Skip to main content Skip to search
05 Jul 2018
6 min 19 sec
Video Overview
Creators: 
Norzin Lhamo

Khandu from Rinchengang Gewog shares the meaning and reasons for conducting rituals called Zandrey Khaju and Mekha. According to him, Zandrey Khaju is performed only when someone dies in other to disperse the negative lingering effects from the death. To perform it, an effigy riding a tiger needs to be prepared. The tiger-riding effigy should be led by a bird with blue thread and a monkey effigy should guide those effigies from the back with white thread.  For the Mekha ritual, there are three types: Dradho Mekha, Khajur Mekha and Jachur Mekha. Dradho Mekha is performed for the wellbeing of the all, Khajur Mekha is performed for the wellbeing of the family members, and Jachur Mekha is performed to stop evils and misfortunes. 

༉  དབང་འདུས་ཕོ་བྲང་རྫོང་ཁག་ རིན་ཆེན་བསྒང་རྒེད་འོག་ནང་ལས་མཁའ་འགྲོ་གིས་ ཟ་འདྲེ་ཁ་སྒྱུར་དང་ མི་ཁ་ཆོ་ག་གཏང་དགོ་པའི་སྐོར་ལས་ལོ་རྒྱུས་དང་བཅསཔ་སྦེ་ ཟ་འདྲེ་ཁ་སྒྱུར་དང་མི་ཁ་ཆོ་གའི་བཅའ་སྒྲིག་རྐྱབ་ཐངས་ཚུ་སྟོན་ནི་འདུག ཁོ་གིས་འབད་བ་ཅིན་ ཟ་འདྲེ་ཁ་སྒྱུར་ཆོ་ག་འདི་ མི་ཤི་ཚར་ཞིནམ་ལས་ རྩིས་ནང་ལས་འཐོན་མི་དང་བསྟུན་ཏེ་ ཕྱོགས་དང་འཁྲིལ་ཏེ་གཏང་དགོཔ་དང་ གཏོརམ་དེ་ཡང་ སྟག་གུ་བཞོན་ཏེ་ཡོད་པའི་གླུད་ཅིག་བཟོཝ་ཨིན་མས། སྟག་གུ་བཞོན་ཏེ་ཡོད་པའི་གླུད་འདི་ གདོང་ཁ་ལས་ བྱ་གླུད་སྐྱིདཔ་ཧོནམ་གིས་བཟོ་མི་གིས་འཁྱིད་དགོཔ་དང་ རྒྱབ༌ལས༌ སྐྱིདཔ་དཀརཔོ་གིས་བཟོ་བའི་སྤྱ་གླུད་ཀྱིས་བདའ་བའི་ཚུལ་སྦེ་བཟོཝ་ཨིན་པས། མི་ཁ་འབད་བ་ཅིན་ དབྱེ་བ་གསུམ་སྦེ་ཡོདཔ་ད་ དེ་ཡང་ མི་ཁ་དགྲ་བཟློག་དང་ མི་ཁ་དགྲ་སྒྱུར་ དེ་ལས་མི་ཁ་ཁ་སྒྱུར་ཟེར་ དབྱེ་བ་གསུམ་སྦེ་ཡོདཔ་ཨིན་མས། མི་ཁ་དགྲ་བཟློག་འདི་ མི་དམངས་ཀྱི་བཟློག་ཐབས་རིམ་གྲོ་དང་ མི་ཁ་དགྲ་སྒྱུར་འབད་བ་ཅིན་ བཟའ་ཚང་ནང་གི་བཟློག་ཐབས་ཚུ་ཨིནམ་ད་ མི་ཁ་རིམ་གྲོ་འདི་ རིམ་གྲོ་གི་ནང་ལས་རིམ་གྲོ་སྦོམ་ཤོས་ཅིག་ཨིནམ་སྦེ་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • མཁའ་འགྲོ་
    Khandu: འདམ་པ་མར་ར་སྐྱེལ་གཏང་ད་ མར་ར་སྐྱེལ་ད་ཡ་ཡ་ དེ་ལས་དབའེ་ འདམ་མར་སྐྱེལ་སྦེ་ མར་ལས་འོངམ་ད་ ཨ་ནཱི་ཆུ་རྡེག་འབག་ཤོག་ འཇའ་ཆི་ཆི་བཟོ་དགོ་པས།
  • མཁའ་འགྲོ་
    Khandu: ལགས་སོ་ བཀའ་དྲིན་ཆེ། ཨ་ནཱི་ མ་པ་སྟག་ཟེར་མི་འདི་ མ་པ་ང་བཅས་ར་གི་ རྒྱུད་པ་ལས་དཔྱད་པ་ཅིན་ ཡར་རི་ཁ་གི་སེམས་ཅན་སྟག་ལུ་སླབ་ཨིན་ལགས། ཏེ་སྟག་འབདཝ་ད་ལུ་ ད་ང་བཅས་ར་ག་ཅི་ཟེར་བ་ཅིན་ གཡུས་ཁ་གི་མི་རེ་ཤི་ ཏེ་ད་ དཔེར་ན་ལུ་ ཟ་འདྲེ་ཟེར་ལགས།
  • མཁའ་འགྲོ་
    Khandu: མི་ཤི་ཞིན་ན་ ད་རིས་ཟ་འདྲེ་འགོམ་བཅུ་གཉིས་ཨིན་མས་ལོ། འགོམ་བརྒྱད་ཨིན་མས་ལོ། འགོམ་དྲུག་ཨིན་མས་ལོ། འགོམ་གཉིས་ཁྱིམ་ནང་བཞགཔ་ཨིན་ལོ། འགོམ་གསུམ་ཕྱི་ཁར་ཐོན་ཡར་སོང་ཡི་ལོ་ཟེར་བ་ཅིན། འ་ནཱི་གི་ཐབས་བཟློག་ཐབས་འདི་ ཏེ་ག་ཅི་སྨོ་སླབ་པ་ཅིན་ ཏེ་ཨ་ནཱ་ཟ་འདྲེ་ཁ་བསྒྱུར་ཟེར།
  • མཁའ་འགྲོ་
    Khandu: ཏེ་ག་ཅི་ཟེར་བ་ཅིན་ ད་འ་ནཱི་ཟ་འདྲེ་འདི་ལུ་ ཁོ་ར་གི་ཟ་འདྲེ་ཁོ་ར་གི་ཆིབས་འདི་སྟག་ཨིན། ཏེ་སྟག་འདི་ཁ་ལུ་ ག་ཅི་ཟེར་བ་ཅིན་ གླུད་སྦོམ་ཅིག་བཀལ་དགོ ཏེ་གླུད་འདི་གི་ལགཔ་འདི་གིས་ སྟག་གི་ཐགཔ་འདི་ ག་ཅི་ཟེར་བ་ཅིན་ ཏེ་སྐུདཔ་འདི་ ཁོ་ར་ཨ་ནཱི་སྟག་གི་ཐགཔ་འདི་ ཁོ་ར་གླུད་འདི་གི་ཕྱག་ལུ་བཤེད་སྦེ་བཞག་དགོ་ཟེར་ཞུ་ནི།
  • མཁའ་འགྲོ་
    Khandu: ཏེ་དང་པ་སྟག་འདི་གི་ཧེ་མ་ཨ་ནཱི་གི་ སྟག་འཁྱིད་མི་འདི་ག་སྨོ་ཟེར་སླབ་པ་ཅིན་ ཏེ་ཁོ་དང་པ་འཁྱིད་མི་འདི་བྱ་ཨིན་ལགས། བྱ་གཅིག་གིས་འབད་ ཏེ་ད་མདོས་འདི་འཐགཔ་ད་ལུ་ སྐུདཔ་འདི་ཧོན་སྦེ་འཐག་དགོ་ཟེར་ཞུ་ནི།
  • མཁའ་འགྲོ་
