Skip to main content Skip to search
20 Jun 2018
11 min 28 sec
Video Overview
Creators: 
Rinchen Dorji, Sonam Chophel, Khandu

82-year-old Rinchen Lhamo from Dogar Gewog, Paro shares about life in Bhutan during her childhood. She talks about the old tax system, when they had to pay various kinds of taxes, including labor tax, grain tax, meat tax and firewood tax. She also says they transported their rations from Paro to their village on foot. Only a few rich taxpayers during that time owned horses; most had to carry luggage on their backs. It took them around three days to reach their village from Paro; today it only takes just over a half-hour. She says that life now is comparatively comfortable and luxurious compared to those days. Poor people back then were left poor, while the rich became richer; now, there isn't a single household in her village in poverty.

སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ལས་ ཨང་རྒས་རིན་ཆེན་ལྷ་མོ་གིས་ མོ་ར་གཞོནམ་སྦེ་སྡོད་པའི་སྐབས་ཀྱི་ ལོ་རྒྱུས་སླབ་ཨིནམ་ད་ དེ་བསྒང་ འུར་ལཱ་རྒྱུ་དགོཔ་དང་ འབྱུའི་ཁྲལ་ལོ་ ཤ་དང་ ཐབ་ཤིང་གི་ཁྲལ་འདི་ཚུ་ བཏབ་དགོ་པའི་སྐོར་ལས་ སླབ་ཨིན་པས། དེ་བསྒང་  ཁྲལ་བཏབ་མི་ཚུ་ལུ་མ་གཏོགས་  རྟ་མེད་ལས་ གཉེར་ཚང་གི་རིགས་ཚུ་ སྤ་རོ་ལས་སྒལ་ཏོ་ཁར་འབག་སྟེ་ ཁོང་རའི་ གཡུས་ཁ་བཀལ་དགོ་དོ་ཡོདཔ་མས། ཁོང་གིས་ སྤ་རོ་ལས་ གཡུས་ཁར་ལྷོད་ལྷོད་ཀྱི་ནང་འཁོད་ ཉིན་གྲངས་གསུམ་དེ་རེ་ འགོར་དོ་ཡོདཔ་ཨིནརུང་ ད་རེས་ནངས་པ་ སྣུམ་འཁོར་གྱི་ཐོན་སྐྱེད་ལས་བརྟེན་ དུས་ཡུན་ཆུ་ཚོད་ གཅིག་དང་ཕྱེད་དེ་ཅིག་ལུ་ ལྷོད་དོ་ཡོདཔ་ཨིན་མས། ཨང་རྒས་རིན་ཆེན་གྱིས་འབད་བ་ཅིན་ དེ་བསྒང་དང་ཕྱདཔ་ད་ ད་རེས་ནངས་པ་འདི་ གནམ་དང་སའི་ཁྱད་པར་སོང་ཡོདཔ་ད་ དང་ཕུགས་འབད་བ་ཅིན་ མི་སྤྱང་ཀ་ཚུ་སྤྱང་ཀ་དང་ ཕྱུགཔོ་འདི་ཚུ་ཕྱུགཔོ་སྦེ་ འགྱོ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཁོང་གི་གཡུས་ཁ་ ཁྱིམ་གུང་པ་གཅིག་ར་ དབུལ་ཕོངས་ཀྱི་སྡུག་བསྔལ་མེད་ཟེར་ཨིན་པས། 

Transcript search
No results found for this search
0 of 0
 • མཁའ་འགྲོ་ Khandu
  དང་པ་ཨང་རྒས་སྨོ?
 • རིན་ཆེན་ལྷམོ་ Rinchen Lham
  ཨོང་
 • མཁའ་འགྲོ་ Khandu
  ཨང་རྒས་ཁྱོད་ར་གི་མིང་ཅིག་
 • རིན་ཆེན་ལྷམོ་ Rinchen Lham
  མིང་
 • མཁའ་འགྲོ་ Khandu
  ལོ་ག་དེམ་ཅིག་ཡར་སོ་ཡི་ག་
 • རིན་ཆེན་ལྷམོ་ Rinchen Lham
  ལོ་ཁལ་བཞི་ལངམ་ཨིན་ལགས།
 • མཁའ་འགྲོ་ Khandu
  འ་ནཱི་ཅིག་སླབ་གནང་ཤིག་
 • མཁའ་འགྲོ་ Khandu
  དང་པ་རང་མིང་ཅིག་
 • རིན་ཆེན་ལྷམོ་ Rinchen Lham
  ལོ་ཁལ་བཞི་དང་ལོ་གཅིག་ལངམ་ཨིན་ལགས།
 • མཁའ་འགྲོ་ Khandu
  མིང་
 • མཁའ་འགྲོ་ Khandu
  མིང་ རིན་ཆེན་ལྷམོ་ཟེར་ཨིན།
 • མཁའ་འགྲོ་ Khandu
  འེ་
 • རིན་ཆེན་ལྷམོ་ Rinchen Lham
  ཟླ་བ་ཁ་ རིན་ཆེན་ལྷམོ་ཟེར་ནི་རང་ཨིན།
 • མཁའ་འགྲོ་ Khandu
  ཨེ་ ཨང་རྒས་འདི་ནཱ་ལས་རང་ཨིན་ན?
