Video Overview
Aum Thinley Bidha recites a lozey ballad about barley, which grows in the spring. She also mentions the names of different types of birds. Aum Thinley Bidha can recite many types of lozey that were orally passed down to her by her parents. In some cases, she is not aware of the actual meaning of the words.
བློ་ཟེ་ སོ་ནག་དཀརམ་བསྒྱོམ་ཚུལ་སྐོར་ ཧཱ་ སྐར་ཚོགས་ལས་ འཕྲིན་ལས་བུ་དར་གྱིས་བསྒྱུར་ནི་འདུག སོ་ནག་དཀརམ་ཟེར་ ནམ་སོ་ཁ་ལུ་འཐོན་པའི་ནག་འདི་ལུ་གོཝ་ཨིནམ་ད་ དེ་ཡང་ བློ་ཟེའི་ཚིག་འབད་བ་ཅིན་ སོ་ནག་དཀརམ་བསྒྱོམ་དགོ་པས། །སོ་ནག་དཀརམ་བསྒྱོམ་པ་ལུ། །རྒྱ་ལས་རྨ་བྱ་མདོངས་སྒྲོ་དགོ །བོད་ལས་ཤང་ཤང་ཕོད་ཁ་དགོ །ཟེར་ བྱ་དང་བྱིའུ་ཅུང་ཚུ་གི་མིང་དང་ ཕྱོགས་ཕྱོགས་ཀྱི་བྱའི་མིང་ཚུ་ཡང་རིམ་པ་བཞིན་དུ་འཐོན་ནི་འདུག དེ་བཟུམ་སྦེ་ འཕྲིན་ལས་བུ་དར་གྱིས་ བློ་ཟེའི་རིགས་ལེ་ཤ་ཅིག་ར་གཏང་ནི་འདུག དེ་འབདཝ་ད་ མོ་རང་ཡང་ དོན་དག་འདི་དང་འདི་ཟེརཝ་ཅིག་ བཤད་མི་ཚུགས་དོ་ཡོདཔ་མས། དེ་ཡང་ ག་ཅི་སྦེ་ཟེར་བ་ཅིན་ མོ་རང་ཡང་ ཧེ་མ་ ཕམ་ཚུ་ལས་ལྷབ་པའི་སྐབས་ ཁ་རྒྱུན་རྣ་རྒྱུན་འབད་དེ་ ལྷབ་ནི་འདི་གིས་ ཚིག་རྐྱངམ་ཅིག་མ་གཏོགས་ གོ་དོན་འབད་བ་ཅིན་ བློ་ཟེ་བསྒྱུར་མི་ཁོང་ཆ་ཁྱབ་ཀྱིས་ཡང་ གོ་དོན་ལེགས་ཤོམ་སྦེ་དཔོག་མི་ཚུགས་དོ་ཡོདཔ་མས།
- Haa Throm
- ཨམ་འཕྲིན་ལས་བུད་དརཏེ་སོ་ནག་ཀརམོ་བསྒྱོམ་དགོ་པས། །
- ཨམ་འཕྲིན་ལས་བུད་དརསོ་ནག་ཀརམོ་བསྒྱོམ་པ་ལུ། །
- ཨམ་འཕྲིན་ལས་བུད་དརརྒྱ་ལས་རྨ་བྱ་མདོངས་སྒྲོ་དགོ །
- ཨམ་འཕྲིན་ལས་བུད་དརབོད་ལས་ཞོང་ཞོ་ཕོད་ཁ་དགོ །
- ཨམ་འཕྲིན་ལས་བུད་དརདགུང་གི་ཇོ་རྒྱས་རྒྱལཔོ་དགོ །
- ཨམ་འཕྲིན་ལས་བུད་དརཤར་གྱི་ཐུགས་གྲོལ་དཀར་བཅུ་དགོ །
- ཨམ་འཕྲིན་ལས་བུད་དརལྷོ་ལས་ཁུ་བྱུག་སྙན་མོ་དགོ །
- ཨམ་འཕྲིན་ལས་བུད་དརནུབ་ལས་ཁ་ལོ་ན་ཚ་དགོ །
- ཨམ་འཕྲིན་ལས་བུད་དརནགས་ལས་བྱ་མདངས་ཚངས་ཀ་དགོ །
- ཨམ་འཕྲིན་ལས་བུད་དརརྫོང་གི་ཏོག་ཏོ་བྱ་པོ་དགོ །
- ཨམ་འཕྲིན་ལས་བུད་དརརྒྱ་ལས་རྨ་བྱ་མདོངས་སྒྲོ་གིས། །
