Skip to main content Skip to search
01 Sep 2018
7 min 1 sec
Video Overview
Creators: 
Duptho, Sonam Chophel

Pema Khandu from Sakteng Gewog (county) in Trashigang Dzongkhag (district) narrates an account of Jomo's place of offering called "Chenkhang" (footprint of the carnivore, the tiger). The local people conduct prayers to Jomo, the local deity of Sakteng, three times a year at the offering site, asking for the wellbeing of the community. Various rituals and recitations of Buddhist canons are conducted during the prayer ceremony. Pema Khandu also speaks of some of the sacred shrines such as the shoes and walking stick of Jomo and Lama Jareypa, a monk who accompanied Jomo from Tibet, as well as the tree where Jomo tied her horse and Jomo's animals, which can still be seen at the site.

༉  བཀྲིས་སྒང་རྫོང་ཁག་ སག་སྟེང་རྒེད་འོག་ནང་ཡོད་མི་ ཨམ་ཇོ་མོའི་གནས་ཁང་གི་ལོ་རྒྱུས་ཅིག་ སག་སྟེང་ལས་པདྨ་མཁའ་འགྲོ་གིས་བཤད་མི་ནང་ ས་གནས་འདིའི་མིང་ལུ་ གཅན་ཁང་ཟེར་ཞུཝ་ཨིནམ་ད་ གཡུས་ཁའི་མི་ཚུ་གིས་ གཡུས་ཁ་ལུ་ཞི་བདེ་དང་དགའ་སྐྱིད་འབྱུང་ཐབས་ལུ་དམིགས་ཏེ་ གནས་ཁང་དེ་ཁར་ལོ་རེའི་ནང་ ཨམ་ཇོ་མོ་ལུ་གསོལ་ཁ་ཚར་གསུམ་གསུམ་དེ་རེ་ཕུལ་དོ་ཡོདཔ་མས། དེ་བསྒང་ ཆོ་ག་གཏང་ནི་དང་བཀའ་འགྱུར་ལྷག་ནི་ཚུ་ཡོདཔ་ད་ པདྨ་མཁའ་འགྲོ་གིས་བཤད་མི་ནང་ སག་སྟེང་ལུ་ཡོད་མི་ ཨམ་ཇོ་མོའི་མཆོད་ཁང་དང་ཞབས་ལྷམ་ དེ་ལས་ཕྱག་འཁར་ཚུ་ ཨམ་ཇོ་མོ་དང་གཅིག་ཁར་བོད་ལས་བྱོན་མི་ བླམ་སྦྱར་པ་དང་ ཆིབས་བཏགས་ས་ དེ་ལས་ཤིང་དང་སེམས་ཅན་ཚུའི་སྐོར་ལས་ཡང་བཤདཔ་ཨིན་མས།

Transcript search
No results found for this search
