02 Apr 2019
5 min 34 sec
Video Overview
Creators:
Tibetan and Himalayan Library
A folktale on resourcefulness in times of scarcity.
ཕུ་བོས་གོའི་ཁྱི་བླངས་ཏེ་ནུ་བོ་གོ་བོའི་ཚང་དུ་བཞག ནུ་བོ་གོ་བོའི་ཕྲུ་གུ་དང་མཉམ་དུ་གོ་བོའི་མས་རྟ་ཤ་སོགས་ཀྱིས་རང་གི་ཕྲུ་གུ་དང་མཉམ་དུ་གསོས་པ།
བརྙན་འདིར་གནའ་གཏམ་བྱ་གོ་བོའི་ཚང་ལས་ཐོན་པའི་བུ་ཞེས་པ་བཤད་ཡོད། གནའ་གཏམ་འདིར་སྤུན་གཉིས་བྱ་གོ་བོའི་ཚང་དུ་གོའི་ཁྱི་ལེན་དུ་སོང་བར་ཕུ་བོའི་གོའི་ཁྱི་བླངས་ཏེ་ནུ་བོ་གོ་བོའི་ཚང་དུ་བཞག ནུ་བོ་གོ་བོའི་ཕྲུ་གུ་དང་མཉམ་དུ་བསྡད་པར་གོ་བོའི་མས་མི་ཤ་དང་རྟ་ཤ། ཟོག་ཤ་སོགས་ཀྱིས་རང་གི་ཕྲུ་གུ་དང་མཉམ་དུ་གསོས་པ་བརྗོད་ཡོད།
哥哥把他的弟弟放在鹫巢里。鹫妈妈喂他马肉以及鹫儿一起照顾他了。
这段视频介绍 《鹫巢里成长的孩子》的民间故事。 故事主要内容是 - 哥哥把他的弟弟放在鹫巢里。鹫妈妈喂他马肉以及鹫儿一起照顾他了。
- སྤུན་གཉིས་གོ་བོའི་ཚང་ལ་གོའི་ཁྱི་ལེན་དུ་སོང་།
- ཕུ་བོས་གོའི་ཁྱི་ལེན་ཏུ་འགྲོ་དང་
- གོའི་ཁྱི་དེ་གོང་ཆེན་ཞིག་ཡིན་ཟེར།
- ཕུ་བོས་ནུ་བའི་སྐེད་པར་ཐག་པ་བཏགས་ཏེ་
- བྲག་ངོས་སུ་སྣར།
- བྲག་ཁུང་ནང་དུ་གོ་བོའི་ཕྲུག་གུ་བཞག་ཡོད།
- དེའི་ནང་དུ་གོའི་ཁྱི་ཞེས་ཁྱི་གུ་ལྟ་བུ་ཞིག་ཡོད་པ་ནི་
- རིན་ཐང་དང་བྲལ་བ་ཞིག་ཡིན།
- ནུ་བོས་གོའི་ཁྱི་ཐག་པར་བཏགས་ནས་ཡར་བྱིན།
- ཕུ་བོས་གོའི་ཁྱི་བླངས་ཏེ་ཐག་པ་མངགས།
- ནུ་བོ་བསྐྱུར་ནས་སོང་།
- ནུ་བོ་འདུག་ས་ནི་བྲག་དམར་ཟེང་ངེ་ཞིག་ཡིན།
- ཞབས་ན་ཆུ་སྔོ་ལྡེམ་མེར་འཁྱིལ།
- དེ་བས་ནུ་བོ་འགྲོ་ས་མ་རྙེད་པར་
- གོ་བོའི་ཕྲུ་གུ་དང་མཉམ་དུ་བསྡད།
- གོ་བོའི་མས་མི་ཤ་དང་རྟ་ཤ ཟོག་ཤ་སོགས་ཁྱེར་ཡོང་སྟེ་
- རང་གི་ཕྲུ་གུ་དང་མཉམ་པར་གསོས། དེ་ལྟར་གསོས་པར།
