Skip to main content Skip to search
03 Feb 2016
2 min 53 sec
Video Overview
Creators: 
Dawa Tshering, Thinley Dorji

Illegitimate son of Genyen was born in Kabesa under Thimphu district during the time of Dzongpon Kuenzang Thinley. He was an extra ordinary child compared to other normal kids. The strange thing about him was that he cannot stand up even after attending at the age of nine and took huge amount of food. After crossing nine these children carry huge loads that makes an advantage and dominate the neighbors. The Dzongpon heard about the rumor and send few men to catch him, but the things were opposite and the men were chased back until Dzong and warn the Dzongpon to take care of his men.

 

དགེ་བསྙེན་འབྲང་གི་སྐོར་ ཐིམ་ཕུ་ཁྲོམ་སྡེ་ལས་ སྣ་ཀོ་གིས་བཤདཔ་ཨིན་པས། དེ་ཡང་ ཧེ་མའི་མི་ལ་ལོ་ ཨ་ལོ་སྐྱེས་ལོ་དགུ་དགུ་དེ་རེ་འགྱོ་རུང་ ཡར་ལོང་ནི་མེད་ ལོ་དགུ་ལངས་ཞིནམ་ལས་ ལྟོ་ཡང་རྒྱགས་ཚད་ཟ་ ཁུར་ཆ་ཡང་ག་གིས་ཡང་འབག་མ་ཚུགས་པའི་ཁུར་ཆ་འབག་མི་ཐོན་ཏེ་སྡོད་ནུག དེ་གི་ནང་ལས་ ཐིམ་ཕུ་རྫོང་དཔོན་ཀུན་བཟང་ཕྲིན་ལས་ཀྱི་སྐབས་ལུ་ དཀར་སྦྱིས་གྲོང་གི་ཨ་ཎེ་བཙུནམོ་ཟེར་མི་ཅིག་སྡོད་སྡོདཔ་མས། ཚར་ཅིག་འབདཝ་ད་ རྫོང་དཔོན་གྱི་བཀའ་དང་འཁྲིལ་ ཁས་བླངས་ཐོག་ལས་ཁོ་བཟུང་པར་མི་གྲངས་བདུན་ཐོན་སྦེ་བཏངམ་ད་ ཁོ་བཟུང་ནི་མེན་པར་ ལོག་སྟེ་ཁོ་གིས་མི་གྲངས་བདུནཔོ་དེ་བདའ་ རྫོང་གི་སྒོ་ཁར་བསྐྱལ་ཏེ་ ཐིམ་ཕུ་རྫོང་དཔོན་ ཁྱོད་ཀྱི་བོད་ཚུ་ ན་གཞུང་འབད་མ་བཏུབ་པར་ ཡར་ལས་ཡར་འོང་ནུག ང་གིས་ན་སྐྱོར་བདའ་འོང་ཡི་ ཟེར་སླབ་སླབ་ཨིན་མས།

 

