Video Overview
༉ འབྲུག་རྒྱལ་ཁབ་འདི་ ཧེ་མ་ཟ་འཐུང་གི་དཔལ་འབྱོར་ གོང་འཕེལ་མ་འགྱོ་བའི་བསྒང་ལུ་ ཡང་ཀ་ལི་དེ་ཚལ་མ་ནང་ལས་བསྡུ་ལེན་འབད་དེ་ ལྟོ་སྦེ་ཡང་ཟ་སྡོད་སྡོདཔ་ཨིན་མས། དེ་མ་ཚད་ ཆང་བཙོ་ནི་ མདའ་གུ་དུག་སྦེ་ལག་ལེན་འཐབ་ནི་ འབྲུག་ཤོག་གུ་ཡི་གུ་བྲི་བའི་སྐབས་ དེ་ལས་ སྙན་ཆ་སྦེ་ཡང་ལག་ལེན་འཐབ་དོ་ཡོདཔ་མས། ཨིན་རུང་ ད་རེས་ནངས་པར་ གཡུས་ཁ་ལས་ཕར་ འདི་གི་སྐོར་ལས་ དྲི་ལྟ་བའི་སྐབས་ མི་དག་པ་ཅིག་གིས་མ་གཏོགས་ མང་ཤོས་ཀྱིས་ ཟ་བཏུབ་ཟེར་ ཤེསཔ་ཙམ་ཅིག་མ་གཏོགས་ ག་དེ་སྦེ་ཟ་ནི་ཨིན་ན་ཡང་མི་ཤེས་དོ་ཡོདཔ་མས། དེ་འབདཝ་ལས་ མ་འོངས་པ་ལུ་འདི་ དེ་བཟུམ་མའི་ འཛུགས་སྐྱོང་འབད་མ་དགོ་པའི་ཟས་ ཚལ་མ་ནང་ག་དེམ་ཅིག་ར་ཡོད་རུང་ བཟོ་ཐངས་རང་མ་ཤེས་པའི་ཁ་ལུ་ ཟ་བཏུབ་དང་མ་བཏུབ་རང་མི་ཤེས་ནི་ཨིན་པས། དེ་བཟུམ་སྦེ་ རྫོང་ཁག་གཞན་ཁ་ལས་ཕར་ ཀོ་ལོག་པར་རྩེདམོ་ཟེར་ རྩེདམོ་རྩེ་ནིའི་དོན་ལུ་ བསྡུ་ལེན་འབད་དོ་ཡོདཔ་ད་ ཕབ་བཟུང་འབད་སའི་ས་གནས་ནང་ཡང་ ཀོ་ལོག་པ་དང་ འུར་འུར་པ་ཟེར་བའི་རྩེདམོ་ཚུ་ཡང་ རྩེ་ནི་ཡོདཔ་ཨིན་པས།
When Bhutan was underdeveloped in terms of food supply, people in Zhengang collected food from the forest. Yangkali (local term) is one of these foods normally consumed, though it is poisonous. It's used on arrows in hunting. People used to use them as musical instruments after it dries. But now most people were unaware how to prepare and use it. It is also utilized in other part of country as playing equipment, which is popularly know as Kolagpa Yur Yur pa.
- Ngangla Trong
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཤིང་ག་ཏེ་ཁ་ཐུག་སྨོ? ཕར་ཁ་ཐུག་ཨིན་མེན་ན་ཤིང་?Which side of the tree? Isnt it that side?
- ཚོང་རྒྱལ་ Tshongyalཡར་ཡོདཔ་ཨིན།It is up there.
- ཚོང་རྒྱལ་ Tshongyalཚར་གཅིག་མར་འཛུལ་དགོ་ད་ སྡོད་སྨ་རས་ སློབ་དཔོན་གཉིས་ ང་གིས་ ཚར་གཅིག་བལྟ་འགྱོ་གེ།Once we have to enter downwards, wait alright. Once, I will go and see it.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukདཀའཝ་ག་དེ་སྦེ་སྤྱད་ཡི་ག་ རྟིང་བད་སྟེ་ བལྟ་དགོ་སྟེ།We have to look how actaully you have work hard
- ཚོང་རྒྱལ་ Tshongyalགློ་འཁོག་པ་་་Coughs
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaཛའི་ཡར་འཐེན་འབག་མས།Do pick it up and carry.
- ཚོང་རྒྱལ་ Tshongyalཡ་་་འཐེན་ཏེ་འབག་མས་ཏེ་ ང་བཅས་གཉིས་ད།Do pick up and carry, now two of us.
- ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchukཤོག་གཅིག་ ཤོག་གཉིས་ སླབ་དགོཔ་འདྲས་མེན་ན?Do we need to tell come on, come on?
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Tshongyal Research Assistant Dorji Nima: ཚོང་རྒྱལ་དགའ་སྒྲ་་་Laughs
- ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nimaསྒྲ་སྒྲིག། གཅིག་ གཉིས་ གསུམ་ (Ready one two three go)