02 Apr 2019
3 min 41 sec
Video Overview
Creators:
Tibetan and Himalayan Library
"Abso’s Mani Blessing" is commonly performed in Zangkar Khyungchu.
The song lyrics in this video include the following:
As the mountain stream is good for health,
So is singing a song, which like reciting Mani 10 million times
མདོ་སྨད་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཡོད་པའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་ཨ་བསོའི་མ་ཎི་དུང་གི་བྱིན་དང་ལྡན་པའི་གླུ་ཞེས་པ།
བརྙན་འདིའི་གླུ་ཚིག་གི་ཆ་ཤས་ནི་འདི་ལྟར། ཡ་རིས་ཨ་བསོའི་གླུ་ཞེས་པ་དེ་ནི་ང་རང་ལ་མའི་སློབ་ཡོང་བ་རེད། ཁོ་རང་མ་བུ་གཉིས་ཅན་ཞིག་ཡིན་ནི་རེད་ཟེར། ཁོའི་གླུའི་ནང་གི་གླུ་ཚིག་ལ་ཡང་དེ་ལྟར་བླངས་ཡོད། གླུ་རྫ་མཐོན་པོ་ཆུ དཀར་གསར་རུ་ཟེར་རྒྱུ་དེ་ནི་ཕན་ཡོན་ཅན་ཞིག གླུ་ཁེར་བོ་བླངས་ན་མ་ཎི་དུང་ཕྱུར་ཞིག་གི་ཕན་ཡོན་ཡོད་ཟེར།
在藏族安多邛溪壤噶地区广为流传的传统牧民民歌 -《阿索的念经祝福》。
视频中的歌词一部分以如下:
由于山涧对健康有好处,
唱一首歌也是,就像背诵1000万次玛尼。
- ཨ་སྐྱིད།ཡ་རིས་ཨ་བསོའི་གླུ་ཞེས་པ་དེ་ནི་ང་རང་ལ་མའི་སློབ་ཡོང་བ་རེད།
- ཁོ་རང་མ་བུ་གཉིས་ཅན་ཞིག་ཡིན་ནི་རེད་ཟེར།
- ཁོའི་གླུའི་ནང་གི་གླུ་ཚིག་ལ་ཡང་དེ་ལྟར་བླངས་ཡོད།
- གླུ་རྫ་མཐོན་པོ་ཆུ་དཀར་གསར་རུ་ཟེར་རྒྱུ་དེ་ནི་ཕན་ཡོན་ཅན་ཞིག་
- གླུ་ཁེར་བོ་བླངས་ན་མ་ཎི་དུང་ཕྱུར་ཞིག་གི་ཕན་ཡོན་ཡོད་ཟེར།
- རི་མགོ་སོགས་སུ་འགྲོ་དུས་ལོངས་ཞེས་ང་ལ་མ་རྒན་གྱིས་བཤད་མྱོངས།
- དེ་བས་དེ་སེམས་སུ་ལེགས་པོ་ཞིག་བསྡད་ཡོད། དེ་གཅིག་ལེན།
- རྫ་མཐོན་པོ་ཆུ་དཀར་གསར་རུ་རེད། གངས་དཀར་པོའི་རྩེ་འཛིན་བྱེད་པ།
- སེང་དཀར་མོ་སུ་རིག་ལྷ་སྡེ་རེད། མགོ་ཡར་ལ་བསྟོད་དེ་ངོམས་དགོས།
- ས་ཡག་པ་རྨ་རྨེའི་འདྲེ་མདོ་རེད། ཤར་མ་ལོ་ནོར་བུའི་གཏེར་ཆུང་།
- རུ་རྒྱ་མཚོ་ཆགས་པའི་སྡེ་བ་རེད། ཕྱུགས་བེའུ་སྐྱོང་གི་གཡང་རུ།
- ནང་རིན་ཆེན་སྣ་ལྔའི་འཁོར་སྡེ་རེད། ས་འདི་ཡུལ་གདན་གྱི་སྟེང་ན།
- གནས་ཁྱད་པར་ཁུ་དབང་ཆེན་པོ། ཆོས་འབུམ་ཆེན་དེ་རིང་སྒྲུབ་ནོ།
- སྐྱབས་ཡེ་ཤེས་མཁའ་འགྲོ་སེང་སྡོང་རེད། ཞང་བླ་མ་གདན་མགོན་ཅན་པོ།
- ཐུགས་རྒྱ་ཆེན་མངོན་པར་དགའ་བ། ཐོག་ཤར་དཀར་ལངས་ཚོ་བཅོ་བརྒྱད།
- ལག་ཚ་ཁོའི་རྒྱལ་ས་ཁ་གསུམ་རེད། འབྲུ་ཐེགས་པའི་རྔ་རིང་སྡེ་བཞི་རེད།
- མཚོ་སྔོན་པོའི་གཡས་རི་གཡོན་རི་རེད། སྟོད་ཉང་ཚིགས་ཆུ་བཞི་སྒང་དྲུག་རེད།
- ཨཱོ྆་དར་རྒྱས་ད་ལོ་ཁ་གྱེས་རེད། ཁྱོད་སྐྱབས་མགོན་གསེར་གྱི་ཉི་མ།
- འདི་མཛད་པའི་ཆོས་སྒོ་ཕྱེ་ནོ། འདི་བླ་བྲང་བཀྲ་ཤིས་འཁྱིལ་རེད།
- འདའི་སྐུ་དོན་ཆེན་པོ་སྒྲུབ་ནོ། འདི་གྲྭ་ཚང་སྟོང་ཕྲག་གསུམ་རེད།
- དེའི་ཁྲི་ཁ་གདན་ཁ་རྩི་དགོས། ཁྲི་དྲུག་འདེགས་སེང་གེ་བརྒྱད་ཁྲིམས་རེད།
- གོས་སུམ་རྩེགས་གོང་བ་སྔོན་པོ་རེད། ཁྱེད་སྐྱབས་མགོན་རང་ཉིད་མཁྱེན་པ་རེད།
- འདིར་ཇ་འོ་མར་འོ་སྐོག་དགོས། འདི་འབྲུ་མར་སེར་པོས་བསྟོད་དགོས།
- གངས་རི་དཀར་པོའི་གདུང་འཛོམས་རེད། འདི་དམར་ཡག་སྟག་གི་བུ་འཛོམས་རེད།
- འདི་ཤིང་ལོ་རྒྱས་པའི་གྲགས་འཛོམས་རེད།
- འདི་འཛོམས་གསུམ་འཛོམས་པའི་གླུ་ཞིག་རེད།
- ལྷ་བླ་མའི་སྙན་ལ་དེ་ཞོགས།