Skip to main content Skip to search
15 Dec 2011
8 min 18 sec
Transcript search
No results found for this search
0 of 0
 • ཀ།
  ཨང་།ག་རེ་ཟེར་དགོས་རེད།བདུད་རྩི་སྨན་སྒྲུབ་སྐབས་དེའི་ཡིན་ན་ཨ་ནི་ང་ཚོའི་སྦྱིན་སྲེག་གནང་ཡས་ཅིག་ཡོད་རེད།སྦྱིན་སྲེག་ཨ་ནི་ཞི་བའི་སྦྱིན་སྲེག་བྱས།ཨ་ནི་རྒྱས་པའི་སྦྱིན་སྲེག་བྱས།དབང་གི་སྦྱིན་སྲེག་བྱས་དྲག་པའི་སྦྱིན་སྲེག་བྱས་བཞི་ཡོའོ་རེད་ཟེར།ཡིན་ན་ཡང་དེ་བཞི་པའི་ནང་ལ་ང་ཚོའི་དབང་གི་སྦྱིན་སྲེག་ཟེར་ཡས་དེ་ཨ་ནི་བཏང་གི་ཡོད་མ་རེད་ཟེར།
  ang /ga re zer dgos red/bdud rtsi sman sgrub skabs de'i yin na a ni nga tsho'i sbyin sreg gnang yas cig yod red/sbyin sreg a ni zhi ba'i sbyin sreg byas/a ni rgyas pa'i sbyin sreg byas/dbang gi sbyin sreg byas drag pa'i sbyin sreg byas bzhi yo'o red zer/yin na yang de bzhi pa'i nang la nga tsho'i dbang gi sbyin sreg zer yas de a ni btang gi yod ma red zer/
 • ཀ།
  འདི་ག་རེ་རེད་ཟེར་ན།དབང་གི་སྦྱིན་སྲེགབཏང་དུས་གང་ལ་ཨ་ནི་རྦད་བཏང་མཁན་དེ་བླ་མ་སློབ་དཔོན་དེ་ཡིན་ན་རྟོག་པ་ལྡན་པ།ཨ་ནི་འདི།རྟུལ་ཐུབ་པ་དེ་འདྲས་དགོས།ག་རེ་ཟགས།དེ་ནི་གནོད་པ་དང་གང་ག་འགོག་ཐུབ་པ་དེ་འདྲས་ཅིག་དགོས་ཀྱི་ཡོད་རེད་ཟེར།བྱས་ཙང་དབང་གི་སྦྱིན་སྲེག་དེ།དྲག་པོའི་སྦྱིན་སྲེག་བཏང་།ས་རུབ་ནས།ས་སྲོས་དཀྱིལ་ལ།ས་རུབ་ནས་ཨ་ནི་དབང་ཆས་ནག་པོ་གྱོན་དེ་འདྲས་བྱེད་ཀྱི་ཡོད་རེད་ཟེར།
  'di ga re red zer na/dbang gi sbyin sregabatanga dus gang la a ni rbad btang mkhan de bla ma slob dpon de yin na rtog pa ldan pa/a ni 'di/rtul thub pa de 'dras dgos/ga re zags/de ni gnod pa dang gang ga 'gog thub pa de 'dras cig dgos kyi yod red zer/byas tsang dbang gi sbyin sreg de/drag po'i sbyin sreg btang /sa rub nas/sa sros dkyil la/sa rub nas a ni dbang chas nag po gyon de 'dras byed kyi yod red zer/
 • ཀ།
  ཨ་ནི་རྟོག་པ་མཐོ་པོ་བྱས་དེ་འདྲས་དགོས་རེད།བྱས་ཙང་འདི་ཡིན་ན་ང་ཚོས་བཞག་པ་རེད་ཟེར།དེ་འདྲས་ཀྱི་རྟོག་པ་གའི་ཡོད་མ་རེད་པ།བཞག་པ་རེད་ཟེར།ད་དེའི་ཞི་བའི་སྦྱིན་སྲེག་རེད།དེ་རིང་།ད་ཉི་མ།སྨན་སྒྲུབ་ཉི་མ་བདུན་ཡོད་རེད་ཟེར།སྨན་སྒྲུབ་ངོ་མ་དེ་ཨ་ནི་འདིའི་ཉི་མ་བདུན་ཡོད་པའི་ནང་ལ་ཉི་མ་བཞི་པའི་ཐོག་ལ་ད་ཞི་བའི་སྦྱིན་སྲེག་ཟེར་འདི་རེད་ཟེར་དེ་རིང་དེ།