 • རིན་ཆེན་ལྷམོ་ Rinchen Lham
  ནཱི་ལས་རང་ཨིན་ ནཱ་སྐྱེས་ ནཱ་སྦོམ་སྦོམ་ཨིན།
 • མཁའ་འགྲོ་ Khandu
  ཨེ་ ཏེ་ དེ་བསྒང་འབད་བ་ཅིན་ད་ ཨང་རྒས་ཀྱི་ ཨང་རྒས་ད་ འ་ ནཱ་སྐྱེས་ ནཱ་སྐྱེས་སྦོམ་ཡང་ནཱ་སྦོམ་ནུག་བ་ཏེ་སྨོ?
 • རིན་ཆེན་ལྷམོ་ Rinchen Lham
  ཨིན་ལགས།
 • མཁའ་འགྲོ་ Khandu
  འ་ནཱི་འབདཝ་ད་ལུ་ ད་ ཨང་རྒས་ཀྱིས་འ་ནཱི་སྦེ་ལྟཝ་ད་ དང་ཕུ་དང་ད་རེས་ཀྱི་བར་ན་ལུ་ ད་ ཁྱད་པར་ག་དེ་སྦེ་ཚོརཝ་སྨོ?
 • རིན་ཆེན་ལྷམོ་ Rinchen Lham
  ཨ་ ད་ དང་ཕུ་དང་ད་རེས་ལྟཝ་ད་འདི་ ད་ ད་རེས་འདི་སངས་རྒྱས་ཨིན་མས་ལགས། ནཱ་བུ་སྟེ་ གཞུང་སྐུ་དྲིན་ཆེ་སྟེ་ ང་བཅས་ ལྟོ་ཟ་ནི་ཡོད་ གོ་གྱོན་ནི་ཡོད་ ལོ་ཐོག་ལེགས་ འབད་ནི་འདི་གིས་ ཏེ་ བཅར་ས་ནཱ་བཅར་དགོ་ལགས།
 • མཁའ་འགྲོ་ Khandu
  ཏེ་ ཏེ་དང་ཕུ་འབད་བ་ཅིན་ ནཱ་གི་ ཨོ་ ཁྲལ་དང་འུར་ལཱ་ལོ་ འ་ནཱི་བཟུམ་ལེ་ཤ་ཕོག་ནི་ཡོད་ག? ཨང་རྒས།
 • རིན་ཆེན་ལྷམོ་ Rinchen Lham
  སྤ་སྤ་་་་་་་ སྤ་ ཐོག་འདི་ ཏེ་[མར་དོང་?]སྐྱེལ་དགོ་ ཁལ་(ཁྲལ་)གནམ་མེད་ས་མེད་མར་དོབ་སྦྱིས་ལུ་ཡང་ རྒྱུ་བླུག་དགོ་ལགས། ང་བཅས་ཁྱམས་བླུག་དགོ རྒྱོའོ་བླུག་དགོ་ ཀར་བླུག་དགོ་ལགས།
 • མཁའ་འགྲོ་ Khandu
  ཨེ་་་་་ རྒྱུ་གི་ཁྲལ་ཨིན་ན?
 • རིན་ཆེན་ལྷམོ་ Rinchen Lham
  ཨོང་ རྒྱུ་གི་ཁྲལ།
 • མཁའ་འགྲོ་ Khandu
  ཨེ་འེ་་་་།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ ད་རེས་ ཏེ་གཞུང་སྐུ་དྲིན་ཆེ་སྟེ་ ང་བཅས་ལྟོ་ཟ་ནི་ཡོད་ གོ་གྱོན་ནི་ཡང་ཡོད་ ད་ དགའ་ཏོག་ཏོ་ སྐྱིད་ཏོང་ཏོ་ཡོད་ལགས། ད་ འ་ནེམ་ཅིག་ཨིན།
 • མཁའ་འགྲོ་ Khandu
  ཏེ་ དང་ཕུ་ ཏེ་ཁྲལ་དང་འུར་ལཱ་འབདཝ་ད་ འ་ནཱི་ འ་ སྦུང་གི་འུར་ལཱ་ག་དེ་སྦེ་ཕོག་ནི་ཡོད་ཏེ་ ཨང་རྒས་ སྦུང་གི་འུར་ལཱ།
 • རིན་ཆེན་ལྷམོ་ Rinchen Lham
  སྤ་སྤ་་་་་་ ད་ ཟླཝ་རེ་བར་ན་ ཏེ་འུར་ལཱ་ ཚར་གསུམ་གསུམ་ གསུམ་གསུམ་རྐྱབ་དགོ་ལགས།
 • མཁའ་འགྲོ་ Khandu
  ཨེ་འེ།
 • རིན་ཆེན་ལྷམོ་ Rinchen Lham
  ང་བཅས་ དང་ཕུ།
 • མཁའ་འགྲོ་ Khandu
  ག་ཏེ་ ཨེ་ ནཱ་རང་རྐྱབ་ཨིན་ན་ ག་ཏེ་སྨོ་ མར་རྡོགཔ་སྦྱིས་རྫོང་ནང་ཡང་?
 • རིན་ཆེན་ལྷམོ་ Rinchen Lham
  རྡོགཔ་སྦྱིས་རྫོང་ནང་རྐྱབ་དགོ་ལགས།
 • མཁའ་འགྲོ་ Khandu
  ཨེ་ ཡར་
 • རིན་ཆེན་ལྷམོ་ Rinchen Lham
  རྡོགཔ་སྦྱིས་རྫོང་ནང་ལཱ་འབད་དགོ
 • མཁའ་འགྲོ་ Khandu
  ཨེ་ ཡར་ ཡར་སྤ་རོ་ལས་འབད་ནི་མེད་ག?