- ཨམ་འཕྲིན་ལས་བུད་དརང་མདོངས་སྒྲོ་དབྱེ་བའི་ཁག་མི་ཕོག། །
- ཨམ་འཕྲིན་ལས་བུད་དརང་སོ་ནགས་བསྒྱོམ་པའི་ཁག་མི་ཕོག །
- ཨམ་འཕྲིན་ལས་བུད་དརབོད་ཀྱི་ཞོང་ཞོ་ཕོད་ཀ་གིས། །
- ཨམ་འཕྲིན་ལས་བུད་དརང་ཕོད་ཁ་་དབྱེ་བའི་ཁག་མི་ཕོག །
- ཨམ་འཕྲིན་ལས་བུད་དརང་སོ་ནག་བསྒྱོམ་པའི་ཁག་མི་ཕོག །
- ཨམ་འཕྲིན་ལས་བུད་དརདགུང་གི་ཇོ་རྒྱས་་རྒྱལ་པོ་གིས། །
- ཨམ་འཕྲིན་ལས་བུད་དརང་ལམ་ལྟག་བཅད་པའི་ཁག་མི་ཕོག །
- ཨམ་འཕྲིན་ལས་བུད་དརང་སོ་ནག་བསྒྱོམ་པའི་ཁ་མི་ཕོག །
- ཨམ་འཕྲིན་ལས་བུད་དརལྷོའི་ཁུ་བྱུག་སྔོན་མ་གིས། །
- ཨམ་འཕྲིན་ལས་བུད་དརང་གསུང་སྐད་འགྱུར་བའི་ཁག་མི་ཕོག །
- ཨམ་འཕྲིན་ལས་བུད་དརང་སོ་ནག་བསྒྱོམ་པའི་ཁ་མི་ཕོག །
- ཨམ་འཕྲིན་ལས་བུད་དརནུབ་ཀྱི་ཁ་ལོག་ནས་ཙོ་གིས། །
- ཨམ་འཕྲིན་ལས་བུད་དརང་ཁ་ལུ་འགྱུར་བའི་ཁག་མི་ཕོག །
- ཨམ་འཕྲིན་ལས་བུད་དརང་སོ་ནག་བསྒྱོམ་པའི་ཁ་མི་ཕོག །
- ཨམ་འཕྲིན་ལས་བུད་དརནགས་ཀྱི་བྱ་མདངས་ཚངས་ཀ་གིས། །
- ཨམ་འཕྲིན་ལས་བུད་དརམདའ་བྱ་སྒྲོ་བཀལ་བའི་ཁག་མི་ཕོག །
- ཨམ་འཕྲིན་ལས་བུད་དརང་སོ་ནག་བསྒྱོམ་པའི་ཁ་མི་ཕོག །
- ཨམ་འཕྲིན་ལས་བུད་དརརྫོང་གི་ཏོག་ཏོ་བྱེད་པ་གིས། །
- ཨམ་འཕྲིན་ལས་བུད་དརང་གནམ་ཕྱེད་བཟུང་བའི་ཁག་མི་ཕོག། །
- ཨམ་འཕྲིན་ལས་བུད་དརང་སོ་ནག་བསྒྱོམ་པའི་ཁ་མི་ཕོག །
- ཨམ་འཕྲིན་ལས་བུད་དརཤར་གྱི་ཕུ་ཀྲེ་དཀར་ཅུང་གིས། །
- ཨམ་འཕྲིན་ལས་བུད་དརབྱ་གཟུགས་བཅུ་ཆུང་བ་ལེགས་པས། །
- ཨམ་འཕྲིན་ལས་བུད་དརང་སོ་ནག་བསྒྱོམ་པར་ཕོགས་ཆི་ཡི་ཟེར་མས། །
- ཨམ་འཕྲིན་ལས་བུད་དརཏེ་ཐདན་ཐད་ཐདཔ་འབག་སྨ་རེ། །
- ཨམ་འཕྲིན་ལས་བུད་དརསྡོདན་སྡོད་སྡོདཔ་བཟའ་སྨ་རེ། །
- ཨམ་འཕྲིན་ལས་བུད་དརང་གཟུགས་བཅུ་ཆུང་བ་ལེགས་ལས། །
- ཨམ་འཕྲིན་ལས་བུད་དརའབག་རུང་ནག་དོ་གསུམ་རང་ཨིན། །
- ཨམ་འཕྲིན་ལས་བུད་དརབཟའ་རུང་ནག་དོ་གསུམ་རང་ཨིན། །
- ཨམ་འཕྲིན་ལས་བུད་དརཏེ་གཟུགས་བཅུ་ཆུང་བའི་རང་བཞིན་གྱིས། །
- ཨམ་འཕྲིན་ལས་བུད་དརབྱ་ཨ་ལ་ཧུ་ཤི་འབོ་དགོཔ་ལས། །
- ཨམ་འཕྲིན་ལས་བུད་དརང་སོ་ནག་བསྒྱོམ་པའི་གཏིང་ལུ་ཤོར། །
- ཨམ་འཕྲིན་ལས་བུད་དརད་ག་ཏེ་དྲག་དགོ་སྤུན་ཆ་གསུམ་ཟེར?
