Skip to main content Skip to search
07 Sep 2018
2 min 27 sec
Video Overview
Creators: 
Norzin Lhamo

Women of Kuengarabten village in Drakteng Gewog (county) in Trongsa Dzongkhag (district) sing various types of ballads. Tsangmo were passed down from sharp witted farmers. It can be sung while herding cows or working in the field, etc. They can be sung as entertainment or as a form of competition. They can be used to express sadness, happiness, criticism, rejection, and so on.

༉  ཀྲོང་གསར་ཀུན་དགའ་རབ་བརྟན་ལས་བདེ་ཆེན་གྱིས་ རྩང་མོ་འཐེན་ཏེ་ཡོདཔ་ད་ རྩང་མོ་དེ་ཡང་ ལམ་སྲོལ་གྱི་གྲས་ལས་ ཁག་ཆེ་ཏོག་ཏོག་ཅིག་ཨིན་མས། རྩང་མོ་འདི་གི་གདངས་དབྱངས་འདི་ ས་གནས་ག་ཏེ་ལུ་ཡང་འཐེན་དོ་ཡོདཔ་བཞིན་དུ་ རྩང་མོ་འདི་མང་ཤོས་ཅིག་ ཞིང་ཁར་ལཱ་འབད་བའི་སྐབས་དང་ནོར་འཚོ་ས་ལས་ཕར་འཐེན་སྲོལ་ཡོདཔ་ཨིན། དེ་མ་ཚད་ སློབ་གྲྭ་ནང་འབད་བ་ཅིན་ རིག་རྩལ་འགྲན་བསྡུར་གྱི་སྐབས་དང་ ས་གོ་སོ་སོ་ལས་ཕར་ སྤྲོ་བ་གི་ཐོག་ལས་འཐེན་སྲོལ་ཡོདཔ་ལས་ ད་ལྟོ་བདེ་ཆེན་གྱིས་འཐེན་མི་རྩང་མོ་འདི་ གཉེན་གླུ་དང་དགའ་གླུ་རིགས་གཉིས་སྦེ་འཐེན་ཏེ་འདུག

Transcript search
No results found for this search
0 of 0
 • བདེ་ཆེན། Dechen
  དགུང་གི་ཁྲི་གདུགས་ཉི་མ། །ནུབ་པད་མའི་རི་ལུ་གཡོ་མས། །ཁྲི་གདུགས་ལཱ་་། །སྨིན་ཆུང་ལཱ་མཇུག་མ་བསྡུ། །ཁྲི་གདུགས་སྐུ་ངལ་གནང་ཤོག །
 • བདེ་ཆེན། Dechen
  ཟེར་ཨིནམ་འདྲས་ཏེ།
 • ཨ་ལ་དབའི་་་ཧ་ཧ་་་།
 • བདེ་ཆེན། Dechen
  ཤ་བ་ལ་བརྒལ་ལུང་བརྒལ། །ཤ་ཕྲུག་སེམས་ཀྱི་བག་ཆགས། །ང་འགྲོ་དགོ་ཐང་ལས་མེད་པ། །མཉམ་གཅིག་འཁྱིད་རུང་དགའཝ་མས། །
 • བདེ་ཆེན། Dechen
  ཆུ་མོ་མང་སྡེའི་ཆུ་མོ། །མི་བལྟ་མནོ་རུང་མཐོང་མས། །རང་གི་ཕམ་དང་སྤུན་ཆ། །བལྟ་དགོ་ནོ་རུང་མི་འདུག །
 • བདེ་ཆེན། Dechen
  འཛོལ་ཡི་ ཧ་ཧ་་་འཛོལ་སོང་ཡི་ བཏུབ་ད།
 • ང་གིས་འདི་ ཞབས་ཁྲ་འཐེན་རང་མི་ཤེས་མས།