01 Sep 2018
3 min 4 sec
Video Overview
Creators:
Monika Subba, Kencho Wangmo
Pema Deki sings a Boedra song called "Ja Na Nor Bu Ri Gi Phar Ja Na". It describes the importance of the place located in between two mountains in Tibet.
གསར་སྤང་རྫོང་ཁག་ བདེ་སྐྱིད་གླིང་ལས་ པདྨ་བདེ་སྐྱིད་ཀྱིས་འཐེན་མི་འབོད་སྒྲའི་གླུ་གཞས་ རྒྱ་ན་ནོར་བུ་རི་གི་ཕར་རྒྱབ་ན་ཟེར་མི་འདི་ ང་བཅས་ར་འབྲུག་རྒྱལ་ཁབ་ཀྱི་ས་གནས་མཐའ་དབུས་མེད་པའི་ནང་དར་ཁྱབ་ཆེ་ཏོག་ཏོ་སྦེ་འཐེན་དོ་ཡོད་པའི་བོད་སྒྲའི་གླུ་གཞས་ཅིག་ཨིནམ་ད་ གླུ་གཞས་འདི་གི་དོན་དག་འདི་ ལྷ་ཁང་དང་བླམ། རྫོང་ཆེན་དང་དཔོན་ དེ་ལས་ཕམ་དང་བུ་གཞིའི་བར་ན་འབྲེལ་བ་ག་དེ་སྦེ་ར་ཡོདཔ་ཨིན་ནའི་སྐོར་ལས་བཤད་པ་རྐྱབ་སྟེ་འཐེན་ཡོད་པའི་གླུ་ཅིག་ཨིན་མས། དེ་ཡང་ ལྷ་ཁང་ནང་འབད་བ་ཅིན་ གཙོ་བོ་བླམ་འབད་ནི་དེ་གིས་ གཙོ་ཆེ་བའི་དབང་དུ་བཏང་སྦེ་ དེ་ཚུ་ལུ་གཞི་བཏག་སྟེ་བརྩམས་པའི་གླུ་གཞས་ཅིག་ཨིན་པས།
- China
- པདྨ་བདེ་སྐྱིད་རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན་ལ། །རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན་ལ།
- པདྨ་བདེ་སྐྱིད་ཨོ་ལོ་ནོར་བུ་རི་གི་ཚུར་རྒྱབ་ན་ལ། །ཨོ་ལོ་ནོར་བུ་རི་གི་ཚུར་རྒྱབ་ན་ལ། །
- པདྨ་བདེ་སྐྱིད་གཞོན་པ་རྣམ་གསུམ་ལྷ་ཁང་ཁྲ་མོ་བཞེངས་ལ། །གཞོན་པ་རྣམ་གསུམ་ལྷ་ཁང་ཁྲ་མོ་བཞེངས་ལ། །
- པདྨ་བདེ་སྐྱིད་བཞུགས་པ་རྣམ་གསུམ་མཚན་ལྡན་བླ་མ་བཞུགས་ལ། །བཞུགས་པ་རྣམ་གསུམ་མཚན་ལྡན་བླ་མ་བཞུགས་ལ། །
- པདྨ་བདེ་སྐྱིད་མཚན་ལྡན་བླ་མའི་ཐུགས་རིག་སྒོམ་པ་གནང་ལ། །མཚན་ལྡན་བླ་མའི་ཐུགས་རིག་སྒོམ་པ་གནང་ལ། །
- པདྨ་བདེ་སྐྱིད་བྱིན་རླབས་སྲུང་སྐུད་བསྟན་པ་དར་སེ་དར་ལ། །བྱིན་རླབས་སྲུང་སྐུད་བསྟན་པ་དར་སེ་དར་ལ། །
- པདྨ་བདེ་སྐྱིད་རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན་ལ། །རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན་ལ། །
- པདྨ་བདེ་སྐྱིད་ཨོ་ལོ་ནོར་བུ་རི་གི་ཚུར་རྒྱབ་ན་ལ། །ཨོ་ལོ་ནོར་བུ་རི་གི་ཚུར་རྒྱབ་ན་ལ། །
- པདྨ་བདེ་སྐྱིད་གཞོན་པ་རྣམ་གསུམ་རྗོང་ཆེན་ཁྲ་མོ་བཞེངས་ལ། །གཞོན་པ་རྣམ་གསུམ་རྗོང་ཆེན་ཁྲ་མོ་བཞེངས་ལ། །
- པདྨ་བདེ་སྐྱིད་བཞུགས་པ་རྣམ་གསུམ་དབང་ཆེན་དཔོན་པོ་བཞུགས་ལ། །བཞུགས་པ་རྣམ་གསུམ་དབང་ཆེན་དཔོན་པོ་བཞུགས་ལ།།
- པདྨ་བདེ་སྐྱིད་དབང་ཆེན་དཔོན་པོའི་ཐུགས་རིག་སྒོམ་པ་གནང་ལ། །དབང་ཆེན་དཔོན་པོའི་ཐུགས་རིག་སྒོམ་པ་གནང་ལ། །
- པདྨ་བདེ་སྐྱིད་ཟས་ནོར་ལོངས་སྤྱོད་བསྟན་པ་དར་སེ་དར་ལ། །ཟས་ནོར་ལོངས་སྤྱོད་བསྟན་པ་དར་སེ་དར་ལ། །
- པདྨ་བདེ་སྐྱིད་རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན་ལ། །རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན་ལ། །
- པདྨ་བདེ་སྐྱིད་ཨོ་ལོ་ནོར་བུ་རི་གི་ཚུར་རྒྱབ་ན་ལ། །ཨོ་ལོ་ནོར་བུ་རི་གི་ཚུར་རྒྱབ་ན་ལ། །
- པདྨ་བདེ་སྐྱིད་གཞོན་པ་རྣམ་གསུམ་ཡུལ་བཟང་ཁྲ་མོ་བཞེངས་ལ། །གཞོན་པ་རྣམ་གསུམ་ཡུལ་བཟང་ཁྲ་མོ་བཞེངས་ལ། །
- པདྨ་བདེ་སྐྱིད་བཞུགས་པ་རྣམ་གསུམ་ཡབ་ཡུམ་གཉིས་ཀུ་བཞུགས་ལ། །བཞུགས་པ་རྣམ་གསུམ་ཡབ་ཡུམ་གཉིས་ཀུ་བཞུགས་ལ། །
- པདྨ་བདེ་སྐྱིད་ཡབ་ཡུམ་གཉིས་ཀྱི་ཐུགས་རིག་སྒོམ་པ་གནང་ལ། །ཡབ་ཡུམ་གཉིས་ཀྱི་ཐུགས་རིག་སྒོམ་པ་གནང་ལ། །
- པདྨ་བདེ་སྐྱིད་བུ་དང་བུ་མོའི་བསྟན་པ་དར་སེ་དར་ལ། །བུ་དང་བུ་མོའི་བསྟན་པ་དར་སེ་དར་ལ། ། ཟེར།