Skip to main content Skip to search
12 Jan 2017
3 min 23 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel, Rinchen Dorji

The song “Clear Sky without Clouds” (Namkha Trinme Dangmo) is performed in this video by Sherub Dorji from Langmikha village in Paro District. This zhungdra song acknowledges the auspicious days of gathering. In the song, a metaphor is used to express the happiness that two people feel when they first meet. When the sky is clear and the sun is shining, people are happy and delighted. This same emotion is felt when two people first encounter one other. In this way, they hope to meet again and again under the same circumstances. This song is performed during gatherings for festivals.

 

སྤ་རོ་རྫོང་ཁག་ གླང་མིག་ཁ་གཡུས་ཚན་ལས་ ཤེས་རབ་རྡོ་རྗེ་གིས་ གཞུང་སྒྲའི་གླུ་གཞས་ གནམ་མཁའ་སྤྲིང་མེད་དྭངས་བ་ཟེར་མི་འདི་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ ག་ར་གཅིག་ཁར་འཛོམས་པའི་རྟེན་འབྲེལ་ལུ་ དགའ་ཚོར་བསྐྱེདཔ་མས། ཏེ་འདི་ནང་ མི་གཉིས་འགོ་ཐོག་གཅིག་ཁར་འཛོམས་པའི་ དགའ་ཚོར་འདི་ དཔེར་ན་ གནམ་འདི་སྤྲིན་མེད་པར་ དྭངས་འཕྲོས་འཕྲོས་སྦེ་སྡོད་པའི་ནམ་དུས་ལུ་ མི་ཚུ་སེམས་དགའ་དོ་བཟུམ་སྦེ་ འགོ་ཐོག་དང་པ་ཕྱད་མི་ཁོང་གཉིས་ཡང་ གནམ་མེད་ས་མེད་སེམས་དགའ་ཡོདཔ་ལས་ ད་རུང་འདི་ལས་ཕར་ཡང་ གནས་སྟངས་ད་རེས་བཟུམ་སྦེ་ ལོག་ཕྱད་པའི་རེ་བ་ཡོད་ཟེར་ཨིནམ་ད་ གླུ་གཞས་འདི་ ང་བཅས་ར་གཅིག་ཁར་འཛོམས་ དུས་སྟོན་རེ་འབད་བའི་སྐབས་སུ་རྐྱབ་ཨིན། 

 

Transcript search
No results found for this search
0 of 0
  • ཤེས་རབ་རྡོ་རྗེ།
    ལགས་སོ།ད་ང་བཅས་ར་ཞབས་ཁྲ་གི་སྐོར་ལས་འབད་བ་ཅིན་ཏེ་གཞུང་སྒྲ་ཅིག་ཕུལ་གེ་སྨོ་ལགས།ཏེ་ད་ ང་བཅས་ར་ དུས་ནམ་ར་འབད་རུང་ཏེ་ང་བཅས་ར་ནམ་མཁའ་སྤྲིན་མེད་དྭངསམ་ཟེར་མི་འདི་དངམ་སངས་རྒྱས་བཀའ་བཙན་[དེམ་ གདན་འདྲེན་ཞུ་འབད་བའི་བསྒང་ལས་?]རྟེན་འབྲེལ་གནམ་མེད་ས་མེད་སྦོམ་བརྩིས་ནི་གི་ཁྱད་པར་ལོག་ཞལ་ཡང་ཡང་མཇལ་ནི་གི་སྨོན་ལམ་བཏབ་ནི་གི་ཁྱད་པར་ཨིན་ལགས།
  • ཤེས་རབ་རྡོ་རྗེ།
    ནམ་མཁའ་སྤྲིན་གྱི་(མེད་)དྭངས་མོ་སེམས་གི་(རེ་)དགའ། །
  • ཤེས་རབ་རྡོ་རྗེ།
    ཁྲི་གདུགས་ཉི་མ་བཞུགས་པ་ལ་མདངས་རེ་སྤྲོ།།
  • ཤེས་རབ་རྡོ་རྗེ།
    སྐར་སངས་(ཚོགས་)ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་།།
  • ཤེས་རབ་རྡོ་རྗེ།
    ཞལ་ཧ་ཡང་(ཡང་ཡང་)མཇལ་ཀྱང་ལ་ད་རུང་མཇལ།།
  • ཤེས་རབ་རྡོ་རྗེ།
    ཞལ་ཡང་ཡང་མཇལ་བའི་ལ་སྨོན་ལམ་ཞུ་ལགས་སོ་ཟེར་
  • ཤེས་རབ་རྡོ་རྗེ།
    ཏེ་ང་བཅས་ར་ ཞལ་ཧ་ཡང་མཇལ་ཀྱང་ད་རུང་མཇལ་ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ་ཟེར་ང་བཅས་ར་ ལུས་ན་ཚ་མེད་པར་ཞལ་ཡང་ཡང་མཇལ་ནི་གི་ཐ་རྟགས་དང་རྟེན་འབྲེལ་འ་ནཱི་ཅིག་ཨིན་ལགས།། །།