  a ni rtog pa mtho po byas de 'dras dgos red/byas tsang 'di yin na nga tshos bzhag pa red zer/de 'dras kyi rtog pa ga'i yod ma red pa/bzhag pa red zer/da de'i zhi ba'i sbyin sreg red/de ring /da nyi ma/sman sgrub nyi ma bdun yod red zer/sman sgrub ngo ma de a ni 'di'i nyi ma bdun yod pa'i nang la nyi ma bzhi pa'i thog la da zhi ba'i sbyin sreg zer 'di red zer de ring de/
 • ཀ།
  ཞི་བའི་སྦྱིན་སྲེག་སྦྱིན་སྲེག་གང་ཡིན་ཟེར་ན།སྦྱིན་སྲེག་ཟེར་བ་དེ་སྤྱིར་མེ་ལྷ་མཆོད་པ་ཟེར།མེ།མེའི་ལྷ་དེ་མེ་ལྷ་ལ་ཨ་ནི་རྦད་་་་་དང་མཆོད་པ་དང་དེ་ཚོ་ཕུལ་བྱས།རེད་པ།མེ་ལྷ་སྤྱན་དྲངས།མེ་ལྷ་མཆོད་ཨ་ནི་མར་ཁུ་ཕུལ།མེ་ལྷ་མཆོད་པ་ཟེར།དེ་ལ་ག་རེ་ཟེར་ན།ཞི་བའི་སྦྱིན་སྲེག་ཨ་ནི་གཙོ་བོ་ག་རེ་ལ་ཕན་གྱི་ཡོད་རེད་ཟེར་ན།ཨ་ནི།ན།ན་ཚ།ནད་ན་ཚ་ཟེར་ཡས་དང་།གདོན་གསེལ་ཐུབ་པ།ནད་གདོན།གདོན་ཟེར་དུས་གནོད་པ་དེ་ཚོ་ཕར་ལྡོག་ཡས་དང་།ཡང་སྡིག་སྒྲིབ་ཟེར་ཡས་འདྲ་སོ་སོའོ་ཨ་ནི་ཧ་ལམ་སྡིག་པ་མང་པོ་བསགས་བསྡད་པ་རེད་པ།དེ་ཚོ་དག་ཡས་དང་།
  zhi ba'i sbyin sreg sbyin sreg gang yin zer na/sbyin sreg zer ba de spyir me lha mchod pa zer/me/me'i lha de me lha la a ni rbad dang mchod pa dang de tsho phul byas/red pa/me lha spyan drangs/me lha mchod a ni mar khu phul/me lha mchod pa zer/de la ga re zer na/zhi ba'i sbyin sreg a ni gtso bo ga re la phan gyi yod red zer na/a ni/na/na tsha/nad na tsha zer yas dang /gdon gsel thub pa/nad gdon/gdon zer dus gnod pa de tsho phar ldog yas dang /yang sdig sgrib zer yas 'dra so so'o a ni ha lam sdig pa mang po bsags bsdad pa red pa/de tsho dag yas dang /
 • ཀ།
  དེ་འདྲས་ཆེད་དུ་འདི་དང་།ཨ་ནི་ལྷག་པར་དུ་སྨན་སྒྲུབ་དེ་འདིའི་ནང་ལ་གནད་དོན་བར་ཆད་དམ་དེ་བར་ལ་གེགས་བར་ཆད་ག་རེ་ཡོད་ནའི་འདི་ལྡོག་ཡས་ཆེད་དུ་ཨ་ནི་ཞི་བའི་སྦྱིན་སྲེག་ཕུལ་གྱི་ཡོད་རེད་ཟེར།འཻ་ཡིན་ན་ཨ་ནི་ཕུལ་ན་གཤེན་པ་ལ་ཨའ་དེ་འདྲས་གནད་དོན་ལ་ཕན་གྱི་རེད་ཟེར།གསོན་པོ་ལ་ཨ་ནི་དེ་གས་དེ་ཕན་གྱི་ཡོད་ཟེར་གྱི་ཡོད་རེད་ཟེར།བྱས་ཙང་དེ་ཡིན་ན་ཞི་བའི་སྦྱིན་སྲེག་ཟེར་འདི་འདི་རེད་ཟེར།ཨ་ནི་དེ་གས་བྱས་ཞུ་མི་དགོས་པ་འདྲ་ཅིག་ཨ་ནི་འདི་གང་ལྟར་དེ་ཚོ་སོ་སོ་ལ་འགྲེལ་བཤད་མང་པོ་ཡོད་རེད་དེའི་ཨ་ནི་རེད་པ།
  de 'dras ched du 'di dang /a ni lhag par du sman sgrub de 'di'i nang la gnad don bar chad dam de bar la gegs bar chad ga re yod na'i 'di ldog yas ched du a ni zhi ba'i sbyin sreg phul gyi yod red zer/'ai yin na a ni phul na gshen pa la a' de 'dras gnad don la phan gyi red zer/gson po la a ni de gas de phan gyi yod zer gyi yod red zer/byas tsang de yin na zhi ba'i sbyin sreg zer 'di 'di red zer/a ni de gas byas zhu mi dgos pa 'dra cig a ni 'di gang ltar de tsho so so la 'grel bshad mang po yod red de'i a ni red pa/
