Skip to main content Skip to search
01 Sep 2018
9 min 26 sec
Video Overview
Creators: 
Norzin Lhamo

The name of this place was Luetshokha because of the lake which was believed to have originated in Longtoed in Tibet. The present lake at Samtengang was a fertile buckwheat field for a farmer. A man from Laykhokha saw a beautiful girl and came and asked her to guard the field. When he went to check on his field in the early morning, he found that it was entirely submerged under water and the buckwheat leaves were floating on the water. He was very angry and decided to drain the water. The mermaid asked him not to and gave him a small model of an ox. He was to keep this on his altar and worship it every year. From that day, the farmer prospered. But his ox model was one day taken by someone who made an exact replica of it. Soon after the farmer's luck ran out and he became poorer by the day.

 

དབང་འདུས་ཕོ་བྲང་རྫོང་ཁག་ ཤར་བསམ་གཏན་སྒང་གི་ལུས་མཚོ་འདི་ བོད་ལོང་སྟོད་ཟེར་ས་ལས་བྱུང་བྱུངམ་སྦེ་ ཡིད་ཆེས་བསྐྱེད་དོ་ཡོདཔ་ད་ ཏེ་དེ་བསྒང་ ལེ་ཀོ་ཁ་ལས་ མི་ཅིག་གི་ བྱཱོ་ཞིང་ནང་ བྱཱོ་ལྟེམ་ལྟེ་སྐྱེས་ཡོདཔ་ལས་ ཁོ་བྱཱོ་ཕྱི་རུ་ཁམས་ཅིག་ཁར་ བྱཱོ་སྲུང་མར་འགྱོཝ་ད་ བུམོ་འཇའ་རིསམོ་ཅིག་དང་ཕྱད་དེ་ མོ་གིས་ཁོ་ར་ལོག་སོང་ ད་རིས་བྱཱོ་མོ་གིས་ སྲུང་ནི་ཟེར་སླབ་སྟེ་ ཁོ་ལོག་སོང་ཞིནམ་ལས་ དྲོ་པ་འོང་ལྟ་བའི་བསྒང་ལས་ ཞིང་འདི་ཆུ་གི་གང་སྟེ་ བྱཱོ་གི་འདབ་མ་ཚུ་ ཆུའི་ཁ་ལུ་ལྡིངས་ཏེ་འདུག་ཟེར་མས། ཁོ་ཙིགཔ་ཟ་སྟེ་ཆུ་འདི་ གཡུར་བ་བསལ་གཏང་ནི་འབདཝ་ད་ མཚོ་སྨན་འདི་ཐོན་ཏེ་ གཡུར་བ་བསལ་མ་ད་ མོ་གིས་ཁྱོད་ལུ་སྟ་རེ་ཅིག་བྱིན་གེ་ ཁྱོད་ར་སྟ་རེ་འདི་འབག་ མཆོད་གཤམ་ནང་བཞག་སྦེ་ ལོ་རེའི་ནང་ཚ་རེ་གསོལཝ་བཏབ་ཟེར་ སྟེ་རེ་ཅིག་བྱིན་བྱིནམ་མས། ཏེ་ཁོ་གི་སྟ་རེ་འདི་འབག་སྟེ་ མཆོད་གཤམ་ནང་བཞག་སྦེ་ ཉིནམ་དེ་ར་འགོ་བཟུང་ གསོལཝ་བཏབ་སྟེ་ ཁོ་གནམ་མེད་ས་མེད་ཕྱུགཔོ་སོང་ཡོདཔ་མས། ཨིན་རུང་ཁོ་གི་སྟ་རེ་འདི་ མི་གཞན་མི་ཅིག་གི་འབག་སྟེ་ སྟ་རེ་རྫུན་མ་ཅིག་བཟོ་ཞིནམ་ལས་ ཁོ་གི་བསོད་ནམས་ཆ་མཉམ་ རིམ་གྱིས་ཟད་དེ་ ཉིནམ་ཅིག་ལས་ཉིནམ་ཅིག་ སྤྱང་ཀ་ཐལ་སོངཔ་མས། 

 

Transcript search
No results found for this search
0 of 0
  • ཀུན་དགའ
    ཏེ་ ང་བཅས་ཨ་ནཱ་ ཤར་ལུས་མཚོ་ཁ་ཟེར་ སླབ་དགོ་མི་གི་དོན་དག་འདི་རང་ ཨ་ནཱི་མཚོ་འདི་ལས་བརྟེན་ ལུས་མཚོ་ཁ་ཟེར་མི་འདི་ ཨ་ནཱི་མཚོ་འདི་ལས་བརྟེན་ མིང་འདི་འ་ནཱི་སྦེ་དར་དརཝ་ཨིན་པས་ལགས།
  • ཀུན་དགའ
    མཚོ་འདི་དང་ཕུ་ དེ་བསྒང་གནམ་ལོ་ནེམ་ཅིག་ཁར་ཟེར་ རྩ་ལས་རང་ཞུ་ནི་མིན་འདུག སྔོན་མ་དང་ཕུ་འབད་བ་ཅིན་ མཚོ་འདི་བོད་ལས་མར་འབྱོག་འོང་འོངམ་ཨིན་ཟེར་ ནེ་སྦེ་སླབ་མས་བ་ལགས།
  • ཀུན་དགའ
    དང་ཕུ་བོད་ལས་མར་བྱོག་འོང་ བོད་ཀློང་སྟོད་ཟེར་མི་འདི་ཁར་ལས་ བྱོག་འོང་འོངམ་ཨིན་ཟེརཝ་མས་མཚོ་འདི། འོངམ་ད་ ཨ་ནཱི་གི་མཚོ་འདི་ཆགས་སུ་འདི་ན་ལུ་ ཨཔ་ལས་ཁོ་ (ལུས་མཚོ་ཁ་) པའི་ཨཔ་གཅིག་ སྤང་བརྐོ་སྟེ་ ཨ་ནཱི་སྤང་བརྐོ་འབད་ ཏེ་ བྱཱོ་བཏབ་སྦེ་ བྱཱོམ་རྒྱ་རེད་ཟེར་གཅིག་ཡོད་བ་ལགས།
  • ཀུན་དགའ
    འ་ནཱི་བཏབ་བཞག་བཞགཔ་མས་ ཏེ་ འདི་སེར་ཁ་འ་ནཱི་བརྔ་འབད་ ཨཔ་འདི་དེ་ནང་བརྔ་འབད་སྡོདཔ་ད་ བུམོ་གཅིག་འོང་དེས་ཟེར་མས་ལགས་ ཏེ་ བུམོ་འདི་ཡུདཔ་ཅིག་བུམོ་གསར་རིསམོ་གཅིག་ ཏེ་ གྱོན་ཆ་བཏགས་ ལག་པ་ཆུའི་གི་ཟོ་གཅིག་འབག་སྦེ་ བུམོ་གཅིག་འོང་ཡི་ཟེར་ ནེ་སྦེ་སླབ་མས་ལགས།
  • ཀུན་དགའ
