Video Overview
Mikthoe from Bueltekha in Paro District gives an account of Jangchub Choling Temple, which is located in Jabana, Paro. He talks about the founder of the temple, Lama Drakpa Jamtsho, who came from Tibet during the time of Zhabdrung Ngawang Namgyal (1594–1651). After his arrival in the country, Lama Drakpa Jamtsho went to the Bueltekha region. There, he heard a mantra being chanted from afar. He concluded then that the place where he was standing would be suitable for a residence to be built. A temple was thus founded by him in that location.
གློག་བརྙན་འདི་ སྤ་རོ་རྫོང་ཁག་ རྒྱ་འབབ་ནང་ལུ་ཡོད་པའི་ རྒྱ་འབབ་དགོན་པའི་སྐོར་ལས་ སྤ་རོ་རྫོང་ཁག་ སྦུལ་ཏི་ཁ་གཡུས་ཚན་ལས་ ཨཔ་བསོད་ནམས་སྒྲོལམ་གིས་ བཤདཔ་ཨིན་པས། ཁོ་གིས་ ངོ་མ་ར་ དུས་རབས་བཅུ་བདུན་པའི་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐབས་སུ་ བོད་ལས་ འབྲུག་རྒྱལ་ཁབ་ནང་བྱོན་ཏེ་ རྒྱ་འབབ་ལྷ་ཁང་ འགོ་ཐོག་བཅགས་གནང་མི་ དཔོན་སློབ་གྲགས་པ་རྒྱ་མཚོའི་སྐོར་ལས་ བཤད་པ་རྐྱབ་ཨིན་པས། ཁོ་འབྲུག་རྒྱལ་ཁབ་ནང་ཕེབས་ཞིནམ་ལས་ སྦུལ་ཏི་ཁའི་ལུང་གཤོང་ནང་བྱོན་པའི་སྐབས་ ཕྱོགས་སོ་སོར་ལས་ སྔགས་ཀྱི་སྒྲ་གདངས་ཚུ་ གསན་ཞིནམ་ལས་ ས་གནས་འདི་ ཁོ་ར་ས་གནས་འདི་ནང་བཞུགས་ཏེ་ ལྷ་ཁང་འདི་ཁ་གིས་བཞེངས་གནང་ནུག།
- བསོད་ནམས་སྒྲོལམ་ང་བཅས་གིས་ཞུ་ཤེསཔ་རྒྱས་ཤིང་སྤྲོཝ་སྦེ་ ག་ནི་ཡང་ཞུ་ནི་མིན་ནུག་ལགས། ཏེ་ཞུ་མ་ཤེས་རུང་ཚུལ་ཙམ་ཅིག་སྦེ་ ནཱ་ཞུ་བ་ཅིན་ད་དཔོན་སློབ་གྲགསཔ་རྒྱ་མཚོའི་སྐོར་ལས་སྦེ་ཏེ་ནཱེ་སྦེ་ཧེ་མ་སློབ་དཔོན་གྱིས་ དྲི་བ་འ་ནཱེ་སྦེ་གསུངས་དེ།
