Skip to main content Skip to search
18 Jun 2018
3 min 4 sec
Video Overview
Creators: 
Sonam Tobgye

Tshering Dema from Khoma village sings "Tsangmo," a ballad. According to oral history, the tradition of singing ballads in Bhutan can be dated back to Lam Pajo Drukgom Zhikpo, a Tibetan lama who came to the region in 1224 CE.  The spread of the Drukpa school in Bhutan is often attributed to the tradition of singing ballads. Lam Pajo Drukgom Zhikpo and his consort Sonam Paldron are said to have met while singing ballads at the Bridge of Prophecy (Lungtenzampa), currently located below the Lungtenphug Lower Secondary School in Thimphu. A ballad can have one or two stanzas, or many more based on one theme. However, this particular ballad by Tsering Dema brings different themes in each of its stanzas. Some of these themes connect to fate and destiny, religious matters, and the unnecessary possession of wealth, to cite but a few. 

༉  ལྷུན་རྩེ་རྫོང་ཁག་ཁོ་མ་གཡུས་ཚན་ལས་ཨིན་མི་ ཚེ་རིང་སྒྲོལ་མ་གིས་རྩང་མོ་འཐེན་ཏེ་ཡོདཔ་ཨིན། ལྷོ་མོན་རྒྱལ་ཁབ་འདི་ནང་ རྩང་མོའི་འབྱུང་ཁུངས་དེ་ཡང་ ཁ་རྒྱུན་ལྟར་དུ་འབད་བ་ཅིན་ བོད་ཀྱི་གྲུབ་ཐོབ་ཕ་ཇོ་འབྲུག་སྒོམ་ཞིག་པོ་ སྤྱི་ལོ་ ༡༢༢༤ ལུ་ལྷོ་མོན་གཡུས་ཁར་བྱོན་ཏེ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་དར་ཁྱབ་བཏང་ཡོདཔ་ད་ དེའི་དུས་ལུ་ཕ་ཇོ་འབྲུག་སྒོམ་ཞིག་པོ་དང་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གཉིས་ ཕན་ཚུན་རྩང་མོ་བརྗེ་སོར་འབད་དེ་ ད་ལྟོ་ལུང་བསྟན་ཟམ་པ་ཟེར་ ལུང་བསྟན་ཟམ་པ་སློབ་གྲྭའི་མཇུག་ལུ་ཆགས་ཏེ་ཡོད་མི་ས་གནས་དེ་ནང་འཕྱད་འཕྱདཔ་ཨིན་མས། བློ་ཟེ་འདི་ རང་སོའི་སྟབས་བདེ་སྡུག་དང་འཁྲིལ་ཏེ་ ཚིགས་བཅད་གཅིག་དང་གཉིས་ ཡང་ན་བརྗོད་དོན་གཅིག་ལུ་གཞི་བཞག་སྟེ་འབྲི་རུང་བཏུབ་ཨིན། ཨིན་རུང་ཨམ་སྒྲོལ་མ་གིས་འཐེན་ཏེ་ཡོད་པའི་རྩང་མོ་འདི་གི་ཚིགས་བཅད་རེ་རེ་གི་དོན་དག་མ་འདྲཝ་ དཔེ་འབད་བ་ཅིན་ གནམ་བསྐོས་དང་ཆོས་བཤད་ དེ་ལས་དགོས་མཁོ་མེད་པའི་ནོར་བསག་པའི་སྐོར་ལས་སྟོན་དོ་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • Tshering Dema: གནས་ཆེན་རྡོ་རྗེ་བྲག་ལུ། །ཆུ་མོའི་བདུད་རྩི་ལ་འབབ་ཡོད། །མཚོ་མོ་མ་སྐམ་ན་ཡང་། །ཉ་མོ་མ་ཤི་ཐག་ཆོད། །
    ཚེ་རིང་སྒྲོལ་མ
  • Tshering Dema: ངེའི་སེམས་བརྒྱ་ཤར་ཉི་མ། །བླ་མ་མཇལ་བ་ལ་འགྱོ་དོ། །ང་ལུས་ལྷ་ཁང་སྟོང་པ། །དམྱལ་བའི་ནང་ལུ་ལུས་སོང་། །
    ཚེ་རིང་སྒྲོལ་མ
  • Tshering Dema: སེམས་ཀྱིས་བཞེངས་པའི་ལྷ་ཁང་། །ལུས་ཀྱིས་མཇལ་དགོ་ལ་འབྱུང་ན། །[སྲིན་པོའི་གོབ་ཆ་བྱ་རུང་། །ལས་འཕྲོའི་གོས་མེད་ཡོར་འདུག །?]
    ཚེ་རིང་སྒྲོལ་མ
  • Tshering Dema: ང་ཚོ་ལུང་པའི་ཕུག་ལ། །ཤ་བ་སྐྱིད་པོ་འདུག་གོ །ཁྱོད་ཚོ་སྡང་ཁྲེལ་མེད་ན། །ཤ་བ་ཕུག་ལ་ལོག་རྒྱུ། །
    ཚེ་རིང་སྒྲོལ་མ
  • Tshering Dema: རྒྱ་ནག་གཏིང་ལས་ཐོན་པའི། །གསེར་གྱི་ཕྱག་ན་ལ་རྡོ་རྗེ། །ད་དགྲ་བཟུམ་ཅིག་འགྱོཝ་མས་མེན་ན་ ང་གིས་ཧན་ཏོང་ཏོ་ཅིག་འཐེན་གེ་ས་ལགས་ ཨ་ཧ་ཧ་ཧ་་་་་།
    ཚེ་རིང་སྒྲོལ་མ
  • Sonam Topgey: ཨ་ཙི་བཞུགས་སྨེ་ལགས། ད་ལྟོ་འདི་ ག་ར་ཧན་ཏོང་ཏོ་གི་འདི་འཐེན་གནང་བཏུབ་ག་ལགས།
    བསོད་ནམས་སྟོབས་རྒྱས་
  • Tshering Dema: ཨིན་ན?
    ཚེ་རིང་སྒྲོལ་མ
  • Sonam Topgey: ལྟ་མ་འདི་ དགྲ་གླུ་སྦེ་འཐེན་གནང་།
    བསོད་ནམས་སྟོབས་རྒྱས་
  • Tshering Dema: ཨེ་ཧེ་ཧི་ཧི་་་་་།
    ཚེ་རིང་སྒྲོལ་མ
  • Tshering Dema: ཁྱོད་ནི་ལ་མོ་རྒྱབ་ཁ། །ང་ནི་ལ་མོའི་ལ་ཚུར་ཁ། །ལས་དང་སྨོན་ལམ་ཡོད་ན། །ལབ་རྩའི་སྦུག་ལུ་འཛོམས་གེ། །།
    ཚེ་རིང་སྒྲོལ་མ