    ཏེ་ དེ་ལས་ཨཔ་འདི་འབད་སར་འོང་དེས་ལོ་འ་ནཱ་ ཨཔ་འདི་འབད་སར་འོངམ་ད་ལུ་ ཨཔ་འདི་ལུ་ སླབ་མས་ལོ་བུམོ་འདི་གིས་ ཨ་པ་ག་ཅི་འབད་དོ་གོ་ཟེར་སླབ་ད་ ང་ཨ་ནཱ་རྒྱ་རེད་ བྱཱོ་རྒྱ་རེད་བརྔ་སྟེ་གིས་སྦེ་ འ་ནཱི་བརྡུང་ནི་སྦེ་ ཏེ་ འ་ནཱ་སྡོདཔ་ཨིན་ཟེར་སླབ་ད། འེང་་་ཨ་པ་ ང་ད་རིས་ གནསཔོ་འདི་ཁྱོད་འབད་སར་བརྙ་དགོ་པས་ཟེར་ ཏེ་ བུམོ་འདི་གིས་ ནེ་སྦེ་སླབ་མས་ཟེརཝ་མས་ལགས།
  • ཀུན་དགའ
    ཏེ་ དེ་ལས་བུམོ་ ཨཔ་འདི་གིས་སླབ་སླབ་མས་ དབའི་ ཏེ་ང་སྡོད་ས་སྤང་གི་སྦུག་ལུ་ཨིན་ཨ་ལོ་ གནསཔོ་སྡོད་ས་གི་ཁྱིམ་ཡང་མེད་ ཐོག་སྲུང་པའི་གི་ཐོག་ཁྱིམ་ ཨ་ནཱི་སྦ་ལེབ་སྤུབས་སྤུབསཔ་གཅིག་ལས་འགལ་མེད་ ཏེ་ དེ་ནང་བུམོ་ག་དེ་སྦེ་སྡོད་ནི་ཟེར་སླབ་ད་ འ་བཏུབ་ཨ་པ་ ང་ལུ་ཞག་ཉལ་ས་ཆུང་ཀུ་གཅིག་ཡོད་པ་ཅིན་བཏུབ་ཟེར་སླབ་སླབ་མས།
  • ཀུན་དགའ
    ཏེ་ འ་ནཱི་སྦེ་སླབ་འབདཝ་ད་ ཏེ་ དེ་འབདན་སྡོད་ནི་མས་ ཞག་ཉལ་སུ་ཅིག་གིས་བཏུབ་པ་ཅིན་ཟེར་ ཏེ་ ནཱ་བཞག་སྦེ་ ཏེ་ དེ་ལས་ ཨཔ་ཕྱི་རུ་སོངཔ་ད་ བུམོ་འདི་གིས་སླབ་མས་ཟེར་མས་ ཨ་པ་ད་རིས་ཁྱོད་ཀྱི་ཐོག་འདི་ང་གིས་སྲུང་གེ་ ཨཔ་འདི་ཁྱོད་ར་ ཁྱིམ་ན་ཡར་སོང་ཟེར།
  • ཀུན་དགའ
    ཨཔ་འདི་ཨ་ནཱ་ ལས་ཁོ་ཁར་ཟེར་ཨ་ནཱ་ སྦོ་ལོགས་ཁར་གཡུས་གཅིག་ཡོད་བ་ལགས་ ད་ཅི་ཁྱོད་ར་བཞུགས་སའི་ འ་ནཱི་གཡུས་ཨིན་ཟེར་ དང་ཕུ་ནེ་སྦེ་གཏམ་རྒྱུད་ནེ་སྦེ་སླབ་མས་ ཏེ་དེ་ལས་ ཨཔ་འདི་ཁྱོད་ར་ཁྱིམ་ན་ཡར་སོང་ ནཱ་གི་ཐོག་འདི་ ང་གིས་བལྟ་གེ་ཟེར་ བུམོ་འདི་གིས་ ནེ་སླབ་ཨིན་ཟེརཝ་མས།
  • ཀུན་དགའ
    ཏེ་ཨའོ་་་ཨིན་མས་ ཏེ་དེ་འབདན་ང་ཡར་སོང་ཟེར་ ཏེ་ ཨཔ་འདི་གིས་སླབ་ཨིན་ཟེརཝ་མས་ དབའི་ ཏེ་ཨ་ནཱ་ལུ་ངེའི་ཐོག་འདི་ མེདཔ་གཏང་མ་ད་སྨ་རེད་ཨ་ལོ་ ཏེ་ ནཱ་ཨ་པ་ཁྱིམ་ན་ཡར་སོང་གེ་ ཏེ་ཨ་པའི་ཚབ་མ་སྦེ་ཁྱོད་ནཱ་སྡོད་ད་ཟེར་ ཏེ་ ནཱ་བཞག་སྦེ་ ཏེ་དེ་ལས་ ཨཔ་འདི་ཁྱིམ་ན་སོང་འབད་ ཏེ་ འདི་དྲོ་འོངམ་ཨིན་ཟེརཝ་མས་ལགས།
  • ཀུན་དགའ