- བསོད་ནམས་སྒྲོལམ་ཏེ་ནཱེ་སྦེ་གསུངསམ་ད་ད་ང་བཅས་དཔོན་སློབ་གྲགསཔ་རྒྱ་མཚོ་འདི་ཏེ་ད་དང་པ་འབདན་མ་པ་ཁོ་ར་ཏེ་བོད་གཙང་ལས་ཨིན་པའི་ཨིན་དོཝ་མས་ལགས་ཏེ་ཡར་ལས་མར་སྦེ་བྱོན་ཏེ་སྤ་རོ་སྤ་རོ་བྱོན་སྤ་རོ་ལས་སྦེ་ ཏེ་ཞབས་དྲུང་དང་ཁོ་འདྲན་འདྲ་ ཡར་བྱོན་པའི་དུས་དུས་རབས་འདི་འདྲན་འདྲ་མས།
- བསོད་ནམས་སྒྲོལམ་ཨེང་་་གནམ་ལོ་ཡང་འདྲན་འདྲ་མས་ཁོང་གཉིས་གུ་ཏེ་དེ་ཡར་ལས་སྦེ་ཏེ་ནཱ་ལུ་ཏེ་ང་བཅས་ནཱ་རྒྱ་འབབ་དགོནམ་བྱང་ཆུབ་ཆོས་གླིང་ཁར་ལུ་ཏེ་ནཱ་བྱོན་ཏེ་སྦེ་ཏེ་ཞབས་དྲུང་གི་ཡར་ལས་མར་ཅིག་ཁར་བྱོན་ཏེ་སྦེ་ཏེ་ཡར་ནཱེམ་སྟེང་ཁ་ལབ་རྩ་ཚུན་ཚོད་ཏེ་ཞབས་དྲུང་ཡར་ལས་ཅིག་ཁར་སྦེ་བྱོན།
- བསོད་ནམས་སྒྲོལམ་ཏེ་དེ་ཨེང་་་་སྟེང་ཁ་ལབ་རྩ་གི་ཏེ་ཞབས་དྲུང་གིས་ཏེ་དཔོན་སློབ་གྲགསཔ་རྒྱ་མཚོ་ལུ་ཨཱ་ད་ང་ནཱ་ལས་མར་བདེ་ཆེན་ཞིང་ཁམས་ ཏེ་ང་ལུ་ནཱེམ་ནཱི་མེད་ཏེ་ནཱ་ལས་མར་ལུ་ཏེ་ད་རྒྱ་འབབ་ལུང་གསུམ་འདི་ནཱ་ད་ཁྱོད་ཀྱིས་ ཏེ་དབང་ཚུགསཔ་ཁྱོད་ཀྱིས་མ་སྒྲིགས་པའི་ས་མེད་ཟེར་ཁྱོད་སོང་།
- བསོད་ནམས་སྒྲོལམ་ཏེ་དེ་ལས་ ཏེ་ཞབས་དྲུང་ནཱ་ལས་ཡར་ ཏེ་ལོག་ཏེ་སྤ་རོ་བྱོན་ ཏེ་ནཱ་ལས་མར་ཏེ་ང་བཅས་ཀྱི་དཔོན་སློབ་གྲགསཔ་རྒྱ་མཚོ་ཏེ་ནཱ་རྒྱ་འབབ་དགོན་པ་ལུ་ བྱང་ཆུབ་ཆོས་གླིང་ལུ་ ཏེ་ནཱ་བྱོན་བྱོནམ་མས།ཏེ་ཡར་ལས་ཚུར་ལས་སྦེ་བྱོན་སྦེ་ཏེ་ཡར་ཏེ་དོམ་པ་ལ་ལུ་ཏེ་ ཉ་མེད་ཁོ་པ་བྱོན་ནུག
- བསོད་ནམས་སྒྲོལམ་ཏེ་ཉ་མེད་ཁོ་པ་བྱོན་པའི་བསྒང་ལས་ཡ་ནང་ལྷོད་པའི་བསྒང་ལས་ཏེ་ཡི་ནང་ མ་ཎི་གི་ཏེ་གདངས་གནམ་མེད་ས་མེད་གདངས་འདི་འཐེན་ཏེ་སྦེ་དབའི་ཏེ་མ་ཎི་གདངས་འདི་མ་འདྲཝ་ཅིག་འདུག་མནོ་བའི་གི་ཏེ་ དཔོན་སློབ་ཀྱི་ཐུགས་ལུ་འཆར་ཏེ་སྦེ་ ཏེ་མ་ཎི་གི་སྒྲ་འདི་ཡར་རྫིང་ཁ་ལས་སྦེ་ གོ་ཆེ་ནུག་ལགས།