 • ཀ།
  ཨ་ནི་འབྲས་འཕུལ་ན་ག་རེ།སོལ་བ་དང་སེ་ཏ།ཨ་ནི་འདི་དཀར་ནག་ད་ག་ནང་བཞིན་དེ་ཚོ་འཕུལ་དགོས་རེད།དེ་ཚོ་ཡིན་ན་ཁོང་ཚོའི་སྦྱིན་སྲེག་གི་མེ་ལྷའི་མཆོད་པ་འཕུལ་ཡས་དང་དེ་འདྲས་བྱེད་དུས་ཨ་ནི་དེ་ཚོ་ལྷ་དེ་ཚོ་མཉེས་པོ་བྱས་ཨ་ནི་གཞི་ནས་ང་ཚོ་འདོད་འདུན་བསམ་པ་སྒྲུབ་པའི་ཆེད་དུ་རེད་ཟེར།ད་དེ་ནས་ཞི་བའི་སྦྱིན་སྲེག་རེད།
  a ni 'bras 'phul na ga re/sol ba dang se ta/a ni 'di dkar nag da ga nang bzhin de tsho 'phul dgos red/de tsho yin na khong tsho'i sbyin sreg gi me lha'i mchod pa 'phul yas dang de 'dras byed dus a ni de tsho lha de tsho mnyes po byas a ni gzhi nas nga tsho 'dod 'dun bsam pa sgrub pa'i ched du red zer/da de nas zhi ba'i sbyin sreg red/
 • ཀ།
  ད་རྒྱས་པའི་སྦྱིན་སྲེག་དེ་ག་རེ་རེད་ཟེར་ན།ད་ཨའ་ག་རེ་ཟེར་དགོས་རེད།ཨ་ནི་ང་རང་ཚོ་སྒྲུབ་པ་པོ་ཡིན་ནའི་རེད།མི་སུ་ཡིན་ན།གསོན་པ་དེ།མི་གསོན་པ་སུ་ཡིན་ནའི་རེད།ཚེ་དང་།ཚེ་འཕེལ་ཡས།བསོད་ནམས་འཕེལ་ཡས།རེད་པ།ཚེ་འཕེལ་ཡས་ཟེར་ཚེ་རིང་པོ་ཡོང་ཡས་དང་དེ་འདྲས།བསོད་ནམས་འཕེལ་ཡས་དེ་ང་རང་ཚོ་སོ་སོ་བསོད་ནམས་ཡག་པོ་ཡོང་ཡས།ཨ་ནི་དེའི་ནང་ལ་ལྷག་པར་དུ་ཨ་ནི་རྦད་སོ་སོ་གཟི་བརྗིད་བཀྲག་མདངས་མཁྱེར་ཡས་དང་།ཨ་ནི་ད་ག་ནང་བཞིན་དཔལ་འབྱོར།ཚེ་བསོད་དཔལ་འབྱོར།དཔལ་འབྱོར་དེ་ཚོ་ཡག་པོ་ཡོང་ཡས།དེ་འདྲས་བྱས་ནས་ཨ་ནི་འདོད་འདུན་བསྒྲུབ་ཡས་ཆེད་དུ་འདི་དང་ཨ་ནི་ལྷག་པར་དུ་ང་ཚོའི་སྨན་སྒྲུབ་དེ་བྱེད་པའི་སྐབས་ལ་ཨ་ནི་རྒྱས་པའི་ཞེ་ཅིག་རྒྱས་པའི་ལས་དེ་ཚོ་དོན་དག་དེ་ཚོ་སྒྲུབ་པ་དང་ཨ་ནི་དེ་ཚོ་སྒྲུབ་པ་པོ་དང་གང་ག་ལ་བར་ཆད་མི་ཡོང་བའི་ཆེད་དུ་ཨ་ནི།
  da rgyas pa'i sbyin sreg de ga re red zer na/da a' ga re zer dgos red/a ni nga rang tsho sgrub pa po yin na'i red/mi su yin na/gson pa de/mi gson pa su yin na'i red/tshe dang /tshe 'phel yas/bsod nams 'phel yas/red pa/tshe 'phel yas zer tshe ring po yong yas dang de 'dras/bsod nams 'phel yas de nga rang tsho so so bsod nams yag po yong yas/a ni de'i nang la lhag par du a ni rbad so so gzi brjid bkrag mdangs mkhyer yas dang /a ni da ga nang bzhin dpal 'byor/tshe bsod dpal 'byor/dpal 'byor de tsho yag po yong yas/de 'dras byas nas a ni 'dod 'dun bsgrub yas ched du 'di dang a ni lhag par du nga tsho'i sman sgrub de byed pa'i skabs la a ni rgyas pa'i zhe cig rgyas pa'i las de tsho don dag de tsho sgrub pa dang a ni de tsho sgrub pa po dang gang ga la bar chad mi yong ba'i ched du a ni/