- ནམ་ཞིག་ལ་གོ་བོའི་ཕྲུ་གུ་ཚོ་འཕུར་རན་པར།
- གོ་བོའི་ཕྲུ་གུ་ཚོས་མ་ལ་མི་འདི་ངེད་ཅག་དང་
- མཉམ་དུ་འདི་འདྲ་ཞིག་ལ་བསྡད་པས་སྐྱུར་མི་རུང་
- ཞེས་པར་མ་རྒན་གྱིས་ཀྱང་བདེན་པར་འདུག་ཟེར།
- ཚིལ་གྱིས་གསོས་པ་དེའི་བཟང་ངམ་ཟེར་ཏེ་
- རྒྱབ་ལ་བུའི་ལྗིད་ཚད་དང་མཉམ་པའི་རྡོ་ཞིག་
- བཏེགས་ཏེ་འཕུར་སོང་བར་ཕ་རོལ་ལ་ཕུད་མ་ཐུབ་ལ
- ཆུ་དཀྱིལ་དུ་ལྷུང་།
- ཤ་ཡིས་གསོ་རྒྱུ་དེའི་བཟང་ངམ་ཟེར་ཏེ་
- ཡང་བུའི་ལྗིད་ཚད་དང་མཉམ་པའི་རྡོ་ཞིག་རྒྱབ་ལ་
- བཏེགས་ནས་འཕུར་སོང་བར་ཆུའི་མཐར་མ་ཐོན།
- བུ་ཆུའི་ཕ་རོལ་དུ་ཕུད་བྱེད་རེད།
- བྲག་ངོ་ནས་ཆུའི་ཕ་རོལ་དུ་ཕུད་བྱེད་ཡིན།
- དེ་ལྟར་རྐང་གིས་གསོས་པ་དེས་མ་ཐུབ།
- ཚིལ་གྱིས་གསོ་རྒྱུ་དེས་ཀྱང་མ་ཐུབ་པར།
- ཤ་ཡིས་གསོ་རྒྱུ་དེས་ཀྱང་མ་ཐུབ།
- རུས་པས་གསོ་རྒྱུ་དེར་ཁྱོད་ཀྱི་ཐུབ་བམ་ཟེར་ཏེ།
- རུས་པས་གསོ་རྒྱུ་དེའི་རྒྱབ་ལ་བུའི་ལྗིད་ཚད་དང་
- མཉམ་པའི་རྡོ་ཞིག་བཏེགས་པར་ཁོས་ཕ་རོལ་དུ་ཕུད།
- ཕྱི་ཉིན་ཁོ་ཚོ་འཕུར་རན་དུས་གོ་བོའི་མས་ཞི་བུ་ལ་
- ཁྱོད་རུས་པས་གསོས་པ་དེའི་རྒྱབ་ལ་བུད་ཟེར།
- དེའི་རྒྱབ་ལ་བུད་དེ་ཕ་རོལ་ལ་ཐོན།
- ད་ཁྱོད་ལ་ཆུ་བྲག་སོགས་མི་ཐར་ས་ཅི་ཡང་མེད་པས་
- ང་ཚོ་གནམ་ཏུ་འཕུར་རྒྱུ་ཡིན་
- ཁྱོད་རང་འདིར་སྡོད་དང་ཟེར་ནས་འཕུར་སོང་།
- ཁོ་རང་ནགས་གསེང་དུ་ཤིང་ཏོག་རེ་ཟོས་ནས་བསྡད།
- དེ་ལྟར་བསྡད་པར་བྱ་སྐད་སོགས་ཤེས།
- མི་ཞིག་གིས་རྒོད་མ་ཞིག་ལ་ཞོན་ཏེ་
- རྗེས་སུ་རྟེའུ་ཞིག་ཁྲིད་ནས་སོང་།
- གྱེན་ཏུ་བརྒྱུགས་ནས་ཡོང་བར་རྟེའུས་
- ཨ་མ་ང་སྒུག་དང་ཞེས་རྟའི་སྐད་བྱས་ཏེ་བཤད།
- རྒོད་མས་ཁྱོད་སྒུག་རྒྱུ་མི་འདུག་