0 of 0
 • པད་མ་མཁའ་འགྲོ
  ཇོ་མོ་གི་སྐོར་ལས་དུམ་གྲ་ཅིག་ཞུ་བ་ཅིན་ ང་བཅས་ནཱ་ སག་སྟེང་ལུ་འབད་བ་ཅིན་ འདི་ནཱ་ ཇོ་མོ་གསོལ་སྤྱོད་སྦེ་ས་ ནཱ་གཅན་ཁང་ཟེར་ལགས་ སྟག་གི་རྐང་ཞག་ཡོད་ནི་དེ་གི་ལ་ སྟག་གི་རྐང་ཞག་ཡོད་ནི་དེ་གི་ ཏེ་ གཅན་རྐང་ཟེར་ ཏེ་ མི་མང་ཤོས་ཅིག་གིས་ བཙན་ཁང་ཟེར་སླབ་ནི་འདུག་བ་ལགས། ནཱ་བཙན་ཁང་ཟེར་མེན་ཟེར་ཞུ་ནི་ལགས།
 • པད་མ་མཁའ་འགྲོ
  ཨ་ནཱ་ལུ་ གཅན་གྱི་རྐང་ཞག་ དང་ཕུ་གི་ཕམ་ཚུ་གི་ཡང་སླབ་ནི་འདུག ནཱ་གི་གཅན་གྱི་རྐང་ཞག་ཨིན་ཟེར་ལགས། ཏེ་ ང་བཅས་ནཱ་ ཨང་ ནཱ་ཤུགས་པ་ཤིང་ལ་ ཨ་ནཱི་འདི་ ང་བཅས་ཀྱི་འབྱོག་པའི་ཁ་ནང་འབད་བ་ཅིན་ མོ་ཤུགས་ཟེར་ཨ་ནཱི་བཟུམ་སླབ་མས་བ་ལགས། ཨ་ནཱི་འདི་ ཕོ་ཤུགས་བཟུམ་ཅིག་ར་འདུག་ལགས། ཨ་ནཱི་འདི་ ཧེ་མ་ཨམ་ཇོ་མོ་གི་ཕྱག་ཁར་མས། ཏེ་ ཨ་ནཱ་འདི་ ཏེ་ བླམ་བྱ་རས་པ་གི་ ཕྱག་ཁར་ཟེར་གསུངམ་མས་ལགས་ གུ་རུ་རིན་པོ་ཆེ་གིས་ལགས།
 • པད་མ་མཁའ་འགྲོ
  ཏེ་ ནཱ་འདི་ ཏེ་ ཨེང་ ལོ་གཅིག་ནང་ལུ་ནཱ་ཚར་གསུམ་འབད་གསོལ་ཁ་གནང་ གསོལ་ཁ་གནངམ་ཨིནམ་མས། ཏེ་ གསོལ་ཁ་འདི་ གསུམ་པ་ནང་ལུ་ གསོལ་ཁ་ཚར་གཅིག་ ཏེ་ བདུན་པ་ནང་ལུ་ ཚར་གཅིག་ དགུ་པ་ནང་ལུ་ཚར་གཅིག་ ཚར་གསུམ། གསུམ་པ་ནང་ལུ་འདི་ ཏེ་ ང་བཅས་ ཧེ་མ་(ཆོས་བྱང་)གཏོར་བཞེངས་ཟེར་ཅིག་ (ཆོས་བྱང་)བརྐྱབ་འབད་ ཏེ་ ཉིནམ་གཅིག་ལུ་ ཆོ་གུ་ ཉིནམ་གཉིས་ཆོ་གུ་བཏང་སྦེ་ ཏེ་ ཉིནམ་གསུམ་ཟེར་ད་ལུ་ ཏེ་ ང་བཅས་ ཏེ་ ནཱ་ལས་ ཆོས་བསྐོར་ཟེར་ལགས ནཱ་ ཟུར་གེག་པའི་གདན་ཆང་ཟེར་ ནཱ་འོང་སྦེ་ (ཀེང་པ་)ཟེར་གཉིས་ཡོད་བ་ལགས།
 • པད་མ་མཁའ་འགྲོ
  ཏེ་ ཨ་ནཱི་བཟུམ་ ཨ་ཙ་ར་ཟེར་འཐོན་ནི་ཡོད། ད་རུང་ མི་ལེ་ཤ་ ང་བཅས་ (ཨིས་ཀུལ་) སློབ་ཕྲུག་འདི་ཚུ་ ད་རུང་ ང་བཅས་འདི་ནང་ མི་སེར་འདི་ཚུ་ག་ར་འོང་སྦེ་ ཆོས་ཨ་ནཱི་བཟུམ་འབག་སྦེ་ ཏེ་ ཨ་ནཱི་བཟུམ་ཆོས་འཁོར་ལོ་བསྐོར་བའི་དུས་ཆེན་ ཚེས་བཅོ་ལྔ་ལུ་ལགས། ཏེ་ ཚེས་བཅོ་ལྔ་ལུ་ ཆོས་ཀྱི་འཁོར་ལོ་བསྐོར་སྦེ་ ཨུ་ཧུང་ ད་རུང་ ཚེས་ ༡༦ ལུ་ (བཏང་སྒྲ་) ཟེར་འབད་ནི་ཡོད་ལགས། ཏེ་(བཏང་སྒྲ་)ཟེར་ ཏེ་ གསུམ་པ་ནང་ལུ་འདི་ ཉིནམ་ལང་དེ་ཅིག་འགོར་ཨིན་ལགས་ ག་ར་བསྡོམས་ད།