 • ཀ།
  གཟི་བྱིན་བཀྲག་མདངས་སྐྱེས་ཡས་དང་།ཨོའོ་དེ་འདྲས་རེད།ཆེད་དུ།ཨ་ནི་ཚེ་དང་བསོད་ནམས་འཕེལ་ཡས་ཀྱི་ཆེད་དུ་ཨ་ནི་དེ་རྒྱས་པའི་སྦྱིན་སྲེག་རེད་ཟེར།ད་དབང་གི་སྦྱིན་སྲེག་ཟེར་ཡས་འདི་ཡིན་ན་ད་ཨའ་ག་རེ་ཟེར་ན་གཙོ་བོ་དེ་ཁམས་གསུམ་དབང་དུ་འདུ་བ་དང་ཟེར་ད།ཨའ་ཁམས་གསུམ་ཟེར་ས་འོག་ས་སྟེང་ས་བླ་གསུམ།འཇིག་རྟེན་གྱི་ཁམས་གསུམ་པོ་དེ་ས་འོག་ས་འོག་ལ་ཀླུ།ས་སྟེང་ལྷ་ཡུལ།བར་མཚམས་ལ་ང་ཚོ་མི་བྱས།ཨོའོ་དེ་གས་གསུམ་ས་འོག་ས་སྟེང་འཇིག་རྟེན་ཁམས་འདི།ཨོའོ་འདི་གས་འདི་གས་དེ་ཨོའོ་དཔལ་འབྱོར་དང་ག་རེ་ཡིན་ནའི་ད་གས་དབང་དུ་འདུ་ཐུབ་པ་དང་།
  gzi byin bkrag mdangs skyes yas dang /o'o de 'dras red/ched du/a ni tshe dang bsod nams 'phel yas kyi ched du a ni de rgyas pa'i sbyin sreg red zer/da dbang gi sbyin sreg zer yas 'di yin na da a' ga re zer na gtso bo de khams gsum dbang du 'du ba dang zer da/a' khams gsum zer sa 'og sa steng sa bla gsum/'jig rten gyi khams gsum po de sa 'og sa 'og la klu/sa steng lha yul/bar mtshams la nga tsho mi byas/o'o de gas gsum sa 'og sa steng 'jig rten khams 'di/o'o 'di gas 'di gas de o'o dpal 'byor dang ga re yin na'i da gas dbang du 'du thub pa dang /
 • ཀ།
  ད་༼མི་༽རེད་པ།དབང་ཆེན་པོ་མི་དང་མ་སོང་ནའི་དབང་།འདིའི་དབང་དུ་འདུ་ཐུན་པ་དང་ཨ་ནི་མི་ནོར་ཆོས་གསུམ།མི་དང་།ནོར་དང་།ཆོས་དེ་གས་དེ་འཕེལ་ཡས་དང་དེ་འདྲས་ཆེད་དུ་ཨ་ནི་ཡག་པོ་ཡོང་བའི་ཆེད་དུ་ཨ་ནི་དབང་གི་འདི་རེད་ཟེར།དབང་དུ་འདུ་ཐུབ་པ་དང་ཨ་ནི་སོ་སོ་རང་གི་གནོད་པ་ག་རེ་ཡོད་ན་དེའི་འོག་ལ་འདུ་ཐུབ་ནས་ཨ་ནི།ཨོང་འདིའི་འོག་ལ།གཞན་ལ་དེ་བྱེད་མི་དགོས།གཞན་གྱི་དབང་དུ་འདུ་ཐུབ་པ་ཨོའོ་དེ་འདྲས་ལ་དབང་ཟེར་གྱི་རེད་ཟེར།
  da (mi )red pa/dbang chen po mi dang ma song na'i dbang /'di'i dbang du 'du thun pa dang a ni mi nor chos gsum/mi dang /nor dang /chos de gas de 'phel yas dang de 'dras ched du a ni yag po yong ba'i ched du a ni dbang gi 'di red zer/dbang du 'du thub pa dang a ni so so rang gi gnod pa ga re yod na de'i 'og la 'du thub nas a ni/ong 'di'i 'og la/gzhan la de byed mi dgos/gzhan gyi dbang du 'du thub pa o'o de 'dras la dbang zer gyi red zer/
 • ཀ།
