Video Overview
The first step in the process of brewing a fermented barley beverage (chang), including cleaning and boiling the barley.
འདིའི་ནང་དུ་རྔ་བ་ས་ཁུལ་གྱི་ནས་ཆང་བསྙལ་སྟངས་ཀྱི་ཐོག་མའི་གོ་རིམ་སྟེ།ནས་དང་སྣོད་རྣམས་གཙང་མ་བྱེད་དགོས་པ་དང་ཆང་བཙོ་བའི་དུས་ཚིགས་བརྗོད་ཡོད།
དངོས་བཤུས་གློག་བརྙན་འདིའི་ནང་དུ་རྔ་བ་ས་ཁུལ་གྱི་སྲོལ་རྒྱུན་གྱི་ནས་ཆང་བསྙལ་སྟངས་ཀྱི་གནས་ཚུལ་བརྗོད་ཡོད་ལ།དངོས་བཤུས་གློག་བརྙན་འདི་ལ་ཁྱོན་ལེའུ་གཉིས་ཡོད་པ་ལས་འདི་ནི་ལེའུ་དང་པོ་རེད།ལེའུ་འདིའི་ནང་དུ་དང་ཐོག་ནས་ཆང་བཙོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་སྟེ། ནས་ཇི་ལྟར་གྲ་སྒྲིག་བྱེད་དགོས་པའི་གནས་ཚུལ་བརྗོད་ཡོད། དེ་དག་རེ་རེ་བཞིན་ངོ་སྤྲོད་ཅིག་བྱས་ན།དང་ཐོག་ནས་རླུང་ལ་འཕྱར་དགོས་ལ། དེའི་རྗེས་སུ་ནས་ཆུ་ཡིས་གཙང་བཀྲུ་བྱེད་དགོས་པ་རེད།དེ་རྗེས་བ་མ་གཙང་མ་ཞིག་ཏུ་བླུགས་ནས་མེ་ཐོག་ཏུ་བཙོས་ཏེ་ཚོས་སུ་འཇུག་དགོས་པ་རེད།དེ་མིན་ད་དུང་ལེའུ་འདིའི་ནང་དུ་སྔོན་གྱི་དུས་སུ་ལོ་སར་དང་དཔྱིད་ཀ་གྱང་རྡུང་བ་དང་ལོ་ཏོག་ཞིང་དུ་འདེབ་སྐབས་ཆང་ནི་མེད་ཐབས་མེད་པའི་བཏུང་བྱ་ཞིག་ཡིན་ནའང་།ད་ལྟའི་དུས་སུ་ནས་ཆང་གི་ཚབ་ཏུ་སིལ་ཁུ་འདྲ་མིན་འཐུང་ནས་ནས་ཆང་བཙོ་མཁན་མེད་པའི་གནས་ཚུལ་བརྗོད་ཡོད།
本片纪录了阿坝地区制作青稞酒制作过程中第一道工序,即青稞的清洗和煮制
在阿坝地区,当地妇女一直有酿造青稞酒(羌)的传统。本片由两个短视频组成,纪录了青稞酒的传统酿造工艺。本视频介绍了青稞酒酿制的第一步,即青稞的选择、清洗以及如何蒸煮为青稞的发酵做准备。
- བཤད་མཁན་དང་པོ། Narrator 1བ་མ་གཙང་མ་བཀྲུ་དགོས་པ་རེད།/The pot has to be clean./>>讲解员一:锅要洗干净。/
- >>སྣུམ་ཡོད་ཉན་ནི་མ་རེད།/>>It cannot be oily./>>不能有油。/
- བཤད་མཁན་གཉིས་པ། Narrator 2གཙང་མ་རེད།/It is clean, right?/>>讲解员二:干净了吧?
- བཤད་མཁན་དང་པོ། Narrator 1གཙང་གི།/It is clean./>>讲解员一:干净。/
- >>བཤལ་བཏང་ན་ཆོག་གི/>>Rinse it./>>冲洗一下。/
- བཤད་མཁན་གཉིས་པ། Narrator 2སྔོན་ཆད་ཆང་ནམ་ཞིག་ལ་བཙོ་བ་རེད།/In the past, when did people make barley wine?/>>讲解员二:以前一般什么时候酿酒呢?/
- བཤད་མཁན་དང་པོ། Narrator 1དཔྱིད་ཀར་བཙོ་བ་རེད།/Barley wine was made in the spring. />>讲解员一:一般到了春天就酿酒了。/
- བཤད་མཁན་གཉིས་པ། Narrator 2དཔྱིད་ཀ་ཞིང་འདེབ་སྐབས་བཙོ་དགོས་པ་འེ་རེད།/Barley wine was made during the ploughing season?/>>讲解员二:是不是春耕的时候要酿酒呢?/
- བཤད་མཁན་དང་པོ། Narrator 1རེད།/Yes./>>讲解员一:是的。/
- བཤད་མཁན་གཉིས་པ། Narrator 2དེ་ནས་ནམ་དགོས་པ་རེད།/When is the barley wine drunk?/>>讲解员二:然后什么时候饮用呢?/
- བཤད་མཁན་དང་པོ། Narrator 1གྱང་རྡུང་དུས་འཐུང་རྒྱུ་དགོས་པ་རེད།/People drink wine when they make walls./>>讲解员一:打墙的时候要饮酒。/
- >>གྱང་རྡུང་དུས་རྒད་པོ་ཚོས་འཐུང་།/>>Men drink wine when they make walls?/>>打墙的时候男人们喝旧吗?/
- >>ད་སྐབས་སིལ་ཁུ་ཡོད་པས་ཆང་བཙོ་དགོས་པ་མ་རེད།/>>There are many kinds of soft drinks now and barley wine is no longer needed./>>现在有了各种饮料,不需要酿酒了吧。/
