09 Nov 2017
2 min 51 sec
Video Overview
Creators:
Rinchen Drolma
རྩེད་རིག་འདི་རྒྱུན་ལྡན་དུ་བུད་མེད་རྣམས་ཀྱིས་ལེན་ལ་སྟོན་མོ་ཆེ་མ་ཆུང་གསུམ་གང་གི་སྐབས་སུའང་ལེན།
This tserig is often sung by women and can be sung at any party or gathering.
这首“则柔”一般由女士演唱,适合在各种场合表演。
རྩེད་རིག་འདི་རྒྱུན་ལྡན་དུ་བུད་མེད་རྣམས་ཀྱིས་ལེན་ལ་སྟོན་མོ་ཆེ་མ་ཆུང་གསུམ་གང་གི་སྐབས་སུའང་ལེན། རི་དྭགས་འཁྱིལ་ན་གཞི་བདག་དགའ་བ་དང་། བློན་པོ་འཁྱིལ་ན་དཔོན་པོ་དགའ་བ། ཉྭ་སྲམ་འཁྱིལ་ན་མཚོ་བདག་དགའ་བ་ལ་སོགས་བརྗོད་དེ། བོད་མི་རིགས་འདིས་གཞི་བདག་དང་མཚོ་བདག་ལ་བརྩི་བའི་གོམས་གཤིས་དང་དད་པ། འཚོ་བ་དེ་དག་མཚོན་ཡོད།
Usually sung by women, this tserig can be sung at any type of gathering. It talks about the respect Tibetans have for deities of the mountains and water.
藏族人用煨桑、挂经幡等形式来敬奉山神等神灵,这首“则柔”优美动听的旋律唱出了人们对山神、海神等神灵的尊崇之意,因为旋律柔美而缓慢,非常适合女士演唱。
- ཨ་རྩེད། ༼འགྲོ་ཡེ་རྩེད་དུ་ཨ་འགྲོ་འགྲོ།༽
- སྟོད་ཀྱི་རི་ཆུང་སྨུག་པ་ཅན།
- རི་སྨུག་པ་ཅན་ལ་རི་དྭགས་འཁྱིལ།
- རི་དྭགས་འཁྱིལ་ན་གཞི་བདག་དགའ།
- ཨ་རྩེད། ༼འགྲོ་ཡེ་རྩེད་དུ་ཨ་འགྲོ་འགྲོ།༽
- བར་གྱི་དཔོན་པོ་བྱམས་སེམས་ཅན།
- དཔོན་བྱམས་སེམས་ཅན་ལ་བློན་པོ་འཁོར།
- བློན་པོ་འཁོར་ན་དཔོན་པོ་དགའ།
- ཨ་རྩེད། ༼འགྲོ་ཡེ་རྩེད་དུ་ཨ་འགྲོ་འགྲོ།༽
- སྨད་ཀྱི་མམཚོ་མོ་རླངས་པ་ཅན།
- ཉ་སྲམ་འཁོར་ན་མཚོ་བདག་དགའ།