  ཨོའོ་ད་བྱས་ཙང་ཉི་མ་གསུམ་པ་འདི་ཨ་ནི་སང་ཉིན་བྱས་ཨ་ནི་ཉི་མ་དང་།བཞི་པ་དེ་ཨོའོ་ཞི་བའི་སྦྱིན་སྲེག་བྱས།ཉིན་མ་ལྔ་པ་དེ་ལ་ཨ་ནི་འདི་རེད་པ།ཉིན་མ་ལྔ་པ་རེད་པ།གཉིས་པ་དེ་ལ་ཨ་ནི་དབང་ག་རེ་ཟེར་དགོས་རེད།རྒྱས་པ་སྦྱིན་སྲེག་བྱས།ཨ་ནི་ཉི་མ་དྲུག་པ་དེ་ལ་དབང་གི་སྦྱིན་སྲེག་བྱས།ཨོའོ་འདུག་ཟེར་རེད་ཟེར།བྱས་ཙང་དྲག་པོ་དེ་ད་ཨ་ནི་ང་རང་ཚོའི་ད་གིན་གོང་དུ་ཞུས་པ་ནང་བཞིན་ཨ་ནི་འདི་རྦད་ནད་དང་དེ་ཚོ་གནོད་པ།ཨ་ནི་དཔེར་ན།གདོན་གེགས་ག་རེ་ཡོད་ནའི་དེ་ཚོ་རྦད་མི་མ་ཡིན་དང་།མི་དང་།ལྷ་དང་།བླ་མ།ཨ་ནི་མི་དང་གཟུགས་ཅན་དང་གཟུགས་མེད་དང་དེ་གས་འདུ་ཐུབ་ནས་ཨ་ནི་རྦད་དེ་གས་རྟུལ་ཐུབ་ཡས་ཀྱི་རྟོག་པ་དགོས་རེད་ཟེར།
  o'o da byas tsang nyi ma gsum pa 'di a ni sang nyin byas a ni nyi ma dang /bzhi pa de o'o zhi ba'i sbyin sreg byas/nyin ma lnga pa de la a ni 'di red pa/nyin ma lnga pa red pa/gnyis pa de la a ni dbang ga re zer dgos red/rgyas pa sbyin sreg byas/a ni nyi ma drug pa de la dbang gi sbyin sreg byas/o'o 'dug zer red zer/byas tsang drag po de da a ni nga rang tsho'i da gin gong du zhus pa nang bzhin a ni 'di rbad nad dang de tsho gnod pa/a ni dper na/gdon gegs ga re yod na'i de tsho rbad mi ma yin dang /mi dang /lha dang /bla ma/a ni mi dang gzugs can dang gzugs med dang de gas 'du thub nas a ni rbad de gas rtul thub yas kyi rtog pa dgos red zer/
 • ཀ།
  འདི་ཕར་རྟུལ་པ་མ་ཟད་ཚུར་སྒྲུབ་པ་པོ་ལ་ཟེར།ད་སྨན་སྒྲུབ་བྱེད་མཁན་དང་ཚུར་གནོད་པ་བསྐྱལ་གྱི་ཡོད་ཟེར་གྱི་ཡོད་རེད་ཟེར།དེ་འདྲས་སོང་ཙང་འདིས་ཨ་ནི་ད་གིན་གོང་དུ་ཞུས་པའི་ཨ་ནི་རྟོག་པ་ལྡན་པ།གང་མིན་ཚད་ཅིག་དགོས་ཀྱི་ཡོད་རེད།བླ་མ་རྙིང་པ་འཁྱོལ་པ།དེ་འདྲས་ཅིག་དགོས་ཀྱི་ཡོད་རེད་ཟེར།འདི་སོང་ཙང་།འདི་བྱས་པ་ཡིན་ན་ཉེན་ཁ་ཡོད་རེད་ཟེར།ཨ་ནི་འདི་བྱེད་ཀྱི་ཡོད་མ་རེད།ཡོད་རེད།སྦྱིན་སྲེག་བཞི་ཡོད་རེད།ཡོད་ད་ཡོད་རེད།འདུག་ཟེར།མདོར་བསྡུས་ན་སྦྱིན་སྲེག་ཞི་རྒྱས་དབང་དྲག་ཟེར།དབང་དྲག་པ་གསུམ།འདི་གས་སྒོ་ནས་འདི་རེད་ཟེར།
  'di phar rtul pa ma zad tshur sgrub pa po la zer/da sman sgrub byed mkhan dang tshur gnod pa bskyal gyi yod zer gyi yod red zer/de 'dras song tsang 'dis a ni da gin gong du zhus pa'i a ni rtog pa ldan pa/gang min tshad cig dgos kyi yod red/bla ma rnying pa 'khyol pa/de 'dras cig dgos kyi yod red zer/'di song tsang /'di byas pa yin na nyen kha yod red zer/a ni 'di byed kyi yod ma red/yod red/sbyin sreg bzhi yod red/yod da yod red/'dug zer/mdor bsdus na sbyin sreg zhi rgyas dbang drag zer/dbang drag pa gsum/'di gas sgo nas 'di red zer/