- ཨམ་འཕྲིན་ལས་བུད་དརཇོ་ཉི་མའི་རི་་ལས་སྦ་ཅིག་བཅད། །
- ཨམ་འཕྲིན་ལས་བུད་དརཕྱདཔ་བཅད་པ་དུང་གིས་བཅད། །
- ཨམ་འཕྲིན་ལས་བུད་དརདུང་སྟེང་ལས་ཧོད་ཅིག་སྦེ། །
- ཨམ་འཕྲིན་ལས་བུད་དརསྟསྟེང་དུང་མས་ཕུད་ཀྱི་སྦེ། །
- ཨམ་འཕྲིན་ལས་བུད་དརཨོ་རྒྱན་རི་གསུམ་མཐུན་སུམ་བྱུང་། །
- ཨམ་འཕྲིན་ལས་བུད་དརད་ཉ་ཆེན་ཡུམ་ཆེནབཟུང་བཞག་ཡོད། །
- ཨམ་འཕྲིན་ལས་བུད་དརག་ཏེ་དྲག་ག་སྤུན་ཆ་གསུམ། །
- ཨམ་འཕྲིན་ལས་བུད་དརཉ་ཆེན་ཡུམ་གྱི་ཁོངས་ལུ་མེད། །
- ཨམ་འཕྲིན་ལས་བུད་དརཉ་ཆེན་ཨཔའི་ཁོངས་ལུ་མས། །
- ཨམ་འཕྲིན་ལས་བུད་དརཇོ་ཉི་མའི་རི་ལས་སྦ་ཅིག་བཅད། །
- ཨམ་འཕྲིན་ལས་བུད་དརཕྱེདཔ་བཅད་པ་དུང་གིས་བཅད། །
- ཨམ་འཕྲིན་ལས་བུད་དརདུང་སྟེང་ལས་ལྷོད་ཅིག་སྦེ། །
- ཨམ་འཕྲིན་ལས་བུད་དརསྟེང་དུང་མས་ཕུད་ཀྱི་སྦེ། །
- ཨམ་འཕྲིན་ལས་བུད་དརཨོ་རྒྱན་རི་གསུམ་མཐུན་སུམ་བྱུང་། །
- ཨམ་འཕྲིན་ལས་བུད་དརད་ཉ་ཆེན་ཨ་པ་བཟུང་བཞག་ཡོད། །
- ཨམ་འཕྲིན་ལས་བུད་དརད་ག་ཏེ་དྲག་ག་སྤུན་ཆ་གསུམ་ཟེར། །
- ཨམ་འཕྲིན་ལས་བུད་དརད་ཡབ་ཆེན་ཨཔའི་ཁོངས་ལུ་མེད། །
- ཨམ་འཕྲིན་ལས་བུད་དརད་ཡུམ་ཆེན་ཨ་མའི་ཁོངས་ལུ་ཨིན། །
- ཨམ་འཕྲིན་ལས་བུད་དརཇོ་ཉི་མའི་རི་ལས་སྦ་ཅིག་བཅད། །
- ཨམ་འཕྲིན་ལས་བུད་དརཕྱདཔ་བཅད་པ་དུང་གིས་བཅད། །
- ཨམ་འཕྲིན་ལས་བུད་དརདུང་སྟེང་ལས་ལྷོད་ཅིག་སྦེ། །
- ཨམ་འཕྲིན་ལས་བུད་དརསྟེང་དུང་མས་ཕུད་ཀྱི་སྦེ། །
- ཨམ་འཕྲིན་ལས་བུད་དརཨོ་རྒྱན་རི་གསུམ་མཐུན་སུམ་བྱུང་། །
- ཨམ་འཕྲིན་ལས་བུད་དརད་ཉ་ཆེན་ཨ་མ་བཟུང་བཞག་ཡོད། །
- ཨམ་འཕྲིན་ལས་བུད་དརད་ག་ཏེ་དྲག་ག་སྤུན་ཆ་གསུམ། །
- ཨམ་འཕྲིན་ལས་བུད་དརད་མཇུགམ་རྒྱ་ལུ་འགོར་ཏེ་བསལ། །
- ཨམ་འཕྲིན་ལས་བུད་དརརྒྱ་ཚད་ཐུབ་པ་ནཱི་ལས་ཨིན། །
- ཨམ་འཕྲིན་ལས་བུད་དརམཆུ་ཏོག་བོད་ལུ་འགོར་ཏེ་བསལ། །