- བསོད་ནམས་སྒྲོལམ་ཏེ་རྫིང་ལས་གོ་སྟེ་སྦེ་ཚདནི་ཏེ་ཡར་བླམ་ ཡར་རྫིང་ཁ་བྱོན་ད་ལུ་ ཡི་ནང་ལུ་རི་འདི་ཚུ་ཆ་མཉམ་ཏེ་བཀྲ་ཤིས་དར་བརྒྱད་དུང་དཀར་ནཱེམ་ དཔལ་ཡབ་ ཨིན་མས་ཟེར་མས་ཏེ་ཡི་ནང་ལྷོདཔ་ད་ཏེ་མ་ཎེ་སྒྲ་འདི་ཡར་ལས་འབད་བའི་བསྒང་ལས་ ད་ཡར་ལས་མེན་པ་ཞིནམ་ན་བྱ་མཆོག་སྒང་ཟེར་མི་འདི་ཁ་ལུ་ཏེ་འ་ཡི་རི་འ་ཡི་འདི་ཁར་ལས་ཨིན་མས་ཟེར་མས།
- བསོད་ནམས་སྒྲོལམ་ཏེ་ཡར་གྱི་རི་འདི་ཏེ་གདུགས་སྦེ་མས་ཏེ་འ་ནཱི་གདུགས་ད་ཏེ་ཡི་ནང་སོང་སྟེ་འབདཝ་ད་ཡི་ནང་ལས་འབདཝ་ད་ཏེ་ ད་རུང་ཡར་བླ་མའི་དགོན་པ་ཡར་ཨིན་མས་ཟེར་ཨིན་མས་ལགས།ཏེ་དེ་ལས་ཡར་ལས་ཚུར་ཏེ་ཡར་དུམ་ནཱེམ་བླ་མའི་དགོན་པ་བྱོནམ་ད་ཏེ་འ་ཡི་རི་འདི་ཏེ་དུང་དཀར་གཡས་འཁྱིལ་སྦེ་མས་ཟེར་མས་ལགས།
- བསོད་ནམས་སྒྲོལམ་ཨ་ཡི་ནང་ཏེ་ཨ་ཡི་ནང་ལྷོད་སྦེ་ཏེ་དེ་ལས་ཡར་ལས་ ཉན་ཁུག་འཐབ་སོང་པ་ཏེ་ཡར་ཡང་མེན་པ་ཏེ་ཨཱ་མ་ཎི་སྐད་དེ་ནཱ་ཏེ་ཨ་ནཱི་རྒྱ་འབབ་དགོན་པ་ལུ་ཏེ་ནཱ་ལུ་ཨིན་མས་ཟེར་ཏེ་ནཱི་ལས་ཡར་ལས་མར་ཏེ་ ནཱ་རྒྱ་འབབ་དགོན་པ་བྱོན་བྱོནམ་མས་ལགས།
- བསོད་ནམས་སྒྲོལམ་ཡར་རྒྱ་འབབ་དགོན་པ་བྱོན་འབད་བའི་བསྒང་ལསན་ཏེ་འ་ནཱ་བཞུགས་འབད་བའི་བསྒང་ལས་ཏེ་མ་ཎི་གདངས་འདི་མེད་པས་འེམ་་་ད་ནཱ་ལུ་ཨིན་མས་ཟེར་ ཏེ་བླམ་ཁོ་རའི་ཐུགས་ལུ་ ནཱི་འཆར་སྦེ་ ཏེ་འ་ཡི་ནང་ལུ་ ཏེ་གདན་ས་འདི་ཏེ་འ་ནཱི་རྒྱ་འབབ་དགོནམ་བྱང་ཆུབ་ཆོས་གླིང་འདི་འ་ནཱེ་སྦེ་ རྒྱ་འབབ་དགོནམ་འ་ནཱེ་སྦེ་ཆགས་ཆགསཔ་མས་ལགས།
- བསོད་ནམས་སྒྲོལམ་ཏེ་འ་ནཱེ་འབདཝ་ད་ ཁོ་ནཱ་ལས་མཇལ་བའི་བསྒང་ལས་ཡི་འདི་ཏེ་དུང་དཀར་གཡས་འཁྱིལ་ཕར་གྱི་འདི་ཏེ་དཔལ་ཡབ་ཡར་གྱི་བལཔ་སོ་སྒང་གི་འདི་ཏེ་གདུགས་སྦེ་ འ་ནཱེ་སྦེ་མཇལ།