 • པད་མ་མཁའ་འགྲོ
  ཏེ་ བདུན་པ་ནང་ལུ་འབད་བ་ཅིན་ ཏེ་ ང་བཅས་ ད་རུང་ ད་ལྟོ་ཞུ་དོ་བཟུམ་སྦེ་རང་ ཏེ་ ཆོས་བསྐོར་ (ཆོས་བཞེངས་)ཉིནམ་གཅིག ད་རུང་ ཆོ་གུ་ཉིནམ་གཉིས་བཏང་སྦེ་ ད་རུང་ ཏེ་ ཚེས་བཅོ་ལྔ་ལུ་ ཏེ་ ད་རུང་ཆོས་བསྐོར་ཨིན་ཟེར་ཞུ་ནི་ལགས། ཆོས་བསྐོར་འདི་ ཏེ་ མར་ ལྷ་ཁང་ལས་ ཏེ་ བཀའ་འགྱུར་བསྟན་འགྱུར་ མི་ལེ་ཤ་ལྷོད་པ་ཅིན་ བཀའ་འགྱུར་ལས་ ད་རུང་བསྟན་འགྱུར་ཡང་འབག་སྦེ་ ད་རུང་ ཨུ་ཧུམ་ ཏེ་ ཨ་ནཱི་བཟུམ་བུམོ་ཟེར་ ཨ་ནཱི་བཟུམ་ གསུམ་བུམོ་ཟེར་ ཨ་ནཱི་ག་ར་འབག་སྦེ་ ཏེ་ ཨ་ནཱི་བཟུམ་ ཕར་ ནཱ་ལུ་གདན་ཆང་འབད་སྦེ་ ད་རུང་ ཨ་ནཱི་ ནཱ་ལས་ ཕར་ ཏེ་ ང་ མང་ལུ་གདན་ཆང་ཅིག་ཡོད་ཟེར་ཞུ་ནི་ལགས།
 • པད་མ་མཁའ་འགྲོ
  ཕར་ སྟེང་མང་ལུ་ གདན་ཆང་གཅིག་ ད་རུང་ ཕར་སྤུ་སག་ལུ་ གདན་ཆང་གཅིག་ གདན་ཆང་ཟེར་ ང་བཅས་ ཨ་ནཱི་བཟུམ་ འབྱོག་པའི་ཁ་ནང་འབད་བ་ཅིན་ ཏེ་ ཕར་ སྤུ་སག་ཚར་གཅིག་སྟེ་ ད་རུང་ ཨ་ཕར་ སྤུ་སག་ལས་ ཚུར་ཏ་འགོར་སྦེ་ ད་རུང་ ནཱ་ལྷ་ཁང་ གཡུས་མཇུག་ལྷ་ཁང་ལུ་འབད་ ང་བཅས་ཨ་ནཱི་ གཡུས་མཇུག་པ་ཟེར་ ཨ་ནཱི་འདི་ཚུ་གིས་ གདན་ཆང་། ཆང་ཨ་ནཱི་བཟུམ་འབག་ ནཱ་གསེར་སྐྱེམས་ཨ་ཙི་ གསེར་སྐྱེམས་ཕུལ་ཡི་ལགས། ཕུལ་སྦེ་ ཏེ་ ཨ་ནཱ་ལས་ ཨ་ནཱ་ལུ་ཏེ་ ཉི་མ་གྱི་ལྟོ་ ཨ་ནཱ་ལུ་ ཟཝ་ཨིན་ཟེར་ཞུ་ནི་ཨིན་ལགས།
 • པད་མ་མཁའ་འགྲོ