- ངའི་རྒྱབ་ལ་ཁབ་ཞིག་འཛེར་འདུག་ཟེར།
- སྒའི་ངོར་ཁབ་ཞིག་ཡོད་པ་རྒོད་མའི་རྒྱབ་ལ་ཟུག
- རྒོད་མའི་རྒྱབ་ལ་ཟུག་དུས་རྒོད་མའི་ང་ལ་ཚ་ཟེར།
- ཁོས་མི་དེར་ཁྱོད་ཀྱི་རྒོད་མའི་རྒྱབ་ལ་
- ཁབ་ཞིག་ཟུག་གི་ཡོད་པ་འདྲ་ཟེར་བར།
- དེར་གལ་མི་ཆེ། ཁྱོད་ཀྱི་ཅི་ཞིག་ཤེས།
- ངས་རྒྱལ་བུའི་རྣའི་ནང་དུ་སྡོམ་ཞིག་འཛུལ་ཡོད་པ་
- ལེན་དགོས་པས་མི་ཁོམ་པར་ཡོད་ཟེར།
- མི་དེས་མ་ཉན་པར་བུད་སོང་།
- མི་དེ་ཐོན་རྗེས་སྒ་བླངས་དུས་དངོས་གནས་
- སྒ་བཟོ་བྱེད་ཀྱི་ཁབ་ཞིག་ལུས་ཡོད་པ་རྒོད་མའི་
- རྒྱབ་ལ་འཛེར་ཡོད་པ་བླངས་ཏེ། ཡ་མཚན།
- གན་ན་བུ་སྤུ་རིལ་ལེ་སྤྲང་བོ་འདྲ་བ་ཞིག་ཡོད་པ་དེས་
- རྒོད་མའི་རྒྱབ་ལ་ཁབ་འཛེར་ཡོད་ཟེར་མོད།
- ངས་དེའི་ཁར་མ་ཉན་པར་རྒྱལ་བུའི་རྣའི་ནང་གི་
- སྡོམ་མི་ལོན་པར་དོགས་ནས་ཐོན་པ་ཡིན་ཟེར་བར།
- རྒྱལ་པོས་དེ་ཤེས་མཁན་ཞིག་ཡིན་ནམ་ཁྲིད་ཤོག་ཟེར།
- ཁྭ་ཏ་ཞིག་འཕུར་ཞོར་ཏུ་ཀཱ། ཀཱ། ཀཱ་
- དེ་ཁོ་ཚོས་ཅི་ཡང་མི་ཤེས་པར་འདུག
- ཁོ་ཚོས་ཤེས་ན་ཁོ་ཚང་གི་སྒོ་ཁའི་རྡོ་ཡར་བཏེགས་ན་
- གྲོག་མ་དམར་པོ་ཞིག་ཡོད་པའི་སྐེད་པར་
- སྐུད་པ་བཏགས་ཏེ་རྒྱལ་བུའི་རྣའི་ནང་དུ་མངགས་ན་
- སྡོམ་དེ་དྲུད་ཡོང་ཐུབ་ཟེར།
- མི་དེས་ཁོ་ལ་ཁྱོད་ཤེས་མཁན་ཞིག་ཡིན་ནམ་ཟེར་བར།
- ཁོས་ང་ཤེས་མཁན་ཞིག་ཡིན་ཞེས་ལན་བཏབས།
- ཁོ་རང་ལ་ཟ་རྒྱུ་མཁོ་བས་རྗེས་སུ་སོང་སྟེ་
- རྡོ་བཏེགས་ནས་གྲོག་མའི་སྐེད་པར་སྐུད་པ་བཏགས་ཏེ་
- རྒྱལ་བུའི་རྣ་ཁུང་ནང་དུ་མངགས།
- སྡོམ་བླངས་ནས་རྒྱལ་པོའི་བུ་བསྐྱབས།
- ཁོ་ཇི་འདྲའི་ཤེས་མཁན་ཞིག་རེད་ཟེར་ཏེ་རྒྱུ་མང་པོ་བྱིན།
- རྒྱལ་པོའི་བུ་ཡང་བསྐྱབས་པ་རེད།
- དེ་ལྟར་ཁོ་རང་ཡང་སྐྱིད་པོ་བྱུང་ངོ་།།