    དྲོ་པ་ཨཔ་འདི་ཕར་ལས་ཚུར་སྦེ་ནཱ་འོང་ ཨ་ནཱ་ལས་མར་འབད་ ནཱ་འོང་པའི་བསྒང་ལསནི་ ཏེ་ ཨ་ནཱ་ཨཔ་གི་འདི་ན་ལུ་ བུམོ་ཡང་ག་ཏེ་ཡང་མིན་འདུག་ཟེར་མས་ ཆུ་ཧོ་ལྡེམ་ལྡེམ་ མཚོ་འཁིལ་ཏེ་ ཧོ་ལྡེམ་ལྡེམ་སྦེ་མཚོ་ཆགས་ ཨཔ་འདི་གི་བྱཱོ་རྒྱ་རེད་འདི་ ཆ་མཉམ་མཚོའི་ཁ་ཁར་ལྡིངས་སྦེ་ སྡོད་ནུག་ཟེར་མས་ལགས་ བུམོ་ཡང་ ག་ཏེ་ཡང་མིན་འདུག་ཟེར་མས།
  • ཀུན་དགའ
    ཏེ་ ཨཔ་འདི་ཙིགཔ་ཟ་སྟེ་ དབའི་ང་ལོ་གཅིག་ཟ་ནི་གི་ཐོག་ལྟོ་ཨིན་ ལོ་གཅིག་ཟ་ནི་གི་ལྟོ་འདི་ད་ བུམོ་འདི་གིས་བསྐྱལ་སར་བསྐྱལ་ད་ནུག་ འ་ནཱི་ཆ་མཉམ་ཆུའི་ཁ་ལྡིངས་ད་འདུག་ འ་ནེ་སྦེ་འདི་ རྩ་ལས་རང་མི་བཏུབ་པས་ ཨ་ནཱི་ཆུ་འདི་སྤེད་བཀོ་དགོ་པས་ཟེར།
  • ཀུན་དགའ
    ཏེ་ ཨ་ནཱ་ལས་ཀྱི་ གནས་ཁང་མཚོ་ཟེར་ གནས་ཁང་གི་ཨ་ནཱ་ལུ་ ཧོག་ཀ་གཅིག་ཡོད་བ་ལགས་ ཨ་ནཱ་ལས་ ལམ་འོང་སའི་ཧོག་ཀ་འདི་ ཏེ་ ཨཔ་འདི་གིས་ ཨ་ནཱི་ཏོག་ཙི་བརྐོ་ འ་ནཱ་ལས་ཧོག་ཀ་འདི་བཏོན་དཔ་ཨིན་ཟེར་མས་ལགས།
  • ཀུན་དགའ
    ཧོག་ཀ་འདི་བཏོན་ ཆུ་འདི་ཕར་སྤེད་གཏང་ད་ནི་ བཏོན་གཏང་ད་ནི་ཟེར་སླབ་ད་ ཏེ་ དེ་ལས་ མཚོ་འདི་ཚར་གཅིག་ཨ་ནཱི་སྦེ་སྤརཝ་ཅིག་ ཉིནམ་ཧེ་མ་འོང་མི་བུམོ་འདི་ འོང་དེས་ཟེརཝ་མས་ལོ་ལགས།
  • ཀུན་དགའ
    བུམོ་འདི་གིས་ དབའི་ཨ་པ་ཆུ་འདི་སྤེད་གཏང་མ་ད། ད་ཨ་པ་ཙིགཔ་མ་ཟ་ ཏེ་ག་དེ་སྦེ་འབད་རུང་ ཨ་པ་ལུ་ཐོག་འདི་གི་ ཨཔ་ཟ་ནི་འཐུང་ནི་ལང་པའི་གི་ ང་གིས་ ཏེ་ ཆ་རོགས་ང་གིས་འབད་འོང་ ད་དེ་སྦེ་འབད་མ་ད་ཟེར།
  • ཀུན་དགའ
    ཏེ་མཚོ་གླང་ཟེར་ ལ་ཆུ་བཟུམ་སྦེ་གནག་ཏང་ཏ་ ལ་ཆུ་གི་གླང་གཅིག་ གླང་འ་ནེམ་ཅིག་སྦོམ་ཆུང་འ་ནེམ་ཅིག་ བུམོ་འདི་གིས་ ཨ་པ་འ་ནཱི་ཁྱོད་ར་བདག་འཛིན་འབད་སྡོད་ ཨ་ནཱི་ཁྱོད་རའི་མཆོད་བཤམ་ནང་བཞག་པ་ཅིན་ ཁྱོད་ཟ་ནི་འཐུང་ནི་དཀའ་ངལ་ག་ནི་ཡང་མི་གཏང་ཟེར་ བུམོ་འདི་གིས་ འ་ནཱི་སྦེ་སླབ་ཨིན་ཟེརཝ་མས་ལགས།
  • ཀུན་དགའ
    ཏེ་དེ་ལས་ བུམོ་འདི་གིས་ ཨཔ་འདི་ལུ་ གླང་འདི་བྱིན་ཚར་འབད་འཕྲོ་ལས་ དེ་ལས་བུམོ་འདི་ མཚོ་འདི་ནང་མར་ལོག་འཛུལ་སོང་ཡི་ཟེརཝ་མས་ལགས་ མར་མཚོ་ནང་མར་འཛུལ་སོང་ནུག།
