Video Overview
བརྗོད་དོན་ནི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་འགའི་འཚོ་བའི་གནས་ཚུལ་བརྗོད་འདུག
ཤར་སྨོན་ལམ་དུང་རི་ཞེས་པ་དེ་ནི་གླུ་དབྱངས་ཀྱི་འགོ་འཛིན་པ་དང་ཚིག་སྦྱོར་མཉམ་པོ་ཡོང་ཆེད་དུ་བྱས་པ་ཙམ་ལས་དེ་ལ་ནང་དོན་ཆེད་དུ་སྟོན་རྒྱུ་མེད་ལ། དེ་ལྟ་བའི་སྣང་ཚུལ་དེ་བོད་ཀྱི་དམངས་གླུ་མང་པོར་ཡོད་པ་རེད།གླུ་དབྱངས་འདིའི་བརྗོད་བྱའི་སྙིང་བོ་ནི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་འགའི་འཚོ་བའི་གནས་ཚུལ་བརྗོད་འདུག་སྟེ། ཚན་པ་དང་པོའི་ནང་དུ་གྲྭ་བ་ཞིག་ལ་མཚོན་ན་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་བྱ་བ་སྒྲུབ་རྒྱུ་དང་།སྤྱིར་བཏང་གི་སྐྱེས་པ་ཞིག་ལ་མཚོན་ན་འཇིག་རྟེན་ གྱི་དགྲ་འདུལ་གཉེན་སྐྱོང་ལ་འབད་པ་དང་།སྨན་ཆུང་བུ་མོ་ཞིག་ལ་མཚོན་ན་གཡུ་བྱུར་གྱི་རྒྱན་ཆ་ལ་དགའ་བོ་ཡོད་པ་བཤད་འདུག
These lyrics describe the roles that many people have to play to maintain a harmonious society.
这首民歌的主题是讲述不同背景的人,歌曲的每一部分都有自己完整的意义。
歌曲的起始短语“夏莫兰冬日”不具有一定的意义,它只是被用来平衡修辞, 这是藏族民歌中的一个常见现象。这首民歌的主题是讲述不同背景的人。比如:修行佛法是僧人的职责;战胜敌人和保护家庭是普通男人的任务;而拥有珠宝是年轻女孩的兴趣所在。
- བསོད་ནམས་དབང་ཕྱུགཤར་སྨོན་ལམ་དུང་རིའི་རི་མགོ་ན།།
- ཆོས་ཀུན་རིག་བཏོན་ནས་ལྡི་རུ་རུ།།
- དེ་འདོན་གི་བན་ཆུང་འེ་འགྲོ་ནི།།
- དེ་བཏོན་ན་ཆོས་ལྷ་རང་འཁོར་རེད།།
- ཤར་སྨོན་ལམ་དུང་རིའི་རི་རྐེད་ན།།
- ཕོ་དགྲ་ལྷའི་བསང་དུད་ཤར་ར་ར།།
- དེ་གསོ་གི་ཤར་ལོ་འེ་འགྲོ་ནི།།
- དེ་གསོས་ན་དགྲ་ལྷ་རང་འཁོར་རེད།།
- ཤར་སྨོན་ལམ་དུང་རིའི་རི་ཞོལ་ན།།
- གཡུ་བྱུ་རུའི་སྦྲང་ཆར་སི་ལི་ལི།།
- དེ་རྒུམ་གི་ཨ་སེར་འེ་འགྲོ་ནི།།
- དེ་རྒུམ་ན་བསོད་ནམས་རང་འཁོར་རེད།།