- ཨམ་འཕྲིན་ལས་བུད་དརབོད་ཧཱཔ་ཐུག་པ་ནཱི་ལས་ཨིན། །
- ཨམ་འཕྲིན་ལས་བུད་དརགཡགཔ་ཤར་ལུ་འགོར་ཏེ་བསལ། །
- ཨམ་འཕྲིན་ལས་བུད་དར17426361ཤར་ཁྲི་གདུགས་ཤརཝ་ནཱི་ལས་ཨིན། །
- ཨམ་འཕྲིན་ལས་བུད་དརགཡོནམ་ནུབ་ལུ་འགོར་ཏེ་བསབ། །
- ཨམ་འཕྲིན་ལས་བུད་དརནུབ་ཇོ་ཤ་ཁྱི་པོ་ནཱི་ལས་ཨིན། །
- ཨམ་འཕྲིན་ལས་བུད་དརམཛུན་མོ་ས་ལུ་འཐབ་སྟེ་བསབ། །
- ཨམ་འཕྲིན་ལས་བུད་དརས་སོ་ནག་འཚོ་པ་ནཱི་ལས་ཨིན། །
- ཨམ་འཕྲིན་ལས་བུད་དརརྒྱལ་ཚིག་གནམ་ལུ་བཏོན་ཏེ་བསལ། །
- ཨམ་འཕྲིན་ལས་བུད་དརགནམ་བཟང་ཆརཔ་འབབ་པ་ནཱི་ལས་ཨིན། །
- ཨམ་འཕྲིན་ལས་བུད་དརད་སོ་ནག་དཀརམོ་བསྒྱོམ་བཞག་ཡོད། །
- ཨམ་འཕྲིན་ལས་བུད་དརསོ་ནག་དཀརམོ་བཏབ་དགོ་པས། །
- ཨམ་འཕྲིན་ལས་བུད་དརསོ་ནག་དཀརམ་བཏབ་པ་ལུ། །
- ཨམ་འཕྲིན་ལས་བུད་དརགླང་དཔོན་གེ་སར་རྒྱལ་པོ་དགོ །
- ཨམ་འཕྲིན་ལས་བུད་དརསློབ་གཡོགཔ་ཤེས་ལྕམ་སྒྲོལམོ་དགོ །
- ཨམ་འཕྲིན་ལས་བུད་དརཤར་གྱི་བ་མེན་གདོང་དཀར་དགོ །
- ཨམ་འཕྲིན་ལས་བུད་དརཨོ་ཀ་གླང་ཅུ་པདན་དོ་དགོ །
- ཨམ་འཕྲིན་ལས་བུད་དརཁ་མིག་གསེར་གྱི་བྱི་ཅུང་དགོ །
- ཨམ་འཕྲིན་ལས་བུད་དརགཉའ་ཤིང་བྱེད་འགྲོ་ཁྲ་མོ་དགོ །
- ཨམ་འཕྲིན་ལས་བུད་དརདུང་རི་གསེར་ཐག་དངུལ་ཐག་དགོ །
- ཨམ་འཕྲིན་ལས་བུད་དརགླང་འབྱིད་གཡུས་ཀྱི་སྡོངམ་དགོ །
- ཨམ་འཕྲིན་ལས་བུད་དརད་སྟག་ཤར་གཞོན་པ་སྔོན་ལས་མས། །
- ཨམ་འཕྲིན་ལས་བུད་དརམི་སེར་མང་པ་རྟིང་ལས་སྦེ། །
- ཨམ་འཕྲིན་ལས་བུད་དརསོ་ནག་ཆབ་དང་ཆོབ་ཀྱི་བཏབ། །
- ཨམ་འཕྲིན་ལས་བུད་དརད་ཧོ་བཅུ་རོ་ཞིམ་ཐལཝ་ད། །
- ཨམ་འཕྲིན་ལས་བུད་དརཨ་ལོ་གདོང་སོ་རྒྱབ་འདྲ། །
- ཨམ་འཕྲིན་ལས་བུད་དརབོག་བཅུ་རོ་ཞིང་ཐལཝ་ད། །
- ཨམ་འཕྲིན་ལས་བུད་དརགནའམ་བར་མ་འགྱུརཝ་དང་འདྲ། །
- ཨམ་འཕྲིན་ལས་བུད་དརརལ་སྒོ་ཟིང་ཟིང་ཐལཝ་ད། །
- ཨམ་འཕྲིན་ལས་བུད་དརསྟག་གི་ཟེའུ་རྒྱགསཔ་འདྲ། །