  • ཀུན་དགའ
    ཏེ་ ཨཔ་འདི་གིས་གླང་འདི་འབག་ ཕར་ཁྱམ་ནང་བཞག་འབདཝ་ད་ ཨིན་པས་ཟེར་མས་ལགས་ ཏེ་ ཨཔ་འདི་རྒྱུ་ལས་ག་ཅི་རང་འབད་དགོ་རུང་ ཟ་ནི་འཐུང་ནི་ ག་ཅི་རང་འབད་རུང་ ལམ་བཟང་སྟེ་ ཏེ་ ཧེ་མ་བ་ཤུལ་མ་དྲགཔ་ ཡར་ཡར་དྲགཔ་ཡར་སོང་ནུག་ཨཔ་འདི་ ལོ་གཅིག་གཉིས་ གཉིས་གཅིག་གི་རྒྱབ་ཁར་ལས་རང་ཨཔ་འདི་ ཕྱུགཔོ་ཡར་སོང་འདུག་ལགས་ ཟ་ནི་འཐུང་ནི་ ག་ཅི་ཡང་ལངམ་སོང་སྦེ།
  • ཀུན་དགའ
    ཏེ་ ནེ་ལས་ང་བཅས་ར་ དགུན་ཟླཝ་བཅུ་གཅིགཔ་ནང་ ཤར་གྱི་ཉིན་ལོག་ཟེར་ གཅིག་འབད་ནི་ཡོད་ལགས་ ཉིན་ལོག་ཟེར་མི་ཁར་ང་བཅས་ གུང་རེ་རེ་གིས་ ཨ་ཁམ་གྱི་ལྟོ་དཀརཔོ་བཟོ་ གཞོངམ་ཐ་ལི་སྦོམ་འ་ནེམ་ནང་ ལྟོའི་གཞོངམ་བཟོ་ འདི་ཁར་མར་དབུར་ ཏེ་ འ་ནཱ་གླང་རེ་བཟོ་བཙུགས་འོང་བ་ལགས།
  • ཀུན་དགའ
    ཏེ་ གླང་འདི་གི་ཧང་ཁར་ལུ་ ཀྲིན་ནང་ལུ་ ཆང་བསྐོལ་གྱི་བླུངམ་སྦངམ་བླུགས་འབད་ ཏེ་ ཨ་ནཱི་ཚལ་མ་གི་ ཚལ་ཤིང་འདབ་མ་འབད་རུང་ སྤག་ཤིང་གི་འདབ་མ་འབད་རུང་ ཧོནམ་ཅིག་བརྡབས་འབད་ གུང་རེ་གིས་ གླང་རེ་གླང་རེ་མར་གཡུས་ཀྱི་སྦུག་ལུ་ ཕ་ཇོ་གཅིག་ཡོད་ལགས། ཕོ་ཇོ་གི་གདོང་ཁར་བཀལ་བཞག་དགོ།
  • ཀུན་དགའ
    ཏེ་དེ་ལས་ ཨཔ་འདི་གིས་འདི་ཚེ་ མི་ནང་སོངཔ་ད་ ཏེ་ ཨཔ་འདི་ ཨ་ཙི་ཅིག་ ཁོ་ར་ལྟོ་ཡང་ལང་ ག་ཅི་རང་ལང་ཡར་སོང་ཞིནམ་ལས་ ཏེ་ ཨཔ་འདི་གིས་ ལྟོ་གི་ཨ་ཁམ་འདི་མི་བཟོ་བ་ ཁོ་རའི་མཆོད་བཤམ་ནང་གི་མི་རྒྱུད་ཀྱི་གླང་འདི་ མར་གྱིས་དབུར་ཏེ་ ཕྱི་ལས་དཀརཔོ་བཟོ་ ཆ་མཉམ་མར་གྱིས་དབུར་སྦེ་ ཏེ་ འ་ནཱི་བཟོ་མི་ནང་ འ་ནཱི་འབག་མར་ རོགས་ཀྱི་སླ།
  • ཀུན་དགའ
    གུང་པ་བཅོ་ལྔ་ཡོད་པ་ཅིན་ གཞོངམ་བཅོ་ལྔ་སྐྱེལ་དགོ་པ་ བཅོ་ལྔ་ལུ་ ཁལ་གཅིག་ཡོད་པ་ཅིན་ ཁལ་གཅིག་འབག་འཐོན་འོང་བ་ལགས་ ཏེ་ ཨཔ་འདི་མར་ཀུན་བཟང་གླིང་ཟེར་མི་འདི་ཁར་ ཏེ་ འ་ནཱི་སྦེ་བསྐྱེལ་དཔ་མས་མར།
  • ཀུན་དགའ