- བསོད་ནམས་སྒྲོལམ་ཏེ་ངོ་བོ་ཆ་མཉམ་ཏེ་བཀྲ་ཤིས་རྟགས་བརྒྱད་སྦེ་ཨིན་མས་ཟེར་ཏེ་ནཱ་ལས་ཡར་རྒྱབ་ཡར་གཟིགས་པའི་བསྒང་ལས་ཏེ་རྡོ་རྗེ་ཕགམོ་རང་བྱོན་སྦེ་འ་ནཱ་འ་ནཱེ་སྦེ་ཏེ་ད་ཕར་ཏེ་གདན་ས་ཁོ་ར་ངོ་མ་ར་ཨིན་པས་ཁོ་གི་བཞུགས་ས་ཡར་ཏེ་མར་ནི་རྡོ་རྗེ་གི་མར་ལུ་སྦེ་ཏེ་ཁོ་འ་ནཱ་ཏེ་ཁོ་གི་གདན་ས་འདི་ཏེ་ནཱ་རྒྱ་འབབ་དགོན་པ་ཏེ་འ་ནཱེ་སྦེ་ཆགས་ནུག་པ་ལགས།
- བསོད་ནམས་སྒྲོལམ་རྒྱ་འབབ་འ་ནཱེ་སྦེ་ཆགས་འབདཝ་ད་ཏེ་ ཏེ་འ་ནཱེ་འབད་བའི་བསྒང་ལསན་ཏེ་ནཱ་ལས་བལྟ་བའི་བསྒང་ལསན་ཏེ་ཕར་ལས་མར་གྱི་རི་འདི་ ཕར་ལས་མར་མཇུག་མར་ལས་ཚུར་ཚུར་བཀུགཔ་ ནཱ་ལས་མར་གྱི་རི་འདི་མཇུག་ཚུར་བཀུགཔཏེ་ནཱ་ཏེ་རྡོའི་མཚོ་ཆགསཔ་སྟེ་ཆགས།
- བསོད་ནམས་སྒྲོལམ་ཏེ་མར་གནམ་མེད་ས་མེད་ཏེ་ཨེང་་་ཏེ་ནཱེམ་ འདོད་ཡོན་ལོངས་སྤྱོད་ མཚོ་འཁྱིལཝ་དེ་འཁྱིལ་ཏེ་སྦེ་ཏེ་འ་ནཱ་ཕྱི་ལུ་ཏེ་ནཱི་ཚུ་ འདོད་ཡོན་ལོངས་སྤྱོད་ཆེ་མི་ཆེ་ ག་ར་ནཱ་ལུ་ཏེ་གཅིག་ཁར་ག་ར་ཕུན་སུམ་ཚོགས་ནི་གི་སྦེ་ཏེ་ནཱ་ལུ་འ་ནཱེ་སྦེ་ཨིན་མས་ཟེར།
- བསོད་ནམས་སྒྲོལམ་ཏེ་འ་ནཱི་ཏེ་བླམ་ནཱ་གདན་ས་འདི་དེ་བསྒང་ལསན་ ཁོ་ནཱ་ཏེ་རྒྱ་འབབ་དགོན་པ་ལུ་འ་ནཱིང་བཅས་དཔོན་སློབ་གྲགསཔ་རྒྱ་མཚོ་གྱིས་ ཏེ་ནཱ་ཆགས་ཆགསཔ་ ནཱ་ཆགས་ཆགསཔ་མས།
- བསོད་ནམས་སྒྲོལམ་འ་ནཱི་ཁོ་གིས་འདི་ཏེ་མ་པ་ཁོ་རའི་ནཱེམ་གདན་ས་འབདནི་འདི་ཏེ་ ནཱི་གི་མིང་འདི་ཏེ་ཡར་སོང་ ནཱེམ་རིན་སྤུང་དགོན་པ་ཡང་ཁོ་གི་མས། ཡར་སི་ཏུ་དགོན་པ་ཡང་ཁོ་གི་མས།ཨེང་་རྫོབ་ཨེང་་་ཀོ་ཏོ་ཕུག་ཡང་ཁོ་གི་སི་སི་ལྷ་ཁང་ཡང་ཁོ་གི་མས། ཡར་བཙན་ཏོག་གྱད་མཁར་ཡང་ ཁོ་གི་གདན་ས་མས།
- བསོད་ནམས་སྒྲོལམ་ཏེ་ཨ་ཡར་ལས་མར་ ནཱ་ཏེ་ནཱ་བྱོན་ཏེ་ཨ་ནཱ་ལས་ཏེ་ནཱ་གི་ག་ར་བཅགས་འབད་ཞིནམ་ད་ ཏེ་ནཱ་ལས་མར་ཏེ་མཇུག་ལས་མར་ག་ར་རོགས་ཏེ་ཞབས་དྲུང་གིས་ བཀའ་གནང་གནངམ་འབད་ནི་དེ་གི་ཏེ་ཞབས་དྲུང་གི་བཀའ་ལུ་གནས་ཏེ་སྦེ་ ཏེ་ནཱ་ལས་མར་སྦེ་ཏེ་དུང་ནང་ལས་མར་སྦེ་ནཱ་ལས་མར་མང་སྡེ་ཁ་བྱོན།
