
  འདིའི་དཀྱིལ་འཁོར་དེའི་ནང་གི་འདི་ཡའི་སྒྲིག་ཡོང་ཡས་དེ་ཚོ་ཨོའོ་འདི་སྒོམ་བྱ་བྱེད་ཡས།མིས་སྒོམ།བསམ་བློ་བཏང་ཡས་སྒོམ་བྱ་བྱེད་ཡས་ཀྱི་དེ་འདྲས་རེད།ལྷ་ལྷ་ཚོགས།ད་གིན་ཁྱེད་རང་ལ་གོང་དུ་ཞུས་པའི་ད་གིན་བླ་མ་གཙོ་བོ་དེ་གཡུ་ཐོག་དང་ཨ་ནི་མཁའ་གྲོ་བྱས།ཨ་ནི་འདི་ཡིད་དམ།རྟ་འགྲིན་རེད།ཡིད་དམ་རྟ་མགྲིན།འདི་ཡའི་དཀྱིལ་འཁོར་གྱི་གཙོ་བོའི་ལྷ་ཚོགས་གྲངས་རེད།
  'di'i dkyil 'khor de'i nang gi 'di ya'i sgrig yong yas de tsho o'o 'di sgom bya byed yas/mis sgom/bsam blo btang yas sgom bya byed yas kyi de 'dras red/lha lha tshogs/da gin khyed rang la gong du zhus pa'i da gin bla ma gtso bo de g.yu thog dang a ni mkha' gro byas/a ni 'di yid dam/rta 'grin red/yid dam rta mgrin/'di ya'i dkyil 'khor gyi gtso bo'i lha tshogs grangs red/
 • ཀ།
  ད་འདི་གས།འདི་ཡིན་ན་ཨ་ནི་རྦད་སྨན་སྲུང་དམ་ཅན་སྡེ་དགུ་ཟེར་བྱས་བྱས་སྣ་ཁ་དགུ་ཡོད་རེད།དགུ་གྲངས་ཀ་དེ་དགུ་དམ་ཅན་སྡེ་དགུའི་ནང་གི་ཨ་ནི་འདི་ཞང་བློན་རྡོར་རྗེ་སྡེ་བདུན།དེའི་འཁོར་ལ་ཡ་ཨ་ནི་རྦད་དེ་ལྷ་མ་ཨེར་ཀ་ཛྷ་དྷི།ཨ་ནི་འདི་ཡིན་ན་ཁྱབ་འཇུག་ཆེན་པོ་རའུ་ལགས།
  da 'di gas/'di yin na a ni rbad sman srung dam can sde dgu zer byas byas sna kha dgu yod red/dgu grangs ka de dgu dam can sde dgu'i nang gi a ni 'di zhang blon rdor rje sde bdun/de'i 'khor la ya a ni rbad de lha ma er ka dz+ha d+hi/a ni 'di yin na khyab 'jug chen po ra'u lags/
 • ཀ།
  འདི་ཡིན་ན་མཁའ་གྲོའི་གཙོ་མ།འདི་མ་རེད་ཤག་ཕར་གའི་ཕར་རེད་ཤག་འདི་ཡིན་ན་མཁའ་གྲོ་མཁའ་གྲོ་ལྕེ་ལྗང་ཤུག་དམར།འདི་གནོད་སྦྱིན་གཤན་པ་དམར་པོ།འདི་སྲིན་པ་འགྲམ་བདུན་འཇིགས་བྱེད།ཨོང་།འདི་དམ་ཅན་ས་འོལ་པ་སྒྲ་འདི་བདུན་མ་ཤེས་ལྡིང་རབ་གསལ།འདི་བདུན་མ་ཤེས་ལྡིང་རབ་གསལ།འདི་སོག་རྟ་ཧབ་གཟེ་ནག་པོ།བྱས་བྱས་ཨོའོ་ད་འདི་དམ་ཅན་སྡེ་དགུ་ཞང་བློན་སྡེ་དགུའི་ཟེར་གྱི་རེད།དམ་ཅན་སྡེ་དགུའི་ཟེར་གྱི་རེད།ཨོའོ་འདི་གས་སྨན་གྱི་སྲུང་མ་དེ་གས་དེ་རེད།
  'di yin na mkha' gro'i gtso ma/'di ma red shag phar ga'i phar red shag 'di yin na mkha' gro mkha' gro lce ljang shug dmar/'di gnod sbyin gshan pa dmar po/'di srin pa 'gram bdun 'jigs byed/ong /'di dam can sa 'ol pa sgra 'di bdun ma shes lding rab gsal/'di bdun ma shes lding rab gsal/'di sog rta hab gze nag po/byas byas o'o da 'di dam can sde dgu zhang blon sde dgu'i zer gyi red/dam can sde dgu'i zer gyi red/o'o 'di gas sman gyi srung ma de gas de red/
 • ཀ།
  གཡུ་ཐོག་ཡོན་ཏན་མགོན་པོའི་རྒྱུད་བཞི་གཏན་ལ་འབེབས་དུས་ཙམ་ལ་ཡ་ཨ་ནི་ཆོས་སྐྱོང་ཤིང་བྱ་ཅན་ཟེར་མཁན་དེ་ལ་ཡ་ཨ་ནི་རྦད་དེ་གཏེར་སྲུང་བྱས་བྱས་འདི་སྤྲད་གནང་པ་རེད།རྩིས་སྤྲད་གནང་པ་རེད།འདི་བྱས་ཨ་ནི་ད་རྒྱལ་པོ་སྐུ་ལྔ་ཟེར་བྱས་བྱས་སྐུ་སྔའི་གྲངས་དེ་གཅིག་རེད།ཨ་ནི་དེ་ད་ལྟ་ང་ཚིའི་དེའི་དཀྱིལ་ལ་ཡོད་པ་འདི་ནི་བྱང་ཕྱོགས་འཕྲིན་ལས་རྒྱལ་པོ་རེད།དངོས་གནས་བྱས་པ་ཡིན་ན་གནོད་སྦྱིན་ཤིང་བྱ་ཅན་ཟེར་བྱས་བྱས་ད་ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ་དེ་འཁལ་གྱི་ཡོད་རེད།བྱས་ཙང་ཨོའོ་འདིའི་སྐུ་ཐང་དེ་རེད།འདི་གས་དེ་གང་ག་ད་དཀྱིལ་འཁོར་མཐའི་ཨ་ནི་རྦད་ང་ཚོའི་ཡིན་ན་སྐུ་སྲུང་རྩིས་དེ་རེད་སྲུང་མ།ཨོའོ་ཡ།ད་མཁྱེན་སོང་ངམ།
  g.yu thog yon tan mgon po'i rgyud bzhi gtan la 'bebs dus tsam la ya a ni chos skyong shing bya can zer mkhan de la ya a ni rbad de gter srung byas byas 'di sprad gnang pa red/rtsis sprad gnang pa red/'di byas a ni da rgyal po sku lnga zer byas byas sku snga'i grangs de gcig red/a ni de da lta nga tshi'i de'i dkyil la yod pa 'di ni byang phyogs 'phrin las rgyal po red/dngos gnas byas pa yin na gnod sbyin shing bya can zer byas byas da lho phyogs yon tan rgyal po de 'khal gyi yod red/byas tsang o'o 'di'i sku thang de red/'di gas de gang ga da dkyil 'khor mtha'i a ni rbad nga tsho'i yin na sku srung rtsis de red srung ma/o'o ya/da mkhyen song ngam/