    ཏེ་ འ་མར་བསྐྱེལ་བཞག་སྦེ་འབདཝ་ད་ ཏེ་དེ་ལས་ ཁྱིམ་ཚིག་གླིང་ཟེར་ འ་མར་མར་ཁྱིམ་ཚིག་གླིང་ཟེར་གཡུས་ཚན་གཅིག་ཡོདཔ་ཨིན་ འ་ནཱ་གི་ཨཔ་གཅིག་ ཏེ་ ང་བཅས་རའི་ནཱ་ ཤར་གྱི་ནང་ལུ་གླང་ ད་རིས་གླང་ག་ལེགས་ག་ གླང་ག་འཇའ་ག་ ཉིན་ལོག་ཁར་ མི་ཆ་མཉམ་ལཱ་མེད་པ་སྡོདཔ་ད་ འ་ནཱི་སྦེ་བལྟ་བར་འོང་ནི་ཡོད་བ་ལགས་ བཤལ་བལྟ་བར་འོངམ་ད།
  • ཀུན་དགའ
    ཁྱིམ་ཚིག་གླིང་གི་ཨཔ་གཅིག་ ཏེ་དེ་ལས་བཤལ་ཏེ་ལྟཝ་ད་ ལས་ཁོཔ་ཨཔ་དབང་འདུས་ཟེར་མི་འདི་གིས་ གླང་འདི་གིས་ གཞན་གྱི་གླང་ སྤར་ནི་རང་མིན་འདུག་ལོ་ ཙང་ཙ་སྡོདཔ་མས་ལོ། ཨཔ་ལས་ཁོཔ་ཁ་ལས་གྱི་ ཨཔ་དབང་འདུས་ཟེར་མི་གི་ གླང་འདི་གིས་ པད་སྐོར་འགྱིར་ཡི་འགྱིར་ཡི་ ཁོ་རའི་གཞོངམ་ འདི་ལས་རོགས་གཅིག་གི་ནང་འགྱོ་ གཅིག་གི་ནང་འགྱོ་ པད་སྐོར་འགྱིར་ཡི་འགྱིར་ཡི་ འགྱོཝ་མས་ལོ་ མཚོ་གླང་འབད་ནི་འདི་གིས་ཨིན་མས་བ་ཁོ།
  • ཀུན་དགའ
    ཏེ་ ནཱི་ལས་ ཁྱིམ་ཚིག་གླིང་གི་ཨཔ་འདི་གིས་ཡང་ དབའི་གླང་འདི་གནམ་མེད་ས་མེད་ལེགས་ཤོམ་གཅིག་ཨིན་མས་མནོ་ ཚ་ངེར་བཏོན་ཁོ་རའི་ཁྱིམ་ནང་སོང་པའི་འཕྲོ་ལས་ ཨ་ཁམ་གི་ཚ་ངེར་བཏོན་གླང་གཅིག་བཟོ་ལགས།
  • ཀུན་དགའ
    ཨ་ནཱི་ལ་ཆུ་ ལ་ཆུ་གི་གླང་གཅིག་ཚ་ངེར་བཏོན་བཟོ་སྟེ་ ཕྱི་ལས་མ་མར་དབུར་སྦེ་ ཏེ་ ཨཔ་ལས་ཁོཔ་པའི་ཨཔ་འདི་གི་ གཞོངམ་འདི་ནང་ལུ་ གླང་འདི་ཅོག་འཐདཔ་སྦེ་བཟོ་ འདི་ནང་བཙུགས་བཞག་གླང་ ལམ་འགྱོ་མི་གླང་འདི་ཁོ་གིས་ གསང་བཏང་ཁོ་འཐུ་འབག་ཡར་སོང་ནུག།
  • ཀུན་དགའ
    ཏེ་ འཐུ་འབག་སོང་སྦེ་ ཏེ་ མི་ནཱ་ལས་ཕར་ཁྱིམ་ཚིག་གླིང་ཟེར་མི་དེ་ཁར་ ལྷོད་ཚརཝ་ད་ ཏེ་ ཧེ་མ་མིང་ཡང་ ཁྱིམ་ཚིག་གླིང་མས་ ཏེ་ ཁྱིམ་ཚིག་གླིང་ཟེར་མི་ཁར་ལྷོད་པའི་བསྒང་ལས་ གླང་འདི་ནི་ནང་བསྐྱེལ་བཞགཔ་ད་ ཏེ་ མི་ནང་མི་འདི་ཕྱུགཔོ་ ཡར་སོངཔ་ཨིན་ཟེར་མས་ལགས།
  • ཀུན་དགའ
    ལོ་གཅིག་བ་ལོ་གཅིག་དྲགཔ་ ལོ་གཅིག་བ་ལོ་གཅིག་དྲགཔ་ ཕྱུགཔོ་ཡར་སོངཔ་ཨིན་ཟེར་ ནཱ་ལས་ཁོཔ་གི་ཨཔ་འདི་ ལོ་གཅིག་བ་ལོ་གཅིག་མར་ སྐྱོ་དྲག་སྐྱོ་དྲག་སྐྱོ་དྲག་ཡར་སོངཔ་ཨིན་ཟེརཝ་མས།