    Khandu: ཏེ་ཨ་ནཱི་མཇུག་གི་འདི་ སྟག་བདའ་མི་འདི་ག་སྨོ་ཟེར་བ་ཅིན་ ཏེ་རི་ཁ་གི་སེམས་ཅན་སྤྲེའུ་ སྤྱ་ སྤྱ་ཨིན་ཟེར་ཞུ་ནི་ལགས། ཏེ་སྤྱ་གི་ལག་པར་འཁརཝ་གཅིག་བཤེད་སྦེ་ སྟག་འདི་བདའ་བའི་ཚུལ་སྦེ་ འ་ནཱི་སྦེ་ཨིན། ཏེ་ཁོ་ ང་བཅས་མདོས་འཐག་པ་ཅིན་ སྐུདཔ་དཀརཔོ་གིས་འཐག་དགོ་ཟེར་ཞུ་ནི་ལགས།
  • མཁའ་འགྲོ་
    Khandu: ད་སྟག་ཁར་ཆིབས་ཞིན་ན་སྦེ་ ད་ཁོ་གི་གླུད་ངོ་མ་འདི་ སྟག་འདི་གི་མགུ་ཏོ་ཁར་ཨིན། དེ་ཁར་ག་ཅི་སྨོ་ཟེར་བ་ཅིན་ ཁོ་རའི་མདོས་ཀྱི་ཐོབ་ཐངས་འབད་བ་ཅིན་ དམརཔོ་ལགས། དམརཔ་འཐག་དགོཔ་ཨིན་ཟེར་ ཞུ་ནི་ཨིན།
  • མཁའ་འགྲོ་
    Khandu: ད་འ་ནཱི་ང་བཅས་ག་ཅི་ཟེར་བ་ཅིན་ ཏེ་ཟ་འདྲེ་ཁ་སྒྱུར་ཟེར་ཏེ་ ཏེ་ཟ་འདྲེ་ཁ་སྒྱུར་སླབ་དགོ་མི་གི་ དམིགས་ཡུལ་ངོ་མ་འདི་ ཏེ་ག་ཅི་སྨོ་ཟེར་ཞུ་བ་ཅིན་ ཏེ་ང་བཅས་ར་ཁྱིམ་ནང་མི་རེ་ཤི་སྦེ་ཞིན་ལས་ ཟ་འདྲེ་འགོམ་གཉིས་འབད་བ་ཅིན་ནང་ན། གསུམ་འབདན་ཕྱི་ཁར། བཞི་ནང་ན། ལྔ་ཕྱི་ཁར་འབདཝ་ད་ལུ། ཏེ་ཁོ་གི་ཐབས་ཟློག་ཐབས་འདི་ ཏེ་ཟ་འདྲེ་ཁ་སྒྱུར་འདི་འ་ནཱི་ཨིན། ཕྱོགས་དང་འཁྲིལ་ཞིན་ན་སྦེ་གཏང་དགོ་ ཟེར་ཞུ་ནི་ལགས།
  • མཁའ་འགྲོ་
    Khandu: ཏེ་གཏང་དགོ་པའི་རྒྱུ་མཚན་འདི་ཨིན། མ་པ་རྟག་བུ་ན་བུ་ ཟ་འདྲེ་ཁ་སྒྱུར་འབད་དགོཔ་མེད། ང་བཅས་ར་མི་ཤི་ཀེམ་ཤིའི་སྡུག་བསྔལ་ཕོགཔ་འབདཝ་ད་ལུ་ ཏེ་ཟ་འདྲེ་འདི་ ག་ཅི་སྨོ་ཟེར་བ་ཅིན་ འགོམ་དང་འཁྲིལ་ཞིན་ན་ ཁོ་གཏང་དགོ ཏེ་ཁོ་རའི་ཕྱོགས་འདི་བལྟ་ཞིན་ན་སྦེ། ད་ཁོ་རའི་ཕྱོགས་འདི་བྱང་ཕོག་པ་ཅིན་ ཏེ་བྱང་ལུ་བཏང་། ཤར་ལུ་ཕོགནི་ཤར་ལུ་བཏང་། ལྷོ་ཕོགནི་ལྷོ་ལུ་བཏང་སྦེ། ད་འ་ནཱི་སྦེ་འབད་དགོ་ཟེར་ཞུ་ནི།
  • མཁའ་འགྲོ་
    Khandu: ཏེ་མ་པ་ཁོ་ར་གི་ ངོ་མ་འདི་ར་ ཏེ་ད་ཅ་ལ་འདི་སྒྲིགཔ་ད་ལུ་ ག་ཅི་སྨོ་ཟེར་བ་ཅིན་ ཡས་(མདོས་)ཚངནི་[བེམ་བསྡུསཔ་?]ཟེར་ལགས། ཏེ་ཆོ་གུ་འདི་ཨ་ཙི་བསྡུས་ད་རུང་ཁྱད་མེད། ཏེ་ཅ་ལ་འདི་ག་དེ་དྲག་དྲག་ ཡས་(མདོས་)ཚང་ཏོག་ཏོ་སྦེ་ ཏེ་སྒྲིག་དགོ་ཟེར། ཏེ་ང་རའི་ཁ་ཐུག་ལས་ ཏེ་ཞུ་ནི་ཟེར་རུང་འ་ནཱིམ་ཅིག་ཨིན་ཟེར་ ཞུ་ནི་ཨིན་ལགས། བཀའ་དྲིན་ཆེ།