 • ཀ།
  ཨ་ནི་ད་རེས་ག་རེ་ཟེར་ན།སྨན་སྒྲུབ་སྐོར་གྱི་ད།ཨོང་བྱིན་བསྲེག་སྐོར་དེ་ད་ད་ག་རང་རེད་ད།གཙོ་བོ་གོང་དུ་མེ་ལྷ་རེད་པ།ད་མེ་ལྷ་ཡིན་ན་ཨ་ནི་ཞི་བའི་སྦྱིན་སྲེག་དང་ཨ་ནི་ཐབ་ཡིན་ན་དཀར་པོ་དང་དེ་གས་དེ་ཞལ་བྱ་ལ་བཏང་ཡས་དང་ཨ་ནི་རྒྱས་པའི་སྦྱིན་སྲེག་ལ་ཡིན་ན་ཨ་ནི་ཨོའོ་དམར་པོ་ཡིན་པ་དང་།ཨའ་དམར་པོ་མ་རེད།ག་རེ་ཟགས།སེར་པོ་ཡིན་པ་དཀྱིལ་འཁོར་སེར་པོ་ཡིན་པ་དང་།དེ་ཁོ་རེའི་དབང་གི་མཚོན་རྟགས་འདྲ་དེ་འདི་རེད།
  a ni da res ga re zer na/sman sgrub skor gyi da/ong byin bsreg skor de da da ga rang red da/gtso bo gong du me lha red pa/da me lha yin na a ni zhi ba'i sbyin sreg dang a ni thab yin na dkar po dang de gas de zhal bya la btang yas dang a ni rgyas pa'i sbyin sreg la yin na a ni o'o dmar po yin pa dang /a' dmar po ma red/ga re zags/ser po yin pa dkyil 'khor ser po yin pa dang /de kho re'i dbang gi mtshon rtags 'dra de 'di red/
 • ཀ།
  དབང་གི་བྱིན་བསྲེག་ཡིན་ན་དམར་པོ།དེ་འདྲས་ཀྱི་དྲག་ཤུགས་ཀྱི་དབྱིངས་དེ་རེད་ཟེར།ཨ་ནི་དཀྱིལ་འཁོར་དང་དེ་ཚོ་རྫས་ཆ་གང་ག་དམར་པོ་བཟོ་དགོས་རེད།ད་དེ་རྟེན་འབྲེལ་མཚོན་བྱེད་དང་།རྫས་ཆ་དེ་མཆོད་པ་འཕུལ་ཡས་དེའི་ཆེད་དུ་རེད་ཟེར།བྱས་ཙང་སྦྱིན་སྲེག་སྐོར་དེ་ཨ་ནི་མདོར་བསྡུས་སྟབས་བདེ་འདྲ་ཅིག་ཞུས་ན་ཨོའོ་དེ་འདྲས་འདྲ་ཅིག་ཨ་ནི་རྒྱས་པར་བྱས་ན་འདིའི་ནང་ལ་རྫས་དང་དེ་བར་ལ་ཁོ་རེ་རེ་གང་ནས་འགྲེལ་བཤད་བྱས་མང་པོ་ཞེ་པོ་ཡོད་རེད་ཟེར།ཨ་ནི་དེ་འདྲས་སོང་ནས་དེ་རིང་རྒྱས་པོ་ཞུས་ན་དུས་ཚོད་བཀག་པ་ཨ་ནི་ང་རས།ང་རའི་ངོས་འཛིན་བྱེད་སྟངས་ལ་བསམ་ཚུལ་ཞུ་རྒྱུ་དང་མདོར་བསྡུས་ཞུ་རྒྱུ་དེ་འདྲས་འདྲ་ཅིག་ཡིན།
  dbang gi byin bsreg yin na dmar po/de 'dras kyi drag shugs kyi dbyings de red zer/a ni dkyil 'khor dang de tsho rdzas cha gang ga dmar po bzo dgos red/da de rten 'brel mtshon byed dang /rdzas cha de mchod pa 'phul yas de'i ched du red zer/byas tsang sbyin sreg skor de a ni mdor bsdus stabs bde 'dra cig zhus na o'o de 'dras 'dra cig a ni rgyas par byas na 'di'i nang la rdzas dang de bar la kho re re gang nas 'grel bshad byas mang po zhe po yod red zer/a ni de 'dras song nas de ring rgyas po zhus na dus tshod bkag pa a ni nga ras/nga ra'i ngos 'dzin byed stangs la bsam tshul zhu rgyu dang mdor bsdus zhu rgyu de 'dras 'dra cig yin/