- བསོད་ནམས་སྒྲོལམ་དུང་ནང་མར་བྱོན་ཕར་ཇ་ཕུད་བཤགས་མི་རི་ གཡསཔ་སྦྱིས་ལོ་ཧཱ་པའི་སླ་ཁ་ལུ་ལོ་ཟེར་མི་ཚུ་ནཱ་ལས་མ་བྱོན་མི་རིགས་ ཆ་མཉམ་བྱོན་ མར་ཕཱི་ཧོངས་ལས་མར་བྱོན་སྦེ་ ཏེ་མར་ཨ་ནཱི་ ཡར་པད་ཀར་ཤིང་གི་མར་བཙུགས་བཙུགསཔ་ མར་བཙུགས་བཙུགསཔ་ ཏེ་ཁོ་གི་ནཱ་ལས་མར་ཁོ་རའི་ཏེ་ཨེང་་་དབང་དུ་བསྡུས་ཏེ་སྦེ་ ཁོ་མར་འ་ནཱི་ཚུན་ཚོད་ ཁོ་མར་ལས་མར་བཅར་ནུག་ལགས་ དཔོན་སློབ་གྲགསཔ་རྒྱ་མཚོ་གིས།
- བསོད་ནམས་སྒྲོལམ་ཨཱ་ཙི་ངལ་འཚོ་གེ་ལགས།
- ཡེ་ཤེས་དབང་ཕྱུདེ་བསྒང་འབད་བ་ཅིན་ད་གདན་ས་ད་བཅགས་པའི་སྐབས་སུ་ལུ་ནཱ་གི་ད་ཨཱ་གདན་ས་བཅགས་མི་གི་ བླམ་གཞན་མི་གི་ད་ད་ལྷ་ཁང་འདི་ད་ནཱ་གི་འདྲེན་མས་ག་ལགས།
- བསོད་ནམས་སྒྲོལམ་ཨ་ད་ ནཱི་ང་བཅས་ཀྱིས་ཏེ་ ཞབས་དྲུང་དང་ཁོ་འདི་ལོ་འདྲན་འདྲ་སྦེ་ར་འཚམས་ཏེ་ཨིན་མས་ལགས།
- ཡེ་ཤེས་དབང་ཕྱུཨེང་ལགས་སོ།
- བསོད་ནམས་སྒྲོལམ་ཏེ་འདྲན་འདྲ་ར་ཁོང་གཉིས་ཀུ།
- ཡེ་ཤེས་དབང་ཕྱུདེ་བསྒང་སྐབས་ནཱ་གིས་ནཱ་ཆུང་སུ་ཅིག་སྦེ་བཞུགསཔ་ད་ལུ་ལྷ་ཁང་ག་བཟུམ་ཅིག་འདུག་ལགས་ཡར།
- བསོད་ནམས་སྒྲོལམ་སྤ་་་ནཱེ་བསྒང་འདི་ གནམ་མེད་ས་མེད་ལྷ་ཁང་རྒན་རྒས་ཡར་ཡི་ལགས་ ཡུདཔ་ཅིག་ཨ་ནཱི་ཞབས་དྲུང་ལས་ང་བཅས་སྤ་རོ་རྫོང་ལས་ ནཱི་བཞེངསམ་མགྱོག་པས་ལགས་ མགྱོགས་ནི་འདི་ཧེ་མ་ལས་དེ་བཞེངས་འདུག་ལགས།
- བསོད་ནམས་སྒྲོལམ་ཏེ་སྤ་རོ་རྫོང་འདི་ ནཱེམ་རྟིང་ལས་ཏེ་ཟླཝ་དཔོན་འབྱོར་གྱི་སྐབས་འདི་ཨིན་ ཧེ་མ་ཚར་ཅིག་མེ་བཞེས་ཚར་ནུག་ཏེ་འདི་ ཟླཝ་དཔལ་འབྱོར་གྱིས་ཏེ་ཁོ་གི་འདི་ནཱི་གི་རྟིང་ལས་བཞེངས་ཚར་ནུག་བ་ལགས་ ཏེ་ནཱ་ང་བཅས་ནཱ་གི་འདི་མེ་ཚར་གཅིག་བཞེས་ནུག་ ཏེ་ནཱི་འབད་རུང་།
- ཡེ་ཤེས་དབང་ཕྱུམི་མཆོད་ཚར་གཅིག་བཞེས་ནུག་སྨོ་ལགས?