  • ཀུན་དགའ
    ཏེ་ སྐྱོ་དྲག་སོངཔ་ད་ ཏེ་ ལས་ཁོཔ་ཁའི་ཨཔ་འདི་གིས་ དབའི་ཏེ་ངེའི་གླང་འདི་ད་ ཁོང་སྔོན་མ་མེད་ ཏེ་ ཕྱུགཔོ་ཡར་སོང་འདུག་ ཏེ་ ངེའི་གླང་འདི་ཁོང་གིས་ ཨརཝ་བརྐུ་མཆིཔ་མས་ ནེ་སྦེ་འདི་རྩ་ལས་མི་བཏུབ་པས་ཟེར་ ཏེ་ ཨཔ་འདི་གིས་ མི་ནང་ ཏེ་ འཐབམ་འཚོལ་ ཧད་བཏགས་འཚོལ་ནི་འབདཝ་ད་ ཏེ་ ནི་ཚུ་གིས་ ཨའོ་ད་ཨཔ་འདི་གིས་ ཧེད་བཏགས་འཚོལ་ནི་འདྲས་ཟེར། མཆོད་བཤམ་ནང་ལས་གླང་འདི་བཏོན་ཏེ་ མར་རྩིག་པའི་བྱང་གི་རྩིག་པའི་ནང་ རྩིགཔ་དོང་བརྐོ་ ཕར་ཕི་ནང་བཙུགས་བཞག་དཔ་ཨིན་ཟེརཝ་མས།
  • ཀུན་དགའ
    ཏེ་ ཕི་ནང་བཙུགས་བཞག་ཞིནམ་ལས་ ཏེ་ ཧེ་མ་ མཆོད་བཤམ་ནང་བཀལ་ དཀར་མེ་ཕུལ་ མཆོདཔ་ཕུལ་ དེ་སྦེ་འབད་ནི་འདི་གིས་ དངོས་གཞི་ཅིག་མས་ ཏེ་ མར་བྱང་གི་རྩིག་པའི་འོག་ལུ་བཙུགས་བཞག་ད་ཞིན་ལས་ ཏེ་མི་ནང་ནོར་བཏགས་དགོ་ ག་ཅི་འབད་འབདཝ་ད་ ཏེ་ བཙོག་པ་ཞུགས་སྦེ་ ཏེ་ དངོས་གཞི་གི་སྦྱིན་རླབས་འདི་ཉམས་ཏེ་གིས་སྦེ་ དེ་ལས་མི་ནང་ ཕྱུགམོ་ཟེར་ ཁྱིམ་ཚིག་ཕྱུགམོ་ཟེར་ ཏེ་ ཁོང་ཕྱུག་པོའི་མིང་ཚར་གཅིག་འཐོབ་མཆིས་འདུག་བ་ལགས་ ཕྱུགམོ་ཟེར་དྲག་ཤོས་སྦེ་ རྒྱུ་བཏགས་ཏེ་ གླང་འདི་གིས།
  • ཀུན་དགའ
    གླང་འདི་མར་བཙུགས་ད་ཞིནམ་ལས་ དེ་ལས་ཁོང་མར་སྐྱོ་དྲག་སྐྱོ་དྲག་སྐྱོ་དྲག་ཡར་སོངཔ་མས་ ཏེ་དེ་ལས་ མི་ཡང་མི་ལན་གཅིག་གཉིས་གསུམ་ ཏེ་དང་ཕུ་ལས་རང་རོགས་ ཁྱིམ་ཚིག་ཕྱུགམོ་ཟེར་མི་མི་འདི་ཚུ་ གཅིག་ཡང་རབས་ཆད་ གཉིས་ཡང་རབས་ཆད་ ཏེ་ ཁལ་ཚབ་ལས་ཁལ་ཚབ་བཙུགས་ཏེ་གིས་སྦེ་ ཏེ་ ཨ་ཙི་སོར་ཡི་སོར་ཡི་ཡར་སོང་འདུག་བ།
  • ཀུན་དགའ
    དང་ཕུ་ཁྱིམ་ཚིག་ཕྱུགམོ་ཟེར་སླབ་མི་ མི་འདི་ཧེ་མ་ལས་རང་ རབས་ཆད་ཡར་སོང་འདུག་ལགས་ ཏེ་དེ་ལས་ ལས་ཁོ་པའི་ཨཔ་འདི་ཡང་ འ་ནེམ་ཅིག་འབད་སྦེ་ ཏེ་ འ་ནེམ་ཅིག་སྦེ་ཡར་སོངཔ་ཨིན་ཟེར་ ཏེ་མཚོ་འདི་ཡང་ ཆགས་ལུགས་ཀྱི་དུས་ཚོད་འདི་ འ་ནཱི་སྦེ་ཆགས་ཆགསཔ་ཨིན་ཟེར་ ནེ་སྦེ་སླབ་མས་ལགས།