 • རིན་ཆེན་ལྷམོ་ Rinchen Lham
  སྤ་རོ་ལས་མེད་ སྤ་རོ་ནཱ་ང་བཅས་གྲལ་མེད། དར་སྒརཔ་ཨིན།
 • མཁའ་འགྲོ་ Khandu
  ཨེ་འེ་་་་ ནཱ་རྡོ་སྒརཔ་རྐྱངམ་ཅིག་རང་།
 • རིན་ཆེན་ལྷམོ་ Rinchen Lham
  ཨིན་ འ་ནཱི་ཨིན་ལགས།
 • མཁའ་འགྲོ་ Khandu
  ཏེ་ དེ་བསྒང་ ནཱ་ལས་ཕར་ ག་རི་ལམ་ཡང་མིན་འདུག་སྨོ? སྣུམ་འཁོར་ལམ་ཡང་མིན་འདུག
 • རིན་ཆེན་ལྷམོ་ Rinchen Lham
  ག་རི་(སྣུམ་འཁོར་)ལམ་ཡང་མེད་ ང་བཅས་ར་ སྒལ་པ་ རྒྱགས་སྐལ་འདི་ཡང་སྒལ་པ་རང་ [སྤ་རོ་ལས་རེད་གྱང་བོད་རང་?]མེད་རུང་ སྒལ་པ་རང་འབག་བཏོན་དགོ་ལགས།
 • མཁའ་འགྲོ་ Khandu
  ཨེ་འེ་ སྤ་རོ་ལས་འབད་ སྒལ་ཏོ་ཁར་འབག་ ནཱ་བཏོན་དགོཔ་ཨིན་ན? ཨེ་འེ་་་་ སྤ་་་་།
 • རིན་ཆེན་ལྷམོ་ Rinchen Lham
  ཨོ་ ནཱ་སྐྱེལ་དགོ་ལགས། ད་ ཏེ་ གཞུང་སྐུ་དྲིན་ཆེ་སྟེ་ ཏེ་ ནཱ་ སྒོའི་རྩཝ་ལས་ ག་རི་ནང་(སྣུམ་འཁོར་ནང་)ལས་ལེན་ ཏེ་ ཕར་ཧོ་མ་ རང་ཁྱིམ་གསརཔ་ཅིག་རྐྱབ་བཞག་ ཏེ་ ཨ་ཕར་ལས་ལེན་ ཟ་ནི་འདི་གིས་ ད་ དགའ་ཏོག་ཏོ་ སྐྱིད་ཏོང་ཏོ་ཡོད་ལགས།
 • མཁའ་འགྲོ་ Khandu
  ཨེ་འེ་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  ད་ ནཱ་ སྐུ་གཞོགས་རིན་པོ་ཆེ་ དྲིན་ཆེ་སྟེ་ ང་བཅས་ ད་ ནཱ་ [མཐའ་ཅན་བཅསཔ་འདི་?] ག་ར་ཡར་རྒྱས་བཏགས་ད་ཡི་ལགས། ད་ཡར་རྒྱས་བཏགས་ད་ཡི་ཉ།
 • མཁའ་འགྲོ་ Khandu
  ཏེ་ དེ་བསྒང་འབད་བ་ཅིན་ ནཱ་གླང་མིག་ཁ་ལུ་ ད་ ཁྱིམ་འབད་བ་ཅིན་ ག་དེ་སྦེ་ཡོད་ ཁྱིམ་རྩ་བོ་ལགས? ནཱ་རྐྱངམ་་་་ ག་དེ་སྦེ་ཡོད་ལགས་ ཁྱིམ་རྩ་བོ།
 • རིན་ཆེན་ལྷམོ་ Rinchen Lham
  རྩ་བོ་མེ་འཕུ་བུ་ ང་བཅས་ནཱ་ དང་ཕུ་འབདཝ་ད་ མེ་འཕུ་བཅོ་བརྒྱད་ཡོད་ལགས།
 • མཁའ་འགྲོ་ Khandu
  ཨེ་འེ་་ ཁྱིམ་བསྡོམས་འདི་བཅོ་བརྒྱད་ ཁྱིམ།
 • རིན་ཆེན་ལྷམོ་ Rinchen Lham
  ཨོང་་་་་།
 • མཁའ་འགྲོ་ Khandu
  ཨུམ་འུ་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  ཁྱིམ་བསྡོམས་འདི་བཅོ་བརྒྱད་ཡོད།
 • མཁའ་འགྲོ་ Khandu
  ཨེ་འེ་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  བདེཝ་རང་རང་ས་ ད་བུཚུ་ ཨམ་རེ་རེ་གིས་བུཚུ་རེ་སྐྱེས་ ཏེ་ད་རང་རང་ས་ གསརཔ་རྐྱབ་ཨིན་ཟེར་ ཏེ་ཐོན་ཡར་སོངཔ་ཨིན། ནཱ་མི་འཕུ་བཅོ་བརྒྱད་ཡོད་ གླང་མིག་ཁར།
 • རིན་ཆེན་ལྷམོ་དང་མཁའགྲོ་ Rinchen Lham & Khandu
  ཨེ་འེ་་་་ མི་འཕུ་བཅོ་བརྒྱད་ཟེར་ ཨེ་ཨེ་ལགས་སོ། ཨོང་ མི་འཕུ་བཅོ་བརྒྱད་ཡོད།
 • མཁའ་འགྲོ་ Khandu
  ཨེ་འེ་་་་ ད་ དེ་བསྒང་ འ་ནཱི་ཁྱོད་ཡར་ལས་སྤ་རོ་ལས་ཚུར་ རྒྱགས་སྐལ་བཏོན་འབགཔ་ད་ལུ་ ད་ ཡར་ལས་ནཱ་ལྷོད་ཞག་ག་དེ་རེ་འགོརཝ་སྨོ?