- ཨམ་འཕྲིན་ལས་བུད་དརསོ་ནག་དཀརམོ་བརྔ་དགོ་པས། །
- ཨམ་འཕྲིན་ལས་བུད་དརསོ་ནག་དཀརམོ་བརྔ་བ་ལུ། །
- ཨམ་འཕྲིན་ལས་བུད་དརསྟག་ཤར་གཞོནམ་སྔོན་ལས་སྦེ། །
- ཨམ་འཕྲིན་ལས་བུད་དརསྨན་ཆུང་མང་པ་རྟིང་ལས་སྦེ། །
- ཨམ་འཕྲིན་ལས་བུད་དརཟོརཝ་ཅུ་རྣོསམོ་ཕྱག་ལུ་འབག །
- ཨམ་འཕྲིན་ལས་བུད་དརསོ་ནག་ཆབ་དང་ཆོབ་ཀྱིས་བརྔ། །
- ཨམ་འཕྲིན་ལས་བུད་དརཡར་ཡངས་ཐོག་བཀྲ་ཤིས་རྟགས་བརྒྱད་གུ །
- ཨམ་འཕྲིན་ལས་བུད་དརསྡོངམོ་གསེར་སྡོངམོ་དངུལ་སྡོངམོ་གུ། །
- ཨམ་འཕྲིན་ལས་བུད་དརངེའི་སོ་ནག་དཀརམོ་བཟའ་དགོ་པས། །
- ཨམ་འཕྲིན་ལས་བུད་དརད་སོ་ནག་དཀརམོ་རྡུང་དགོ་པས། །
- ཨམ་འཕྲིན་ལས་བུད་དརསྟག་ཤར་གཞོནམ་སྔོན་ལས་སྦེ། །
- ཨམ་འཕྲིན་ལས་བུད་དརསྨོན་ཆུང་མངམ་རྟིང་ལས་སྦེ། །
- ཨམ་འཕྲིན་ལས་བུད་དརསྔོན་ཐང་དཔལ་མི་དཔལ་ཐང་ལུ། །
- ཨམ་འཕྲིན་ལས་བུད་དརབཀུགཔ་འབྱིག་དཀར་ཅུང་འདྲཝ་ཅིག་གནམ་ལུ་ལྷོང་། །
- ཨམ་འཕྲིན་ལས་བུད་དརསོ་ནག་དང་དང་དུང་གིས་རྡུངས། །
- ཨམ་འཕྲིན་ལས་བུད་དརད་ཤར་རྡོ་རྗེ་རི་ལས་ཕབས་ཅིག་ཞུ། །
- ཨམ་འཕྲིན་ལས་བུད་དརནུབ་པད་མི་རི་ལས་ཕབས་ཅིག་ཞུ། །
- ཨམ་འཕྲིན་ལས་བུད་དརལྷོ་རིན་ཆེན་གླིང་ལས་ཕབས་ཅིག་ཞུ། །
- ཨམ་འཕྲིན་ལས་བུད་དརབྱང་རྡོ་རྗེ་བྲག་ལས་ཕབས་ཅིག་ཞུ། །
- ཨམ་འཕྲིན་ལས་བུད་དརགཡུས་བེད་ད་རི་ལས་ཕབས་ཅིག་ཞུ། །
- ཨམ་འཕྲིན་ལས་བུད་དརཕབས་ཅིག་ཞུ་འདི་སིང་ཆང་བཙོ། །
- ཨམ་འཕྲིན་ལས་བུད་དརསིང་ཆང་བཙོ་དེ་མནའ་མ་ལན། །
- ཨམ་འཕྲིན་ལས་བུད་དརམནའ་མ་ལན་དེ་བུ་དྲུག་སྐྱེས། །
- ཨམ་འཕྲིན་ལས་བུད་དརབུ་དྲུག་སྐྱེས་ཏེ་གཞུ་དྲུག་ལྷོང་། །
- ཨམ་འཕྲིན་ལས་བུད་དརཞུ་དྲུག་ལྷོང་སྟེ་བྱེ་སྒྲོ་བཏུལ། །
- ཨམ་འཕྲིན་ལས་བུད་དརབྱེ་སྒྲོ་བཏུལ་ཏེ་རྒྱལ་སྲིད་འཛིན་ཟེར། །
- ཨམ་འཕྲིན་ལས་བུད་དརའ་ནཱི་ཨིན་ལགས།