  ཉི་མ་ལྟོ་ ལྷ་ གཡུས་མཇུག་ལྷ་ཁང་ལུ་ཟ་སྦེ་ ད་རུང་ གཡུས་མཇུག་ལྷ་ཁང་ལས་ ཏེ་ ཕར་ བོ་རོང་དམང་ལུ་ཚར་གཅིག་ཡོད་ཟེར་ཞུ་ནི་ཨིནཔ་ལགས། བོ་རོང་དམང་ལས་ ཡར་བོ་རོང་རྩེ་ལུ་གཅིག་ ཏེ་ བོ་རོང་རྩེ་དགོན་པ་ལུ་ཚར་གཅིག་ ཨ་ནཱ་ལས་ མར་འོང་སྦེ་ ཏེ་ ནཱ་ ལོག་ཨ་ནཱ་གསོལ་སྤྱོད་ ཇོ་མོ་གསོལ་སྤྱོད་འབད་ས ལྷོད་སྦེ་ལགས། ཏེ་ ཨུ་ཧུ་ གསོལ་སྤྱོད་འབད་ས་ནང་ལྷོད་སྦེ་ ཏེ་ ཨ་ནཱི་བཟུམ་(ཀེང་པ་)འདི་ཚུ་ བཀྲ་ཤིས་ཟེར་ ཨ་ནཱི་བཟུམ་ཕབ་སྦེ་ ཏེ་ ང་བཅས་བླམ་འདི་ཚུ་ལུ་ གསོལ་ཨ་ཙི་རེ་དྲངས། ཏེ་ ཨ་ནི་ཱབཟུམ་ ཏེ་ ང་བཅས་ ཨ་ནཱི་བཟུམ་འབད་ནི་ཡོད་ཟེར་ཞུ་ནི་ལགས།
 • པད་མ་མཁའ་འགྲོ
  ཏེ་ (བཏང་སྒྲ་)ཟེར་ ཏེ་ དྲོ་པ་ཨ་ནཱི་བཟུམ་འོང་དགོ་ཟེར་ཞུ་ནི་ཨིན་ལགས། བདུན་པ་ནང་ལུ་ ཚར་གཅིག་ ད་རུང་ དགུ་པ་ནང་ལུ་འདི་ ཉིནམ་གཅིག་(ཆོས་བྱང)་འབད་ ཉིནམ་གཉིས་ལུ་ ཆོ་གུ་གཅིག་བཏང་སྦེ་ ཏེ་ ཉིནམ་གསུམ་ཟེརཝ་ད་ ཆོས་བསྐོར་འདི་མེད་ཟེར་ཞུ་ནི་ཨིན་ དགུ་པ་ནང་ལུ། ཏེ་ ཨ་ནཱི་བཟུམ་ ཏེ་ནཱ་ ལོ་གཅིག་ལུ་ཚར་གསུམ་གསུམ་སྦེ་ ནཱ་ཨ་ནཱི་ ང་བཅས་ཇོ་མོ་གི་གནས་བཤད་འབད་བ་ཅིན་ ནཱ་ཨ་ནཱི་འདི་ ཞབས་ལྷམ་ཨིན་བ་ལགས། ཨ་ནཱི་འདི་ ཨམ་ཇོ་མོ་གི་ ཞབས་ལྷམ། ཨ་ནཱི་འདི་ བླམ་བྱ་རས་པ་གི་བཞུགས་ལྷམ་ཟེར་སླབ་མས་བ་ལགས། དང་ཕུ་ལས་རང་།
 • པད་མ་མཁའ་འགྲོ
  ཏེ་ ནཱ་འདི་ ཨ་ནཱི་བཟུམ་ ཨམ་ཇོ་མོ་གི་རྟ་ཐག་ས་ཟེར་ལགས། རྟ་གི་ཡང་ ཐགཔ་ཨ་ནཱ་ལུ་ཐག་བཞག་ནུག་བ་ལགས། ད་རུང་ ཏེ་ ཨ་ནཱི་འདི་ ཇོ་མོ་གི་ ཨམ་ཇོ་མོ་གི་ ཕྱག་ཁར་ལགས། ཏེ་ ཨ་ནཱི་འདི་ བླམ་བྱ་རས་པ་གི་ཕྱག་ཁར། ཏེ་ ང་བཅས་ ནཱ་ལུ་ ཨ་ནཱི་ཅིག་ར་ཨིན་མས་ལགས། ཏེ་ ཕར་ སློབ་གྲྭ་གི་སྦོ་ལོག་ཁར་ འབད་བ་ཅིན་ བླམ་བྱ་རས་པ་གིས་ རྟ་ཐག་ས་ཟེར་ཡོད་བ་ལགས། བླམ་བྱ་རས་པ་གི་ ཏེ་ ཨ་ནཱ་ལུ་འབད་བ་ཅིན་ གཅན་རྐང་ཟེར་ལགས་ སྟག་གི་གཅན་ཁང་ཟེར་ཅིག་ཡོད་བ་ལགས།
 • པད་མ་མཁའ་འགྲོ