 • རིན་ཆེན་ལྷམོ་ Rinchen Lham
  ཞག་གསུམ་འགོརཝ་ལགས།
 • མཁའ་འགྲོ་ Khandu
  ཡར་ལས་ནཱ་ལྷོད།
 • རིན་ཆེན་ལྷམོ་ Rinchen Lham
  ཡར་རྡོ་ཕུ་འགྱོ་སྟེ་ རྡོ་ཕུ་ལས་མར་ཁུག་ཡར་བཙོང་ ཏེ་ དེ་ལས་ མར་ཁུག་གི་རིན་འདི་བཟེད་ ཏེ་ ནེམ་ ཤ་སྦ྄ིས་ས་ ཤ་སྦིས་ས་ལས་ ཕུད་བཅད་བསྒང་ ཕུད་བཅད་བསྒང་ལས་ལོག་ ནཱ་ང་བཅས་གཡུས་ཁར་ཨིན་ལགས།
 • རིན་ཆེན་ལྷམོ་དང་མཁའགྲོ་ Rinchen Lham & Khandu
  ཨེ་ ཡར་ལས་ཚུར་འཐོནམ་མས་སྨོ་ལགས? ཨོང་ རྒྱགས་སྐལ་འབག་སྟེ་ རྒྱ་ཆུ་ལ་ནང་རང་འོང་དགོ་
 • མཁའ་འགྲོ་ Khandu
  ཨེ་འེ་་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  རྒྱ་ཆུ་ལ་ནང་རང་འོང་དགོ་ཉ།
 • མཁའ་འགྲོ་ Khandu
  ཏེ་ དེ་བསྒང་འབད་བ་ཅིན་ ཏེ་སོ་ནམ་གྱི་ཐོན་བསྐྱེད་ཟེར་ འ་ནཱི་ང་བཅས་ནཱ་གཡུས་ཁ་ལས་ཕར་ ལོ་ཐོག་བཏབ་སྦེ་ བཙོང་ནི་ཚུ་ག་དེ་སྦེ་ཡོད་ལགས? བཙོང་སྦེ་ཏི་རུ་ག་དེ་སྦེ་བཟོ་འོང་ལགས། ཏི་རུ་དེ་ དེ་བསྒང་འབད་བ་ཅིན།
 • རིན་ཆེན་ལྷམོ་ Rinchen Lham
  ད་ དེ་བསྒང་ ཏི་རུ་གནམ་མེད་ས་མེད་བཟོ་མི་ཚུགས་པས་ལགས།
 • མཁའ་འགྲོ་ Khandu
  ཨེ་འེ་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  ད་ ཞིང་ཁ་ལས་ལོ་ཐོག་ལེགས་རུང་ ཀར་ཁལ་གཅིག་ལས་ ཏི་རུ་ཁལ་ལྔ་ལས་ རེ་མི་སྟེར་བས། ཕྱུགཔོ་ཚུ་གིས་ ཏེ་ ཀར་ཁལ་གཅིག་མང་མས་ཟེརཝ་ད་ ཏེ་ ཏི་རུ་ཁལ་ལྔ་སྤྲོདཔ་མས། ད་ ད་རེས་ཀར་ཁལ་གཅིག་ ཕར་བཙོང་ནི་ཡོད་པ་ཅིན་ ཏེ་ ཏི་རུ་ ལྔ་བརྒྱ་དྲུག་བརྒྱ་སླབ་མས་ལགས།
 • མཁའ་འགྲོ་ Khandu
  ཨིན་མས་སྨོ?
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ ཡོད་མི་གིས་ ཏེ་རེ་མི་སྟེར་བ།
 • མཁའ་འགྲོ་ Khandu
  ཨེའེ་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ ད་ག་གིས་ཡང་འབྱོན་མི་མེད་ད་ ད་འགྲངས་ཡང་འགྲངས་ [སྒོམ་ཡང་སྒོམ་?]ལགས། ཏེ་ནཱི་ཡང་གཞུང་སྐུ་དྲིན་ཆེ་སྟེ་རང་ ཏེ་ང་བཅས་གཡུས་ཡར་རྒྱས་བཏགཔ་ཨིན་ལགས། ད་ ང་བཅས་རང་ནཱ་ ལཱ་མ་ཤེས་ གོ་མ་ཆོད་ཟེར་མི་འདི་ ཏེ་ ང་བཅས་ར་གི་ དགའཝ་གདོང་སྐོར་སླབ་སྟེ་བཞགཔ་མས། ད་ གཞུང་སྐུ་དྲིན་ཆེ་སྟེ་ འུར་ལཱ་ཉིནམ་གཅིག་རྐྱབ་མ་དགོཔ།
 • རིན་ཆེན་ལྷམོ་ Rinchen Lham
  རང་ ནངས་པར་དྲོ་པ་མཛརཝ་ཟ་ཞིནམ་ཅིག་ ལཱ་འབད་ནི་གི་མནོ་བསམ་འདི་རང་ཨིན། ཏེ་ ལཱ་འདི་སྦོམ་འབདན་སྦོམ་འབད་ ཆུངམ་འབདན་ཆུང་འབད་ འབདཝ་ཨིན།
 • མཁའ་འགྲོ་ Khandu
  འ་ནཱི་འབདན་ཏེ་ དེ་བསྒང་འབད་བ་ཅིན་ ང་བཅས་ རྟ་གུ་བཀལ་ཏེ་འབག་འོང་ནི་མེདཔ་ཨིན་ན? སྒལ་ཏོ་ཁ་རང་བཀལ་དགོཔ་ཨིན་ན་ལགས?
