Skip to main content Skip to search
18 Feb 2010
19 min 14 sec
Video Overview
Creators: 
Unknown

This clip shows the various events that take place at 'Bo ra monastery during the annual Great Prayer Festival.

བརྙན་འདི་ནི་ཡུལ་བླ་བྲང་ཕྱོགས་ཀྱི་འབོ་ར་དགོན་པའི་སྨོན་ལམ་དུས་ཆེན་དེ་ཡིན་ལ་འདི་ལོ་རེའི་ལུགས་རྙིང་གི་ཟླ་དང་པོའི་ཚེས ༡༣ ནས་ཚེས ༡༦ བར་ཚོགས་བཞིན་ཡོད། དགོན་པ་འདི་ལ་གྲྭ་བ་གཉིས་རྒྱ་ལྷག་ཡོད་ལ་དེ་ནི་དགེ་ལུགས་པའི་དགོན་པ་བླ་བྲང་བཀྲ་ཤིས་འཁྱིལ་ཀྱི་མ་ལག་བུ་དགོན་ཞིག་ཡིན། ས་འདིའི་མི་དམངས་མང་ཚོགས་ཉིན་འདི་དག་གི་རིང་ལ་དགོན་པར་ཡོང་ནས་ཕྱག་སྐོར་དང་སྨོན་ལམ་རྒྱབ་སྟེ་ཚེ་འདི་ཕྱི་གཉིས་ཀྱི་བྱ་བ་ལམ་འགྲོ་བགེགས་དང་བར་ཆད་མེད་པར་བསྐྱབ་བཅོལ་བྱེད་པ་རེད། ཉིན་དང་པོ་ནི་གོས་སྐུ་ཡིན་རྒྱ་ལོའི་ཚེས ༡༣ ཉིན་ཡིན། ཉིན་གཉིས་པ་ནི་གཏོར་རྒྱག་ཡིན་ཚེས ༡༤ ཉིན། ཉིན་གསུམ་པའི་དགུང་མོ་ནི་མེ་ཏོག་མཆོད་པ་ཡིན་ཚེས ༡༥ ཉིན་ཡིན། ཉིན་བཞི་པ་ནི་བྱམས་པ་གླིང་སྐོར་ཡིན་ཚེས ༡༦ ཉིན་ཡིན།