- བསོད་ནམས་སྒྲོལམ་བཞེས་ནུག་ལགས།ཏེ་ནཱིའི་ཤུལ་ལས་ཏེ་ད་རུང་ས་ཡོམ་རྐྱབ་ གནམ་མེད་ས་མེད་ག་ར་ཨ་ནཱེ་སྦེ་ཏེ་ཉམས་ཉམས་བཅོས་ཚར་གཅིག་འབད་ནུག་ཏེ་ཉམས་བཅོས་སྦེ་འབདཝ་ད་རྩ་རྟེན་ལས་ཤུབ་སྟེ་མ་འབད་བས་ལགས།
- བསོད་ནམས་སྒྲོལམ་ཕར་ནི་ཧེ་མ་ལས་ བཞེངས་སྦེ་བསྒྲུབས་ད་ ནཱི་ཞབས་དྲུང་གིས་ ཁོ་ཧེ་མ་ལས་ སྤ་རོ་རྫོང་ལས་མགྱོགསཔ་སྦེ་བཞེངས་འདུག་ལགས།
- ཡེ་ཤེས་དབང་ཕྱུདུས་རབས་འབད་བ་ཅིན་ག་དེམ་ཅིག་ན་ཨིན་ན?
- བསོད་ནམས་སྒྲོལམ་འདྲན་འདྲ་ཕོག་སྦེ་ལགས་ ཞབས་དྲུང་དང་ཁོ་གི་འདི་ དབྱེ་བ་ར་མིན་འདུག་ལགས་ཏེ་ཁོང་གཉིས་ཀུ་ཏེ་ ཏེ་འ་ནཱི་ང་བཅས་ཀྱིས་ཏེ་སེམས་ཁ་བཞག་རོགས་ཀྱིས་སླབ་མི་ ང་བཅས་སེམས་ཁར་ཡོད།
- བསོད་ནམས་སྒྲོལམ་ད་ང་བཅས་དང་ཕུག་གི་མི་སྦེ་འབད་ནི་དེ་གིས་ཏེ་རོགས་ད་རེས་འབདཝ་ད་དུས་རབས་ལོ་ནཱེམ་རྒྱས་རབས་ལོ་ཟེར་མི་ སླབ་ཚུགས་སྦེ་བ་ལགས་ཏེ་ང་བཅས་ཀྱིས་དེ་ཚུ་ཏེ་ཞུ་མི་ཤེས་པ་ལགས་ནཱི་སེམས་ཁར་བཞག་མི་ཚུགས་པས་ལགས།
- ཡེ་ཤེས་དབང་ཕྱུདགོན་པ་གི་སྐོར་ལས་འབད་བ་ཅིན་ འ་ནཱེམ་ཅིག་ཨིན་མས་སྨོ་ལགས?
- བསོད་ནམས་སྒྲོལམ་ཨིནམ་འོང་ལགས་ འ་ནེམ་ཅིག་གི་རྩིས་འོང་ལགས།