 • རིན་ཆེན་ལྷམོ་ Rinchen Lham
  སྒལ་ཏོ་ཁར་རང་སྐྱེལ་དགོ་ལགས། རྟ་ཡོད་མི་ ཕར་རྒྱབ་ཁར་ ཕར་ དྲག་ཤོས་མགོནམ་ཚེ་རིང་རང་ཨིན་ལགས།
 • མཁའ་འགྲོ་ Khandu
  ཨེ་འེ་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ མར་ཟླ་བ་ཁ་ལས་ རྩ་བོ་གཉིས་ཡོད། དེ་རང་ཨིན། དེ་ལས་རྟ་མི་ཐོབ། ཏེ་ རྒྱགས་སྐལ་སྒལ་པར་རང་འབག་དགོ་ འ་ནཱི་ཨིན་ལགས།
 • མཁའ་འགྲོ་ Khandu
  ཏེ་ ཨང་རྒས་ཀྱིས་འབད་བ་ཅིན་ དང་ཕུ་འབད་བ་ཅིན་ འ་ནཱི་སྦེ་དཀའཝ་སྤྱད་དགོ་པས་སྨོ་ལགས།
 • རིན་ཆེན་ལྷམོ་ Rinchen Lham
  ཨ་ དཀའཝ་སྤྱད་ཅི་ སྤྱད་ཅི་ ཁག་ཆེན་ཨེ་མ་ཡང་ཟ་ནི་མེད་པར་ ཨེ་མ་ བྱེ་(བྲེ་)རེ་ལུ་ ཉིནམ་རེ་རྐྱབ་ཅི་ལགས་ ཕྱུགཔོ་ཚུ་ནཱ་ལས། ད་ ད་རེས་ ཨེ་མ་ཡང་རང་ རང་ཟ་བའི་ཁར་ཐིམ་ཕུག་བཙོང་ནི་འདུག ཏེ་ ད་ ད་རེས་འདི་འདི་ ཏེ་ རྒྱགས་སྐལ་ཡང་འདྲན་འདྲ་རང་ལང་རང་ ལྟོ་ཡང་འདྲན་འདྲ་ལང་ གོ་ཡང་འདྲན་འདྲ་ལང་ལགས། ད་ སྐུ་དྲིན་རང་ཆེ་ཉ་ གཞུང་སྐུ་དྲིན་ཆེ་བའི་དགའ་ཚོར་ཨིན་ ཏེ།
 • མཁའ་འགྲོ་ Khandu
  ཏེ་ ཏེ་དེ་བསྒང་འབདན་ ཏེ་ད་ ཨེ་མ་ གནམ་མེད་ས་མེད་བཙུགས་ནི་མེདཔ་ཨིན་ན? དེ་བསྒང་ ཨེ་མ་འདྲཝ།
 • རིན་ཆེན་ལྷམོ་ Rinchen Lham
  དེ་བསྒང་ སྒོ་སྒྲིག་འ་ནཱི་བ་རེ་བརྒལ་བཙུགས་ནི་མིན་འདུག་ལགས། ཏེ་ དེ་ཡང་ བཙུགས་རུང་རོགས་ཕྱུགཔོ་གིས་བཙུགསན་བཙུགསཔ་མས་ ང་བཅས་ སྤྱང་ཀ་གིས་བཙུགས་ནི་མིན་འདུག་ དེ་བསྒང་ང་བཅས་ག་ནི་ཡང་ཟ་ནི་ གནམ་མེད་ས་མེད་ ཏེ་ ཁྱིམ་ནང་ལས་བཏོན་བཏང་ད་ ཏེ་ ག་ཅི་ཡང་ ནཱི་ཟེརཝ་ཟ་ནི་མེད་པར་ ཏེ་ སྒར་བཙུགས་བཙུགསཔ་ཨིན་ལགས་ ང་བཅས་གཉིས།
 • མཁའ་འགྲོ་ Khandu
  ཨེ་འེ་་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  དེ་བསྒང་མགུ་ལས་མར་གྱི་ ས་ཆགས་ཁྱིམ་གསརཔ་རྐྱབ་མི་འདི་ ཏེ་བྷ་བུ་གྲུབ་པ་སྐབས་ལས་བྱིན་བྱིནམམ་ཨིན། ཏེ་ ད་ བྷ་བུ་གྲུབ་པ་སྐབས་ལས་བྱིན་ ཚལ་མ་རྫམ་ ཚལ་མ་རྫམ་པའི་བསྒང་ལས་ ཏེ་ཁུ་ལི་ཕུད་རྡོག་རེ་རེ་ལས་ཟ་ནི་མེད་ལགས། འ་ནཱི་ཟ་ཡི་ཏེ་ ཕྲང་ར་སླབ་དགོ་ རང་མནོ་མི་འདི་ ཕྲང་ར་སླབ་དགོ་ཉ་ལགས་ འ་ནེམ་ཅིག་ཨིན།
 • མཁའ་འགྲོ་ Khandu
  ཨེ་འེ་་་་་ ཏེ་ དེ་བསྒང་འབད་བ་ཅིན་ ད་ གླང་མིག་ཁ་ཟེར་སྨོ་ལགས?
