09 Aug 2012
3 min 13 sec
Video Overview
Creators:
Unknown
This video is an interview with a local elder from Chuma, Rebgong, Qinghai Province.
བརྙན་འདི་རེབ་གོང་ཕྱོགས་ཀྱི་རྒན་པོ་ཞིག་གིས་ས་དེའི་ལུགས་སྲོལ་རྙིང་བ་དང་ཁོང་རང་གི་འདས་ཟིན་པའི་མི་ཚེ་འཚོ་བ་གླེང་བའི་བརྙན་འཁོར་ཞིག་ཡིན།
- ར་ཡུལ་ཁམས་མཆོག་ཨོྃ་མ་ཧཱུཾ་ཟེར་དགོས་པ་རེད་ལ།
- དེ་ལྟར་བཤད་ན་ཆོག་གི
- ར་ཡུལ་ཁམས་མཆོག་ཨོྃ་མ་ཧཱུཾ།
- ར་ཡུལ་ཁམས་མཆོག་ཨོྃ་མ་ཧཱུཾ།
- ར་ཡུལ་ཁམས་མཆོག་ཨོྃ་མ་ཧཱུཾ་དེ་ཐེངས་གསུམ་ལ་ཟེར་དགོས།
- ར་ཡུལ་ཁམས་མཆོག་ཨོྃ་མ་ཧཱུཾ།
- ར་ཡུལ་ཁམས་མཆོག་ཨོྃ་མ་ཧཱུཾ།
- མཆོག་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ།
- དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ།
- ཡུལ་ལྷ་གཞི་བདག་མགོ་ནག་གི་སྐྱབས་རེ་ས།
- སྐྱབས་གནས་ཀྱི་དཀོན་མཆོག་གསུམ་པོ་ཨོ་རྒྱན་པད་མ་འབྱུང་ནས།
- ཕ་རྒྱུད་བསང་བ་འདས་བ།
- མ་རྒྱུད་འཁོར་ལོ་བདེ་མཆོག
- ཡི་དམ་རྡོ་རྗེ་ཡིད་འཛིན་ཡི་ཤེས་ཀྱི་མགོན་པོ།
- ཞབས་དྲུག་བཀའ་ཤག་བཞི་བ་ཐམས་ཅད་ཆོས་ཀྱི་རྒྱལ་བོ།
- ཕ་ཁོག་བླ་རི་དཀར་པོ་གཏེར་གྱི་བདག་པོ།
- སྐྱེས་ལྷའི་རྒྱལ་བོ་སྐྱིད་ལྷ་ཨ་མྱེས་སེམས་མགུར།
- ང་ཚོའི་སྐྱེས་ལྷ་ཨ་མྱེས་སེམས་མགུར་རེད།
- སྐྱེས་ལྷའི་རྒྱལ་བོ་སྐྱིད་ལྷ་ཨ་མྱེས་སེམས་མགུར་མཆོད།
- སྐྱེས་ལྷའི་རྒྱལ་བོ་སྐྱིད་ལྷ་ཨ་མྱེས་སེམས་མགུར།
- ང་ལ་ཁྱོད་མ་གཏོགས་ཞུ་བ་བྱེད་ས་མེད་ལ།
- ང་ལ་ཁྱོད་མ་གཏོགས་སྐྱབས་རེ་ས་མེད་པ།
- ཁྱེད་ཀྱིས་ངས་ཅི་བྱས་ཀྱི་བྱ་བ་ལམ་ལ་འགྲོ་རུ་འཇུག་དགོས།
- ཅི་དྲན་གྱི་བློ་ལམ་ལ་འགྲོ་རུ་འཇུག་དགོས།
- སོང་སར་ཁ་ལས་དགེ་རུ་འཇུག་དགོས།
- བསྡད་སའི་ཁ་བོ་ཐོབ་ཏུ་འཇུག་དགོས།
- བྱས་པའི་བྱ་བ་ལམ་ལ་འགྲོ་རུ་འཇུག་དགོས།
- དྲན་པའི་བློ་ལམ་ལ་འགྲོ་རུ་འཇུག་དགོས།
- མ་རིག་པའི་ཉིན་ལ་ཁྲ་ཆེན་གྱི་མིག་བྱེད་དགོས།