  ཏེ་ ཨ་ནི་བཟུམ་ ང་བཅས་ནཱ་ ཇོ་མོ་གསོལ་སྤྱོད་འབད་ས་ལུ་ ཧེ་མ་ཕ་བརྒྱུད་བུ་བརྒྱུད་ལས་ར་ ང་བཅས་གསོལ་ཁ་འབད་སྡོད་མི་ཅིག་ཨིན་ཟེར་ཞུ་ནི་ལགས། ཏེ་ གསོལ་ཁ་འདི་ ཨུ་ཧུ་ ཧེ་མ་ ད་རེས་ ང་རང་འབདཝ་ད་ ང་བཅས་མི་རབས་ལྔ་དྲུག་དེ་ཅིག་འགྱོ་ནི་ཡོད་ཟེར་ཞུ་ནི་ཨིན་ལགས། ལྔ་དྲུག ཏེ་ ང་བཅས་མི་རབས་དྲུག་ གསོལ་སྤྱོད་ལྟ་བུ་ར་ ང་བཅས་ཀྱི་ཨ་རྟག་ར་ ང་བཅས་ཀྱི་འབད་སྦེ་ ནཱ་འདི་ཚུ་ ཏེ་ ནོར་ཟེར་ ནཱ་ཨ་ནཱི་ནོར་ཨིན་མས་ ཨ་ནཱི་འདི་ རྟ་གི་ གཅན་རྐང་ཟེར་ གཅན་རྐང་ཨིན་མས་བ་ལགས། གཅན་རྐང་ཟེར་ གཅན་གྱི་རྐང་ཞག་ཨིན་མས།
 • པད་མ་མཁའ་འགྲོ
  ཏེ་ ཨ་ནཱི་འདི་ཚུ་འདི་ ནོར་ ཨ་ནཱི་ཕར་ ཁ་བལྟ་ མེ་རག་ཇོ་མོ་ ཇོ་མོ་སྐུ་ཁར་ ཕར་ག་བལྟ་སྡོད་ ནཱ་ལྷོད་ཞིནམ་ལས་ ནཱ་བྱོན་འབད་ ཏེ་ ནཱ་སྦེ་ ནཱ་ཕྱག་ཁར་ ཨ་ནཱི་བཟུམ་བཟོ་བཞག དེ་ལས་ ཨ་ནཱ་ལས་ ལོག་ཕར་བྱོདམ་ད་ལུ་ ནོར་འདི་ཚུ་ ཨ་ནཱ་ལུ་བཞག་སྦེ་ལོག་བྱོནམ་ད་ལུ་ ཨ་ཕ་ལས་འབད་བ་ཅིན་ ཏེ་ ཕྲེང་ཏ་རོང་ཟེར་ ང་བཅས་ན་མི་འདི་ཚུ་གི་ ཕྲེང་ཏ་རོང་ཟེར་སླབ་ནི་ཡོད་བ་ལགས། ཨ་ནཱི་བཟུམ་ ཕྲེང་ཏ་རོང་ཟེར་ལགས། ཕྲེང་བ་བཞག་ ཨ་ནཱི་བཟུམ་སྦེ་ ཨ་ནཱི་བཟུམ་བྱོནམ་འབད། ཕྲེང་བ་བཞག་དོ་བཟུམ།
 • པད་མ་མཁའ་འགྲོ
  ཏེ་ ནོར་འདི་ཚུ་ ཕར་ཏ་ ཨམ་ཇོ་མོ་དང་བླམ་བྱ་རས་པ་ ཕར་མེ་རག་ལུ་བྱོནམ་ད་ལུ་ ནཱ་ལས་གཟིགས་སྡོད་སྡོདཔ་ཨིན། ཏེ་ ཕར་ལུ་འབད་བ་ཅིན་ ཏེ་ ཕྲེ་མི་སྤང་ཟེར་སླབ་ཨིན་པས། ང་བཅས་ མི་འདི་ཚུ་ག་ར་གིས་ ཕྲེ་མི་སྤང་ཟེརཝ་ད་ ཕྲེ་མི་སྤང་མེན་བ་ལུ་ སེར་མིག་སྤང་ཟེར་ སེར་མིག་སྤང་ཟེར་ ཨ་ནཱི་བཟུམ་སླབ་ནི་ཡོད་བ་ལགས། ད་ ཏེ་ ང་བཅས་ ཧེ་མ་ ད་ ད་གསུམ་སྟེང་ཟེར་ ཡར་གདོང་གུ་ལས་མར་ བྱིང་གུ་ལས་ཕར་ མཚོ་ཀླུང་དགོན་པ་ལུ་ཡོད།
 • པད་མ་མཁའ་འགྲོ
  མཚོ་ཀླུང་དགོན་པ་ལས་ ལོག་ནཱ་བྱོན། ནཱ་ལུ་ལོག་སྦེ་ སག་སྟེང་ལུ་ལམ་བདའ་བྱོན་། ཨ་ནཱ་ལས་ཕར་ ཕྲེང་ཐག་ལས་འབག་འོང་། འབག་འོང་ལས་ ཕར་ ཇོ་མོ་སྐུ་མཁར་ལྷོདཔ་ད་ ཉག་ཅུང་ལ་ཟེར་ ཨ་ནཱ་ལས་ ཕར་ ཏེ་ ཨ་ནཱ་ལས་ ཕར་ ཏེ་ ཇོ་མོ་སྐུ་མཁར་ལུ་ འཐོན་བྱོན་ཡི་ཟེར་ མི་ཚུ་གིས་ཨ་ནཱི་བཟུམ་ཅིག་ བཤད་ནི་ཡོད་ཟེར་ཞུ་ནི་ཨིན་ལགས།