 • ཀ།
  རྫས་དེ་ཚོ་ཨོའོ་ན།མེ་ལྷའི་མཆོད་པའི་རྫས་རེད་ཟེར།ཨ་ནི་རེ་རེ་ག་རེ་རེད།ག་རེ་ཟེར་དགོས་རེད།རྫས་འདི་ཡོད་རེད་པ།སོ་སོ་སོ་རྫས་རེ་རེ་འཕུལ་ནས་དེ་འདྲས་དེ་འདྲས་ནད་གདོན་དེ་རིགས་མེད་པ་ཞིག་རྫས་དེ་འཕུལ་ན་སྨོན་ལམ་ཡོད་རེད་ཟེར།སྨོ་བ་བརྒྱབ་ཡོད་རེད་ཟེར།འདི་རེད་ཟེར།སྤྱིར་བཏང་སྦྱིན་སྲེག་གི་བསྡོམས་བྱས་ན་འདི་རེད་ཟེར།ད་རེ་རེ་གང་ལ་གང་ཟེར་ན།ཁོ་དམིགས་པ་རེ་རེ་ཡོད་རེད་ཟེར།ནད་གདོན་འཕེལ་སྒྲིབ་དག་པར་ཤོག་ཟེར་ཡས་དེ།འདི་གས་འཕུལ་ནས།རྫས་འདི།འདི་ཁོ་རེའི་འདི་རེད།མེ་ལྷའི་མཆོད་པ་རེད།རྫས་སྣ་ཁ་བདུན་བརྒྱད་ཅིག་ཡོད་རེད།
  rdzas de tsho o'o na/me lha'i mchod pa'i rdzas red zer/a ni re re ga re red/ga re zer dgos red/rdzas 'di yod red pa/so so so rdzas re re 'phul nas de 'dras de 'dras nad gdon de rigs med pa zhig rdzas de 'phul na smon lam yod red zer/smo ba brgyab yod red zer/'di red zer/spyir btang sbyin sreg gi bsdoms byas na 'di red zer/da re re gang la gang zer na/kho dmigs pa re re yod red zer/nad gdon 'phel sgrib dag par shog zer yas de/'di gas 'phul nas/rdzas 'di/'di kho re'i 'di red/me lha'i mchod pa red/rdzas sna kha bdun brgyad cig yod red/
 • ཀ།
  རྒན་ལགས་ཁྱེད་རང་སྦྱིན་སྲེག་གི་མཆོད་པ་བཏང་ཡས་དེ་ཡོད་རེད་པ།ཨོའོ་འདི་ག་དུས་ནས་སྦྱངས་པ་རེད།
  rgan lags khyed rang sbyin sreg gi mchod pa btang yas de yod red pa/o'o 'di ga dus nas sbyangs pa red/
 • ཀ།
  ཨོའོ་སྦྱིན་སྲེག་མཆོད་པ་བཏང་ཡས་འདི་ད།རྒྱས་པ་དེ་སྔ་མ་ང་ཚོ་སྨན་ཁང་ལ་རྙིང་པའི་གང་ལ་ཏིག་ཙམ་ཞིག་སྦྱངས་པ་རེད།ཡོན་ཀྲང་མཁྱེན་རབ་ནོར་བུས།ལོ་ལྟར་གནང་གི་མ་རེད།མཚམས་མཚམས་ལ་སྨན་ཁང་ལ་སྨན་སྒྲུབ་གནང་གི་རེད་ཟེར།ད་མང་ཤོས་དེ་ལྕོག་པོ་རི་ལ་བྱས།ད་ང་སྨན་ཁང་ལ་རེད་པ།ཨ་ནི་ཡོན་ཀྲང་མཁྱེན་རབ་ནོར་བུས་མཚམས་མཚམས་ལ་འདི་གནང་གི་རེད་ཟེར།སྨན་སྒྲུབ།དེ་དུས་གང་ལ་ཨ་ནི་འདི་འདི་རེད།ཨ་ནི་ལྷག་པར་དུ།ང་ཚོ་ག་རེ་ཟགས།སྨན་སྒྲུབ་ག་དུས་ཚོགས་ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་ནས་སྨན་སྒྲུབ་ཡར་བསྐྱར་གསོལ་གནང་པ་རེད་ཟེར།
  o'o sbyin sreg mchod pa btang yas 'di da/rgyas pa de snga ma nga tsho sman khang la rnying pa'i gang la tig tsam zhig sbyangs pa red/yon krang mkhyen rab nor bus/lo ltar gnang gi ma red/mtshams mtshams la sman khang la sman sgrub gnang gi red zer/da mang shos de lcog po ri la byas/da nga sman khang la red pa/a ni yon krang mkhyen rab nor bus mtshams mtshams la 'di gnang gi red zer/sman sgrub/de dus gang la a ni 'di 'di red/a ni lhag par du/nga tsho ga re zags/sman sgrub ga dus tshogs chig stong dgu brgya brgyad bcu nas sman sgrub yar bskyar gsol gnang pa red zer/
