Skip to main content Skip to search
26 Apr 2019
4 min 53 sec
Video Overview
Creators: 
Dradul Dorjay

Tibetan songs can be divided into many types, but this is a typical Amdo region song played with a stringed instrument. 

བོད་ཀྱི་སྒྲ་སྙན་རྡུང་ལེན་ལ་རིགས་དང་དཀྲོལ་ལུགས་སྣ་མང་ཡོད་པ་དང་དེ་ལས་ཐེངས་འདིར་བཀོད་ཡོད་པ་ནི་ཨ་མདོའི་སྒྲ་སྙན་རྡུང་ལེན་ཡིན།

藏族的弹唱可分为很多种,此为安多藏区主流的弹唱歌曲。

བོད་ཀྱི་སྒྲ་སྙན་རྡུང་ལེན་ལ་རིགས་དང་དཀྲོལ་ལུགས་སྣ་མང་ཡོད་པ་དང་དེ་ལས་ཐེངས་འདིའི་ཨ་མདོའི་སྒྲ་སྙན་རྡུང་ལེན་གྱི་དབྱངས་རྟའི་མཆེད་ཁུངས་ནི་གཙོ་ཆེར་རྣམ་ཐར་གྱི་མགུར་རྟ་དང་གཙང་གཞས་ཤས་ཆེ་ཡང་། རྨ་ཆུའི་རྡུང་ལེན་གྱི་འགུགས་རྟ་ལ་རྨ་ཆུའི་དམངས་གླུའི་འགུགས་རྟ་དང་ལ་གཞས་ཀྱི་འགུགས་རྟ། འདོགས་ར་ཡི་འགུགས་རྟ་དང་ཆོས་ཀྱི་འདོན་རྟ་སོགས་དམངས་ཁྲོད་ཀྱི་དབྱངས་རྟའི་རྩ་བ་བརྟན་པོ་ཚུགས་ཡོད། གཞན་ཡང་གདངས་ལྕི་ལ་སྨྲ་ལྕེ་དག་པའི་འབྲོག་སྐད་རིན་པོ་ཆེ་ཡིས་དེ་ལ་རམ་འདེགས་མི་ཆུང་བ་བྱེད་ཐུབ་ཡོད་པས་ད་ལྟ་སྒྲ་སྙན་རྡུང་ལེན་ཡིན་ན་འབྲོག་སྐད་ཀྱིས་མ་བླངས་ཚེ་བྲོ་བ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་མ་ཡིན་ནམ། ཡིན་ཡང་རོལ་ཆའི་སྒྲ་སྙན་གྱི་ཆ་ནས་མངའ་རིས་སྒྲ་སྙན་རྒྱུད་འཛིན་མ་ཐུབ་པར་མན་ཐོ་ལེན་པ་དར་ཁྱབ་དུ་སོང་བ་རེད། 

安多弹唱的音调主要受到了藏戏和后藏民歌的影响,同时,玛曲地区的弹唱则是以当地的民歌和山歌和诵经等不同形式的音调为基础,具有音色重而发音清晰的牧区语言的特点。所以,如今的弹唱,如果不以牧区话演奏,则会显得索然无味。当然,安多弹唱没能继承传统的阿里扎念琴,普遍接受了曼陀罗琴。