- མ་ཤེས་པའི་ཉིན་དཀར་གངས་དཀར་གྱི་སེམས་བྱེད་དགོས།
- མི་ཐོག་ལ་ན་ཚ་ཡོང་མི་ཉན།
- ཕྱུག་ཐོག་ལ་གོད་ཁ་ཡོང་མི་ཉན།
- བྱས་པའི་བྱ་བ་ལམ་ལ་འགྲོ་དགོས།
- དྲན་པའི་བློ་ལམ་ལ་འགྲོ་དགོས།
- མ་རིག་པའི་ཉིན་ལ་ཁྲ་ཆེན་གྱི་མིག་བྱེད་དགོས།
- མ་ཤེས་པའི་ཉིན་དཀར་གངས་དཀར་གྱི་སེམས་བྱེད་དགོས།
- ངའི་ཁ་ནས་ཕོ་རུ་འཇུག་མི་ཉན།
- ངའི་ཞབས་ནས་འཛར་དུ་འཇུག་མི་ཉན།
- གདོན་ཞིག་ཡོད་ན་ལམ་འོག་ནས་བརྫོག་དགོས།
- བཙན་ཞིག་ཡོད་ན་ཁའི་ཁ་ནས་བརྫོག་དགོས།
- མི་ཚོགས་གྲལ་གྱི་ཁེར་མ་ཉན་དགོས།
- བུ་ཡི་གྲལ་གྱི་སྲུང་སྐོར་ཉན་དགོས།
- དེ་ལྟར་བཤད་དགོས།
- དེའི་ཆོག་གམ།
- ཡག་པོ་རེད།
- མི་ཚོགས་གྲལ་གྱི་ཁེར་མ་ཉན་དགོས།
- བུ་ཡི་གྲལ་གྱི་སྲུང་སྐོར་ཉན་དགོས།
- མི་ཐོག་གི་ན་ཚ་བརྫོག་དགོས།
- ཟོག་ཐོག་གི་གོད་ཁ་བརྫོག་དགོས།
- ཁ་ཁྲིད་བློ་ཁྲིད་བྱེད་དགོས།
- མ་རིག་པའི་ཉིན་ལ་ཁྲ་ཆེན་གྱི་མིག་བྱེད་དགོས།
- མ་ཤེས་པའི་ཉིན་དཀར་གངས་དཀར་གྱི་སེམས་བྱེད་དགོས།
- དམ་ཅན་རྡོར་ལགས།
- རྡོར་ལགས་ཕ་མ་འདྲ་བོ།
- ང་ལ་ཁྱོད་མ་གཏོགས་ཞུ་བ་བྱེད་ས་མེད་ལ།
- ང་ལ་ཁྱོད་མ་གཏོགས་སྐྱབས་རེ་ས་མེད་པ།
- ང་ལ་བཤད་ཡ་ངན་པ་ཞིག་ཡོད་ན་ལྕེ་གཅོད་དགོས།
- ང་ལ་རྡུང་ཡ་ངན་པ་ཞིག་ཡོད་ན་ར་བརྫོག་དགོས།
- ངའི་མི་ཐོག་གི་ན་ཚ་བརྫོག་དགོས།
- ངའི་ཟོག་ཐོག་གི་གོད་ཁ་བརྫོག་དགོས།
- ངས་བྱས་པའི་བྱ་བ་ལམ་ལ་འགྲོ་དགོས།
- ངས་དྲན་པའི་བློ་ལམ་ལ་འགྲོ་དགོས།
- དམ་ཅན་རྡོར་ལགས་ཕ་མ་འདྲ་བོ།
- ཕ་མེས་རྒྱུད་པའི་སྲུང་མ་ལྷ་མོ་དཔལ་ལྡན་མ།
- དཔལ་ལྡན་མ་ཁྱོད་ཕ་རིང་དང་བུ་རིང་།
- ལ་རིང་དང་གདུང་བརྒྱད་ལ་བསྟེན་བཞིན་ཡོད་པ།
- མཆོད་ཀྱིན་ཡོད་ལ་བཀུར་བཞིན་ཡོད།
- བྱས་པའི་བྱ་བ་ལམ་ལ་འགྲོ་དགོས།
- ཡང་དྲན་པའི་བློ་ལམ་ལ་འགྲོ་དགོས།
- ང་ལ་ཁྱོད་མ་གཏོགས་ཞུ་བ་བྱེད་ས་མེད་ལ།
- ང་ལ་ཁྱོད་མ་གཏོགས་སྐྱབས་རེ་ས་མེད་པ།
- ང་ལ་ཁྱོད་མ་གཏོགས་བློ་གཏོད་ས་མེད་པ།
- སྲུང་མ་ལྷ་མོ་དཔལ་ལྡན་མ་ཟེར་རྒྱུ་རེད།