 • རིན་ཆེན་ལྷམོ་ Rinchen Lham
  ཨིན་ལགས།
 • མཁའ་འགྲོ་ Khandu
  གཡུས་འདི་ཡང་ནཱ་ དང་ཕུ་ལས་རང་ ད་ ནཱ་རང་ཆགས་སྟེ་ཡོདཔ་མས་བ་སྨོ་གཡུས།
 • རིན་ཆེན་ལྷམོ་ Rinchen Lham
  གཡུས་གཡུས་ནཱ་རང་སྦོམ་
 • མཁའ་འགྲོ་ Khandu
  གཡུས་ དང་ཕུ་ལས་ནཱ་དེ་སྦེ་རང་ཡོདཔ་འདྲས་སྨོ་ལགས་གཡུས་འདི།
 • རིན་ཆེན་ལྷམོ་ Rinchen Lham
  དང་ཕུ་ལས་རང་ ནཱ་སྡོདཔ་ཨིན་ལགས།
 • མཁའ་འགྲོ་ Khandu
  ཨེ་འེ་་་་་།
 • རིན་ཆེན་ལྷམོ་ Rinchen Lham
  དང་ཕུ་ལས་རང་ནཱ་སྡོད་ཡི། ཏེ་དང་ཕུ་ནཱ་སྡོད་དེ་ ཏེ་ ང་བཅས་ སྒར་འ་ནཱི་སྦེ་བཙུགས་སྡོད་སྡོདཔ་ཨིན། ཏེ་ ང་བཅས་ཁྱིམ་ནང་ལས་བཏོན་བཏངམ་ད་ལུ་ ཏེ་ཤར་ ཨཔ་འདི་དང་འཕྱད་འཁྱིད་ཞིནམ་ན་ལས་ ཏེ་ ཁྱིམ་ནང་ལས་བཏོན་བཏངམ་ད་ ཏེ་ང་རང་ ལྷང་གླ་བཏགས་ཏེ་རང་ ཏེ་ བསགས་ཏེ་ ཏེ་ཁྱིམ་རྐྱབ་རྐྱབ་ཨིན་ལགས་ འ་ནཱི་སྦེ།
 • མཁའ་འགྲོ་ Khandu
  དེ་བསྒང་ནཱ་ ཨང་རྒས་ དཀའཝ་ལེ་ཤ་ར་སྤྱད་པའི་ལོ་རྒྱུས་ལེ་ཤ་རང་གོ་ཡི་ འ་ནཱི་ཚུ་ག་དེ་སྦེ་ཨིན་ན?
 • རིན་ཆེན་ལྷམོ་ Rinchen Lham
  ཧ་ཧ་ཧ་
 • མཁའ་འགྲོ་ Khandu
  ཚར་ཅིག་
 • རིན་ཆེན་ལྷམོ་ Rinchen Lham
  ད་ དཀའཝ་འདི་འདི་ ཏེ་ དེ་བསྒང་ལགས། མནོ་ཆུང་ཤོས་ རང་གི་ཁ་དགོ་པའི་བཞེས་སྒོ་ཡང་ཟ་ནི་མེད་པར་ རོགས་ཕྱུགཔོ་ཚུ་གི་ལཱ་སར་ ད་རེས་ཁྱོད་ཀྱི་ལུད་བཏོན་གེ་སྨེ་ཉ་ ང་ ད་རེས་ཁྱོད་ཀྱི་ལུད་བཏོན་གེ་སྨེ་ ང་ད་ བུ་ཚ་ལྟོ་བྱིན་ནི་མིན་འདུག་ བུ་ཚུ་སྐྱེས་བཞག་ བུ་ཚ་ལྟོ་བྱིན་ནི་མི་འདུག་ཟེར་སླབ་ད་ ཏེ་ ཤོག་ཤོག་ ཨོག་ཀ་ནང་ལས་ལུད་བཏོན་དགོ་པས་ཟེརཝ་མས་ལགས།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ ཨོག་ཀ་ནང་ལས་ལུད་ཡང་བཏོན་བྱིན་ཡི་ དཀའཝ་མ་སྤྱད་པ་ཐབས་མེད་ལགས་ དཀའཝ་མེན་ ད་ ངབཅས་རྐྱབ་སྡོད་མི་གིས་དཀའཝ་ ད་རེས་ཀྱི་གཞོན་སྐྱེས་ཚུ་གིས་སྤུ་ལས་ར་སྤྱད་ནི་མེད་ལགས། ད་རེས་ གཞོན་སྐྱེས་ཚུ་ཏེ་ རྒྱ་ཆུམ་དོ་གཅིག་ཡོདན་ དཔའ་ཧི་ཧི་མས། ཏེ་དང་ཕུ་ངབཅས་ རྒྱ་ཆུམ་འདི་ག་ཡོདཔ་ ཏེ་ ལྟོ་ཅིག་ཟ་དགོ་མནོ་རུང་ མེད་བ་ཏེ་ ཕྱི་རུ་ཨ་ཁ་བསྣད་ཟ་དགོ་ལགས་ ཧ་ཧ་ཧ།
 • རིན་ཆེན་ལྷམོ་ Rinchen Lham
  ཕྱི་རུ་ཨ་ཁ་བསྣད་ཟ་དགོ་ ཏེ་ འདི་ཡང་རང་གི་སྦུང་དེ་ཡོདན་ ཏེ་ ཀརཔ་བྱེ་(བྲེ་)རེ་ ཏེ་ཐོབ་འོང་ ཀརཔ་བྱེ་(བྲེ་)རེ་རེ་རང་ཨིན་ ཉིནམ་རེ་ལས་ ད་ ད་རེས་ ཏེ་ གཞུང་སྐུ་དྲིན་ཆེ་སྟེ་ སྤ་རོ་ལས་འགྱོན་ ཆུམ་བྱེ་(བྲེ་)ལྔ་ལྔ་ ད་ ང་བཅས་ར་ནང་རྫས་འབདན་ ཀརཔ་བྱེ་(བྲེ་)གསུམ་གསུམ་ཐོབ་ལགས། ད་ ཏེ་སྦུང་རང་གིས་རོགས་ འཇལ་བཏངན་མ་ཤེས་ རོགས་ལས་རང་མི་ཐོབ།