 • ཀ།
  ཨ་ནི་དེ་དུས་གཞི་ནས་ང་ཚོའི་འདི་དང་།ང་རས་འདིའི་གོང་ལ་ཨ་ནི་ཤེས་ཀྱི་ཡོད་རེད།ཨ་ནི་ང་ཚོའི་ལྕོག་པོ་རི་ལ་དགེ་རྒན་ཨོའོ་ཐུབ་བསྟན་ཚེ་རིང་ལགས་དང་ཁོང་རྣམས་སྨན་སྒྲུབ་ཀྱི་འདི་རེད་པ།འདིའི་ཨུམ་འཛད་འདྲ།དགེ་རྒན་སློབ་དཔོན་འདྲ།ཁོང་སྔོན་ལ་དེའི་ལྕོག་པོ་རི་ལ་སྦྱང་པ་ཞེ་དྲག་ཡོད་རེད།ཨ་ནི་ཡང་ཡའི་ཡོན་ཀྲང་མཁྱེན་རབ་ནོར་བུའི་སྐུ་མདུན་ལ་ཆོལ་ཁ་དེ་ཚོ་ཏིག་ཙམ་བསླབ་པ་རེད།འདི་དང་ཨ་ནི་ལྕོག་པོ་རི་བར་རུ་ཉམས་པ་རེད་དེའི་ཨ་ནི་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ།བརྒྱད་ཅུ་བརྒྱ་བརྒྱད་ལ་ཨ་ནི་ཡར་ཡང་བསྐྱར་ལ་བསྐྱར་བཟོ་གནང་ད་ལྟ་བར་དུ་བྱིན་བསྲེག་འདི་ཚུགས་པ་རེད།སྨན་སྒྲུབ་འདི།
  a ni de dus gzhi nas nga tsho'i 'di dang /nga ras 'di'i gong la a ni shes kyi yod red/a ni nga tsho'i lcog po ri la dge rgan o'o thub bstan tshe ring lags dang khong rnams sman sgrub kyi 'di red pa/'di'i um 'dzad 'dra/dge rgan slob dpon 'dra/khong sngon la de'i lcog po ri la sbyang pa zhe drag yod red/a ni yang ya'i yon krang mkhyen rab nor bu'i sku mdun la chol kha de tsho tig tsam bslab pa red/'di dang a ni lcog po ri bar ru nyams pa red de'i a ni chig stong dgu brgya brgyad cu/brgyad cu brgya brgyad la a ni yar yang bskyar la bskyar bzo gnang da lta bar du byin bsreg 'di tshugs pa red/sman sgrub 'di/
 • ཀ།
  ཨ་ནི་དེ་དུས་སློབ།ང་ཚོས་སློབ་སྦྱོང་བྱས་པ་རེད་ཟེར།དགེ་རྒན་དང་ང་ཚོ་ཕར་ཚུར་འགྲན་རྩོད་དང་སློབ་སྦྱོང་བྱེད་རེས་བྱས་བྱས་པ་རེད།བརྒྱད་ཅུ་བརྒྱ་བརྒྱད་ནས་འགོ་བཙུགས་པ་རེད་ཟེར།ཨ་ནི་རྙིང་པའི་སྐབས་ལ་ཏིག་ཙམ་ལྕོག་པོ་རི་ལ་ཡར་ན།ལྕོག་པོ་རི་ལ་ལོ་ལྟར་གནང་གི་ཡོད་རེད་ཟེར།སྨན་ཁང་ལ་མཚམས་མཚམས་མ་གཏོགས་གནང་གི་མ་རེད་ཟེར།
  a ni de dus slob/nga tshos slob sbyong byas pa red zer/dge rgan dang nga tsho phar tshur 'gran rtsod dang slob sbyong byed res byas byas pa red/brgyad cu brgya brgyad nas 'go btsugs pa red zer/a ni rnying pa'i skabs la tig tsam lcog po ri la yar na/lcog po ri la lo ltar gnang gi yod red zer/sman khang la mtshams mtshams ma gtogs gnang gi ma red zer/