Transcript search
No results found for this search
0 of 0
 • ན་ཀོ། Nako
  གླང་ཇོ་ཕར་ཁ་ ཁུངས་གཉིས་སྦེ་ བརྩི་དགོ་པའི་ཁུངས་འདི་ ག་ཅི་ཨིནམ་ཟེར་བ་ཅིན་ གཅིག་ཀླུ་གྲོང་ཕར་ཁ་ཟེར་ སླབ་མས། ཀླུ་གྲོང་ཕར་ཁ།
 • ན་ཀོ། Nako
  ཅིག་གཡུས་གདངས་རས་སྦུགས་ལས་ཕར་ ཚར་གཅིག་བུ་ ཀླུའི་གྲོང་ཁྱེར་འབད་ནི་དེ་གིས་ ཀླུ་ཡི་ཕོ་བྲང་ འ་ནཱི་ཁ་ལུ་ཡང་ ཀླུ་ཡོད་ལོ། འ་ནཱི་ཁར་ཡང་ ཀླུ་ཡོད་ལོ། ཀླུ་གྲོང་ཕར་ཁ་ཟེར།
 • ན་ཀོ། Nako
  ད་རེས་ ཨ་ནཱི་ ས་ཁྲམ་དང་ འ་ནཱེ་མའི་ཁྲམ་མའི་ནང་ པུ་ར་ག་རའ་ནཱེ་སྦེ་ཨིན་ལགས། ཀླུ་གྲོང་། ཀླུ་གྲོང་་ཟེར། ཀླུ་གྲོང་ཕར་ཁ། ཀླུ་གྲོང་ཕར་ཁ་ཟེར། ད་ ཀླུ་གྲོང་ གཡུས་ ད་ལྟོ་ ང་གཉིས་སྦེ་ཞུཝ་ད་ གཅིག་འ་ནཱི་ཨིན། ཀླུ་གྲོང་ཕར་ཁ་ཟེར་ སླབ་དགོ་པའི་ཁུངས་དེ།
  ()
 • ན་ཀོ། Nako
  ཏེ་ད་གཉིས་ཟེརཝ་ད་ སློབ་དཔོན་གྱིས་ གསུངས་དེས་པ་སྨོ་ཤིག། གླང་ཇོ་ཕར་ཁ་གི་ ཁུངས་འདི་ག་དེ་སྦེ་ཨིན་ན་ཟེར་ སློབ་དཔོན་གྱིས་ ང་དོགས་གཅོད་གསུངས་དེས་པ། གླང་ཇོ་ཕར་ཁ་ཟེར་མི་ཁུངས་འདི་ ག་ཅི་ཨིནམ་ཟེར་བ་ཅིན།
 • ན་ཀོ། Nako
  ཧེ་མ་ ཨ་ཕར་ གཡོན་གྲོང་ཁ་ཟེར་ ཨ་ཕཱ་ ད་རེས ་དུར་ཁྲོད་སྦོམ་ཅིག་ཡོད་པ་ལགས། འ་ནཱི་ དུར་ཁྲོད་སྦོམ་དེ་གི་ཚུར་ལུ་ ཆུའི་གཏོང་ངོ་ནང་ལུ་ མཚོ་ཅིག་ཡོདཔ་ཨིན། ང་བཅས་བུ་ཚུ་ཅིག་བསྒང་ འ་ནཱི་ནང་ལུ་མཚོ་ཡོད། གླང་མཚོ་ཟེར།
 • ན་ཀོ། Nako
  མཚོ་དེ་་གི་ མིང་གླང་མཚོ་ཟེར་ སླབ་ཨིན། འ་ནཱི་ འ་ནཱི་གླང་མཚོ་ནང་ལུ་ མཚོ་གླང་ཡོདཔ་མས་ལགས། དངས་ཕུ་མར་ ད་རེས་ མར་རྒྱ་ལས་མར་གྱི་བཟུམ་སྦེ་ མཚོ་གླང། ཏེ་མཚོ་གླང་དེ་རོགས་ མཚོ་གླང་དེ་ དེམ་བ་མེན་པར་གླང་སྦེ་ མཚོ་གླང༌དེ་ མར་ལས་མཚོ་ནང་ལས་ ཐོན་ཡར་སྤང་ནང་ལས་ རྩ་བཟའ་སྡོད་སྡོདཔ་ཨིན་མས།
 • ན་ཀོ། Nako
  སྤང་ནང་ལས་ རྩ་བཟའ་སྡོདཔ་ད་ ཏེ་དེ་ལས་ ཕར་ལྷེ་ཇོ་ ང་བཅས་ཀྱི་ གཡུས་ཀྱི་གདོང་སྐོར་ ཕར་མིང་ ལྷེ་ཇོ་ ཚུར་གླང་ཇོཔ་ཟེར་ སྦེ་དོ་པ་སྨོ་ཤིག་ལགས། སྟེ་གླང་འདི་སྡོད་ས་འདི་ཚུར་ ང་བཅས་གཡུས་ཀྱི་ནང་སྦེ་ གླང་ཇོ་ཕར་ཁ་ཟེར་ སླབ་དགོ་མི་འདི་ འ་ནཱི་ཨིན་མས།
 • ན་ཀོ། Nako
  ལྷེ་ཇོབ་ཟེར་མི་འདི་ དེ་ལས་ ཕར་ལྷེ་ཇོ་གི་ བུ་ཚུ་གཞོན་སྐྱེས་ ནཱ་སླབ་དཔོན་བཟུམ་ ཨ་ནཱ་ཨ་ནཱ་སླབ་དཔོན་བུ་བཟུམ་ ཤེད་ཡོད་མི་ ཁ་དབང་ཡོད་མི་ ང་རྒྱལ་ཡོད་མི་ཚུ་གིས་ ཤ་དང་གློཝ་ འཕྱལ་ས་ལས་འཕྱལ་ འཕྱོག་ས་ལས་འཕྱོག་འདི་ ཕར་རྐངམ་ལགཔ་ལ་ལུ་ ཁོང་ཕར་བདའ་ཡར་སོངམ་མས་ ལྷེ་ཇོ་ཟེར་ ལྷེ་ཇོ་ཟེར་ སླབ་དགོ་མི་འདི་ འ་ནཱི་ཨིན་མས།
 • ན་ཀོ། Nako
  ཤ་དྲ་ལོང་མེད་པར་ མཚོ་གླང་དེ་ སྤྱི་ཏོག་སྦུགས་ཀྱི་ མཚོ་གླང་ཨིན་མས་དང་ཕུགས། ཏེ་ཡར་སྤང་ནང་ རྩ་བཟའ་སྡོདཔ་ད་ བང་ཅན་བཙོང་ མཚོ་གླང་བསད་ འ་ནཱི་ཏེ་ ལྷེ་ཇོ་ཟེར་ སླབ་དགོ་པའི་ཁུངས་འདི་ འ་ནཱི་ཨིན་མས་ལགས།
 • ན་ཀོ། Nako
  ཏེ་གླང་ཇོ་ཟེར་མི་འདི་ སྡོད་སུ་ཁོ་ ཤ་ཕྱེད་ཀ་དེ་ ཚུར་གིས་ཡང་བཟའ་ནུག་པ། དེ་འབདཝ་ད་ ཁོ་སྡོད་ས་དེ་ཚུར་ གླང་ཇོ་པའི་ ཚུར་འབད་ནི་དེ་གིས་ གླང་ཇོ་ཟེར་ སླབ་དགོ་པའི་ཁུངས་དེ་་ གཙོ་བོ་དེ་་ར་ གླང་དེ་ སྡོད་སའི་གཙོ་བོ་དེ་ར་ ཚུར་གླང་ཇོ་ཕར་ཁ་གི་ ཆུའི་ཧོངས་བཅའ་ནི་དེ་གིས་ གླང་ཇོ་ཕར་ཁ་ཟེར་ འ་ནཱི་ཨིན་ལགས།