 • རིན་ཆེན་ལྷམོ་ Rinchen Lham
  རོགས་ཀྱིས་རང་གི་ད་(ནང་)འོང་མི་བཏུབ་ ལམ་མ་ལང་(མགྱོགས་པར་མགྱོགས་པར་ཅིག་) ལཱ་འདི་རང་གིས་རང་འབད་དགོ་ ཏེ་ང་བཅས་གནམ་མེད་ས་མེད་ ཕ་ཞིང་ཡང་མེད། ཏེ་ ཕ་ཞིང་འདི་ཕར་གྱི་སྦོམ་དང་ ང་འདྲན་འདྲ་བགོ་ཡི་ཏེ་ ད་ ཕ་ཞིང་བགོ་བར་མེད། ད་འ་ནཱི་སྦེ་ར་ འབད་ཡི་ དཀའཝ་འབདན་སྤྱད་ཅི་སྤྱད་ཅི་ད་ དཀའཝ་མ་སྤྱད་པའི་ཐབས་འདི་དེ་མེད་བ་ལགས།
 • རིན་ཆེན་ལྷམོ་ Rinchen Lham
  དཀའཝ་འདི་འབདན་ ང་བཅས་ དང་ཕུ་ ག་ཅི་ཡང་ཟ་ནི་མེད། ག་ཅི་ཡང་འཐུང་ནི་མེད། ཏེ་ ག་དེ་རོགས་ ཡར་ ད་རེས་ཀྱི་ ཞབས་གསརཔ་འདི་བསྐོས་པའི་ཉིནམ་ལས་ ཤ་མོ་དང་འདྲན་འདྲ་ཆ་མཉམ་རང་ལྡིང་ཡི་ལགས། ལྡིང་ཡི་ལྡིང་ཡི་ ནོར་ཡང་དེ་བསྒང་ སྒོ་ཁར་བ་རྡོག་མ་གཅིག་བཏགས་ཚུགས་ག་སྨོ་ མནོ་མནོཝ་ཨིན། ད་ ནོར་ཕུད་རྡོག་གསུམ་དེམ་ཅིག་ཡོད། དེ་ ང་བཅས་ར་གཉིས་ལྷང་གླ་བཏགས་ཏེ་རང་ཉོ་ཉོཝ་ཨིན་ཨཔ་འདི་གིས། ཨཔ་འདི་གིས་ཉོ་ བུམོ་འདི་གིས་བདག་འཛིན་འབད་ཡོད་ འ་ནཱི་ཨིན་ལགས།
 • མཁའ་འགྲོ་ Khandu
  འེ་ ཨང་རྒས་དཀའཝ་ཧ་ལམ་སྤྱད་ནུག་སྨོ་ཤིག
 • རིན་ཆེན་ལྷམོ་ Rinchen Lham
  ཨཱ་་་་་་།
 • མཁའ་འགྲོ་ Khandu
  དཀའཝ་ཧ་ལམ་སྤྱད་ད་ནུག་ས།
 • རིན་ཆེན་ལྷམོ་ Rinchen Lham
  སྤྱད་ཅི་ཉ་ སྤའོ་་་་་སྤ་ ཨཔ་འདི་ནཱ་ཁྱིམ་ནང་སྡོད་ནི་མེད་ སྤ་རོ་ལཱ་ལྷང་གླ་བཏགས་ ཏེ་ དེ་བསྒང་ལྕང་ལཱ་ བྱཱར་ལཱ་ཟེར་རུང་ ཀརཔ་བྱེ་(བྲེ་) འ་ རེད་བྱེ་(བྲེ་)གསུམ་ལས་མི་ཐོབ་པས་ལགས་ སྤ་རོ་ལས། ཏེ་ ཨ་པ་ལྷང་གླ་བཏགས་ ང་གིས་ནཱ་གཡུས་ཁ་གི་ ཏེ་ཁྱིམ་ནང་ལས་ཕ་ཞིང་རེ་མ་སྟེར་ ཏེ་ རོགས་དང་སྦུང་རྐྱབ་སྟེ་རང་ ཏེ་ ཁྱིམ་འདི་རྐྱབ་རྐྱབ་ཨིན་ འ་ནེམ་ཅིག་ཨིན་ལགས།
 • མཁའ་འགྲོ་ Khandu
  འེ་ ཏེ་ དེ་བསྒང་ ཏེ་ཨང་རྒས་འབད་བ་ཅིན་ད་ དེ་བསྒང་དང་ད་རེས་ཀྱི་བར་ན་ མ་པ་ ད་ཅི་ལས་ར་སླབ་དེས་ དེ་བཟུམ་སྦེ་ ཁྱོད་ར་གིས་འབད་བ་ཅིན་ ད་ག་དེ་སྦེ་ཚོརཝ་སྨོ?
 • རིན་ཆེན་ལྷམོ་ Rinchen Lham
  ཨཱ་་་་་།
 • མཁའ་འགྲོ་ Khandu
  ད་ ད་རེས་དང་ད་རེས་བར་ན་ ཧེ་མ་དང་ད་རེས་བར་ན་ ག་དེ་སྦེ་ཚོརཝ་སྨོ་ཨང་རྒས་ཀྱིས་ སེམས་ཁར་མནོ་ཐངས་
 • རིན་ཆེན་ལྷམོ་ Rinchen Lham
  ཐོག་ཡ?
