Skip to main content Skip to search
05 Jan 2016
2 min 16 sec
Video Overview
Creators: 
Tibetan & Himalayan Library

This is a video of Drolle from Serchen, Amdo singing a song called "Beneath the Bodhi Tree in India." This song is part of a series of folk songs from the Rebgong cultural area.

འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་ཤཀྱ་ཐུབ་པ་དང་བོད་ཁ་བ་ཅན་གྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས།  ཞྭ་སེར་བསྟན་པའི་བདག་པོ་རྗེ་རྒྱལ་བ་བློ་བཟང་གྲགས་པ་གསུམ་གྱི་མཛད་འཕྲིན་ལ་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ནི་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ལིམ་བི་ནིའི་ཚལ་གྱི་བྱང་ཆུབ་ཤིང་དྲུང་དུ་སྐུ་འཁྲུངས་པ་དང་མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་གདུལ་བྱ་ཡོངས་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུང་བ་དང་།  སེམས་ཅན་ཀུན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བར་མཛད་པ་དང་།   གནས་མཆོག་རི་བོ་གྲུ་འཛིན་དུ་བདག་ཅག་གི་ལྷ་སྐལ་ཕོག་པའི་མེ་ཏོག་གཅིག་པུ་འཕགས་མཆོག་ཕྱག་ན་པདྨོ་འཁྲུངས་ཏེ་སེམས་ཅན་ཀུན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་ཆེད་ཆོས་མ་ཎི་ཡིག་དྲུག་གསུངས་བ།   མདོ་སྨད་ས་ཡི་ཐིག་ལེ་ཤར་ཙོང་ཁའི་སྐྱེས་རི་མཐོན་པའི་འདབས་རོལ་དུ་རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་འཁྲུངས་ཏེ་ཆོས་ཀྱི་གནད་ཟབ་མོ་དག་རིག་པས་གྲོལ་བ་དང་སངས་རྒྱས་ཀྱི་ས་ལ་བགྲོད་པའི་ལམ་གྱི་རིམ་པ་གསལ་བར་གསུངས་ཏེ་སྐྱེ་འགྲོ་ཀུན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བར་མཛད་པ་བརྗོད་ཡོད།

Transcript search
No results found for this search
0 of 0