- བཤད་མཁན་གཉིས་པ། Narrator 2ཆང་མ་བཙོས་བར་ལོ་ག་ཚོད་འགོར་འདུག/How long has it been since people stopped brewing barley wine?/>>讲解员二:人们停止酿酒有多长时间了?/
- བཤད་མཁན་དང་པོ། Narrator 1ལོ་མང་པོ་འགོར་འདུག/Many years./>>讲解员一:很多年了。/
- བཤད་མཁན་གཉིས་པ། Narrator 2ལོ་བཅུ་འགོར་ཡོད་རྒྱུ་འེ་རེད།/Ten years?/>>讲解员二:有十年了吗?/
- བཤད་མཁན་དང་པོ། Narrator 1ཡོད་རྒྱུ་རེད།/Around that, yes./>>讲解员一:差不多。/
- བཤད་མཁན་གཉིས་པ། Narrator 2ཚོས་འེ་ཡོད་ཀི/Is it cooked well?/>>讲解员二:熟了吗?/
- བཤད་མཁན་དང་པོ། Narrator 1ཚོས་ཡོད་ཀི/It's cooked./>>讲解员一:熟了。/
- >>ཚོས་ཡོད་ཀི།/>>It's cooked./>>熟了。/
- བཤད་མཁན་གཉིས་པ། Narrator 2ཚོས་ཡོད་ཀི།/It's cooked./>>讲解员二:熟了。/
- >>ད་ཅི་བྱེད་དགོས་པ་རེད།/>>What to do now?/>>现在要做什么呢?/
- བཤད་མཁན་དང་པོ། Narrator 1ད་ཆུ་གཟག་དགོས་པ་རེད།/Have to drop water into it now./>>讲解员一:现在要往里灌入清水。/
- >>དེ་ནས་དྲོན་པོ་བྱས་ཏེ་བསྙལ་དགོས་པ་རེད།/>>Keep warm and leave it like that./>>然后保持温度,这样放着就好了。/
- བཤད་མཁན་གཉིས་པ། Narrator 2དྲོན་པོ་བྱས་ཏེ་བསྙལ་དགོས།/Keep warm and leave it./>>讲解员二:保持温度,这样放着就好了/
- >>ཆུ་དྲོན་པོ་ལྡུག་དགོས་པ་འེ་རེད།/>>Does it need hot water?/>>里面要加热水吗?/
- བཤད་མཁན་དང་པོ། Narrator 1ཆུ་ལྡུག་དགོས་པ་མ་རེད།/Don't have to add hot water./>>讲解员一:不用加热水。/
- >>ཆུ་ནང་ནས་གཟགས་ཏེ།/>>Drop the water in there./>>往里倒水。/
- >>ཀ་ཏོར་ནང་དུ་བཞག་ན་ཆོག་པ་རེད།/>>Pour it into the jar./>>倒入坛子里。/
- བཤད་མཁན་གཉིས་པ། Narrator 2དེ་ནས་ཆུ་ལྡུག་དགོས་པ་ཨེ་རེད།/Then add the water?/>>讲解员二:然后加水吗?/
- བཤད་མཁན་དང་པོ། Narrator 1ཆུ་ལྡུག་དགོས་པ་མ་རེད།/Don't add water./>>讲解员一:不用加水了。/
- >>ཉི་མ་འགའ་ཤས་འགོར་རྗེས་ཆང་དྲི་ཕྱི་ལ་ཁྱབ་ཡོང་བ་རེད།/>>In a few days, we will smell wine./>>过几天就会闻到酒味。/
- >>སྐབས་དེར་ཆུ་དྲོན་པོ་ནང་དུ་བསྣན་ཏེ་ཆང་གཟག/>>At that time, add hot water and get wine from it./>>那时候在加热水,然后提取酒。/
- བཤད་མཁན་གཉིས་པ། Narrator 2ད་ཤེས་ཐལ།/Now I .>>讲解员二:知道了。/
- བཤད་མཁན་དང་པོ། Narrator 1འདིའི་ནང་དུ་ཆ་ལྡུག་དགོས་པ་མ་རེད།/Don't add water now./>>讲解员一:现在不要加水。/
- བཤད་མཁན་གཉིས་པ། Narrator 2ད་ཚོས་ཡོད་དམ།/Is it cooked now?/>>讲解员二:现在煮熟了吗?/
- བཤད་མཁན་དང་པོ། Narrator 1ཚོས་ཡོད།/It's cooked./>>讲解员一:熟了。/
- >>མར་ལ་བླངས་ནས་ནང་གི་ཆུ་གཙག/>>Now at the end, draw out the water./>>最后把水沥干。/
- བཤད་མཁན་གཉིས་པ། Narrator 2གང་དུ་འཇོག་དགོས།/And where must I put it?/>>讲解员二:放在哪里?/
- >>གང་ཡིན།/>>Where?/>>哪里?/
- བཤད་མཁན་དང་པོ། Narrator 1དེར་ཞོག་དང་།/Put it there./>>讲解员一:放那儿。/