 • མཁའ་འགྲོ་ Khandu
  མནོ་བསམ་མེད་ ཁྱོད་ར་གི་འགྱུར་བ་
 • རིན་ཆེན་ལྷམོ་ Rinchen Lham
  ཨ་
 • མཁའ་འགྲོ་ Khandu
  ཁྱད་པར་
 • རིན་ཆེན་ལྷམོ་དང་མཁའགྲོ་ Rinchen Lham & Khandu
  ག་དེ་སྦེ་ རྒྱུ་ད་འདི་དྲག་དྲག་ ད་ལྟོ་དྲག་
 • མཁའ་འགྲོ་ Khandu
  ཨ་ཙི་ཅིག་ ག་དེ་སྦེ་ཚོརཝ་སྨོ་ ཨང་རྒས་ཀྱིས་འབད་བ་ཅིན་ འ་ནཱི་སྦེ་འབད་བ་ཅིན་ དང་ཕུ་འབད་བ་ཅིན་ འ་ནཱི་སྦེ་ཨིན་པས་སྨེ་ དཀའཝ་འ་ནཱི་སྦེ་སྤོད་དགོ་ཟེར།
 • རིན་ཆེན་ལྷམོ་ Rinchen Lham
  ད་
 • མཁའ་འགྲོ་ Khandu
  ད་རེས་ནངས་པར་འབདན་ཏེ་ ཨ་ལོ་ཚུ་ འ་ནཱི་སྦེ་དགའ་ཡི་ཟེར་སྨོ?
 • རིན་ཆེན་ལྷམོ་ Rinchen Lham
  ད་ དང་ཕུ་འབད་བ་ཅིན་ ཏེ་ ང་བཅས་ རྒྱགས་སྐལ་རྐྱལ་ཅུང་ནང་འདེགས་ཏེ་ཟ་དགོ་ལགས། ཏེ་རྐྱལ་ཅུང་ཡང་ནཱི་ཟེརཝ་ཅིག་མེད་ རོགས་ཕྱུགཔོ་ལས་ ལེན་ཅི་རང་ ཏེ་འདེགས་བཞག་སྟེ་ཟཝ་ཨིན། ད་ ད་རེས་ ད་ རང་གི་སྦུང་འདི་ཕར་སྤར་ཚུགས་པ་ཅིན་ ཏེ་ གུང་ཕོད་(ཁྱིམ་)འདེགས་ཏེ་རང་ཟ་ནི་ཡོད་ལགས་ ཡོད་ཡོད། ཏེ་ ཕུན་ཚོགས་གླིང་ལས་ ཆུམ་ཨོ་ཏོག་ཏོ་ཅིག་བཏོན་ ཀེ་བ་སར་བཙུགས་ ཀེ་བ་མར་རྒྱ་སྐྱེལ་ རྒྱ་ལས་ཆུམ་བཏོན།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ རྒྱགས་སྐལ་འདི་ ཏེ་ཆུམ་དོ་ལྔ་ལས་[མར་མི་གཞོལ?] ང་བཅས་འདི་ ཏེ་ཆུམ་དོ་ ན་ཧིང་བཅུ་ཐམ་བཏོན་ཡི་ལགས། དུས་ཅི་ཆུམ་དོ་བཅོ་ལྔ་བཏོན་ཡི་ལགས། འ་ནཱི་ཅིག་བཏོན་ཡི། ཏེ་ སྤ་རོ་ལས་ ནོར་ སྤར་རི་གངམ་འདི་གིས་ མར་འདི་ དར་ཚིལ་འདི་བཙོང་ ཁོ་ར་གི་འདི་ བ་ཡི་གི་ [ཐལ་?]དང་བའུ་ཅུང་གི་ལྟོ་འབད་ ཐིམ་ཕུག་ལས་ ཏེ་ ཕར་བཙོང་ དེ་ལས་ལེན་ ཏེ་ དེ་ལས་ བ་ཕྱེ་དང་དེ་ཚུ་ཉོ་སྟེ་ ཏེ་བའུ་ཅུང་གསོ་ཡི་ལགས།
 • རིན་ཆེན་ལྷམོ་ Rinchen Lham
  ཏེ་ མར་འདི་གིས་ ཉིནམ་ ནེམ་ སྒྲོམ་རེ་ལུ་ བོང་ཀུ་འཐེན་ ཏེ་ ཤལ་ལུ་རྒཔོ་འདི་གི་ རྒྱགས་སྐལ་འདི་རང་བཏངམ་ད་ ཏེ་ རེད་རང་ལེན་ཟཝ་ཨིན་ལགས། ཆོ་ག་བཏངམ་ད་ཡང་རེད་རང་ལེན་ཟ་ འ་ནཱི་སྦེ་ཟཝ་ཨིན་ལགས། ད་ དང་ཕུ་འདི་འདི་ ཏེ་ང་བཅས་ཀྱི་ང་བཅས་དེ་མའི་བཟོ་བལྟ་གིས་ ཏེ་རེད་བྱེ་(བྲེ་)ལྔ་ འདེགས་ཏེ་ཟ་ནི་མིན་འདུག་ཏེ་ ཨ་པ་སྦུང་སྤར་ཚུགསཔ་ཨིན་མས། ཨ་པ་སྦུང་སྤར་མ་ཚུགསན་ ཏེ་ངནི་འགྱོ་ལོ་མི་འདུག་ཏེ་ བུཚུ་ཨོམ་བྱིན་དགོ་པས། ཏེ་ དང་ཕུ་འ་ནེམ་ཅིག་ཨིན།། །།