  • ཀུན་དགའ
    དེ་ལས་ ལོག་གནམ་ལོ་ག་དེམ་ཅིག་ཁར་ཨིན་ན་ དུས་ཚོད་ག་དེམ་ཅིག་ཁར་ཨིན་ན་ སླབ་ནི་མིན་འདུག་ མཚོ་འདི་འོང་ས་འདི་ ཡར་བོད་ལས་མར་འོང་འོང་པའི་མཚོ་གཅིག་མས་ ཡར་བོད་ཀློང་སྟོད་ཟེར་མི་ནང་ལས་ འོང་འོང་པའི་མཚོ་གཅིག་ཨིན་པས་ཟེར་ གཏམ་རྒྱུད་ནེ་སྦེ་སླབ་མས་ལགས་ མཚོ་འདི་གི་སྐོར་ལས་ ཏེ་ད་ འ་ནེམ་ཅིག་ལས་ཞུ་ནི་མིན་འདུག་ གཏམ་རྒྱུད་ཟེར་རུང་ འ་ནེམ་ཅིག་རང་ཨིན་མས་ལགས།
  • ཀུན་དགའ
    ཏེ་ ད་ང་བཅས་རོགས་ཀྱི་ཁ་རྒྱུན་ཁ་རྒྱུན་སྦེ་ མི་རྒས་ཤོས་ཀྱི་ཁ་རྒྱུན་སྦེ་ གོ་གོཝ་ཅིག་རང་ཨིན་པས། ཏེ་ བདེན་ག་བརྫུན་ག་འདི་ ཏེ་རང་མིག་གིས་མཐོང་ལག་པ་འཛིན་འཛིན་མེད་པར་སླབ་མི་ཚུགས་པས་ གཏམ་རྒྱུད་འདི་ འ་ནེ་སྦེ་བཤད་དཔ་མས་ལགས་ མཚོ་འདི་གི་འ་ནཱ་གི།
  • ཀུན་དགའ
    ལུས་མཚོ་ཁའི་ ཤར་ལུས་མཚོ་ཁ་ཟེར་མི་འདི་ ཨ་ནཱི་ས་ཆ་འདི་འ་ནཱི་མཚོ་འདི་ལས་བརྟེན་ ལུས་མཚོ་ཁ་ཟེར་ མཚོ་འདི་འ་ནཱི་ལས་བརྟེན་ཐོབ་ཐོབཔ་ཨིན་ཟེརཝ་མས་བ་ལགས། ཏེ་ རོགས་ཧེ་མ་འབདཝ་ད་ ཨ་ནཱི་ས་སྒོ་འདི་ཚུ་ཡང་དགའ་ཏོག་ཏོ་ ཆུ་འདི་ཚུ་ཡང་གནམ་མེད་ས་མེད་ལེགས་ཤོམ་སྦེ་ཡོད་ ད་ཨ་ནཱི་ ན་ཧིང་ཨ་ནཱི་བརྐོཝ་ཞིནམ་ལས་ མཚོ་འདི་ པར་བཏབ་རུང་ ག་ཅི་བཏབ་རུང་ ལེགས་ཤོམ་མ་འཐོནམ་ཡར་སོང་ཡི་བ་ལགས།
  • ཀུན་དགའ
    ས་ལེགས་ཤོམ་མིད་འདུག་ཨ་ནཱ་ ད་འ་ནེ་སྦེ་བཟོ་འདུག་ ང་གིས་ཞུ་ནི་ཟེར་རུང་འ་ནེམ་ཅིག་ལས་མིན་འདུག་ལགས་ ཏེ་གནམ་མེད་ས་མེད་ སྲུང་ལེ་ཤ་ལེ་ཤ་འབད་བནི་ ང་བཅས་ཀྱིས་ཡང་མི་ཤེས་པས། ཏེ་དང་ཕུ་ སྔོན་མ་རྒས་ཤོས་ཀྱིས་ གཏམ་རྒྱུད་ཡང་ག་ནི་ཡང་སླབ་ནི་མིན་འདུག་ ཏེ་ ད་རིས་ནངས་པ་ ཚར་གཅིག་གཡུས་ཁར་ལས་ འབད་པ་ཅིན་འདི་ ང་གིས་བརྒྱད་བཅུ་བརྒྱ་གཅིག་འགྱོ་ཡི་ལགས་ལོ། ང་ཡང་རྒས་ཤོས་ཅིག་རང་ཨིན་ ཏེ་ ང་བཅས་ལོ་རྒྱུས་ བུ་ཚུ་འབད་ལོ་རྒྱུས་གོཝ་ད་ འ་ནེ་སྦེ་སླབ་མས་ལགས། གཏམ་རྒྱུད་འདི་ ཧི་ཧི་ལགས་སོ།