  • མཁའ་འགྲོ་
    Khandu: ད་ ད་ལྟོ་ང་བཟོ་མི་འདི་མི་ཁ་ཨིན་ལགས། ད་མི་ཁ་ཟེརཝ་ད་ལུ་ མི་ཁ་འདི་ལུ་ ཏེ་ལྷམ་པ་གསུམ་ཡོད་ཟེར་ཞུ་ནི་ལགས། མི་ཁ་དགྲ་ཟློག་ཟེར་མི་འདི་འབད་བ་ཅིན་ ཏེ་དམངས་ཀྱི་རིམ་གྲོ་གི་མི་ཁ་ཨིན་ཟེར། ཏེ་མི་ཁ་ཁ་སྒྱུར་ཟེར་བ་ཅིན་ ཏེ་མི་ཁ་འདི་ང་བཅས་ར་ནཱ་གི་ ཁྱིམ་ནང་གི་མི་ཁ་ཨིན་ཟེར་ཞུ་ནི། ཏེ་མི་ཁ་བྱ་ཤོར་ཟེར་བ་ཅིན་ ཏེ་ང་བཅས་ར་གི་ཐབས་ཟློག་ཐབས་ཀྱི་མི་ཁ་ཨིན་ཟེར་ལགས།
  • མཁའ་འགྲོ་
    Khandu: ཏེ་མི་ཁ་ལུ་འབདཝ་ད་ལུ་ ཏེ་མི་ཁ་ཟེར་མི་འདི་ ང་བཅས་ར་མི་གི་ཁ་རམ། ཏེ་ག་ཅི་ཟེར་བ་ཅིན་ ནེམ་ག་ཅི་གུ་ཅི་ ཁྱིམ་ནང་ལུ་ཕོག་ཆི་བ་ཅིན་ ང་བཅས་ར་བཟའ་ཚང་གི་མི་ཁ་འདི་ཨིན། མི་ཁ་ཁ་མཆུ་ཟེར་ལགས། ད་འ་ནཱི་བཟའ་ཚང་གི་མི་ཁ་འདི་ མི་ཁ་ཁ་མཆུ་ཞུཝ་ཨིན།
  • མཁའ་འགྲོ་
    Khandu: ཏེ་མི་ཁ་དགྲ་ཟློག་ཟེར་ ཏེ་ད་ལྟོ་ང་སྒྲིག་མི་ཅ་ལ་འདི་འབད་བ་ཅིན་ མི་ཁ་དགྲ་ཟློག་ཟེར་ཞུཝ་ཨིན། ཏེ་མི་ཁ་དགྲ་ཟློག་ག་ཅི་ཟེར་བ་ཅིན་ དམངས་ཀྱི་རིམ་གྲོ་གི་དོན་ལས་ཨིན། ད་འ་ནཱི་མི་ཁ་དགྲ་ཟློག་ཟེརཝ་ད་ ཏེ་ཁོ་ མགུ་ཏོ་འདི་ཁྱུང་སྦེ་ལགས། ཏེ་ཕྱག་ལུ་སྤྲུལ་བཤེད་འབད་སྦེ་ ཏེ་ཁོ་འ་ནཱི་སྦེ་བཟོ་དགོ་ཟེར།
  • མཁའ་འགྲོ་
    Khandu: ཏེ་ཁོ་གི་ཡས་(མདོས་)འདི་ གདོང་ཁ་དམརཔོ་བཙུགས་སྦེ་འཐགཔ་ཨིན་ཟེར། ཏེ་ཕྱི་ལས་ག་ཅི་ཟེར་བ་ཅིན་ འབད་ཚུགས་པ་ཅིན་ ཏེ་ཡས་(མདོས་)འདི་གནགཔོ་བརྒྱད་འཐག ཁོ་ར་ཨ་ནཱ་གི་རང་ལོ་བརྩིསཝ་ད་དགུ་འཐགས་སྦེ་ འ་ནཱི་སྦེ་ཨིན་ཟེར་ཞུ་ནི།
  • མཁའ་འགྲོ་
    Khandu: ཏེ་མ་པ་གཙོ་བོ་ མི་ཁ་གི་རྒྱུ་ངོ་མ་འདི་ ཏེ་ག་ཅི་ལས་བརྟེན་ཏེ་སྨོ་ཟེར་སླབ་པ་ཅིན། མི་ཁ་མི་ཁ་ཟེར་སླབ་དགོ་མི་འདི་ར་ ཏེ་ང་བཅས་ར་ད་ གཏང་མི་འདི་གི་ སྦུག་བཞུགས་མི་ཚོང་སྐོརཔ་འདི་ལེགས་ཤོམ་ཡོད་དེ་ གཏང་སྟེ་གིས་འབད་འཐོན་སོང་པ་ཅིན་ ད་ང་བཅས་ངལ་མ་རངམ་གཅིག་ ཡར་བོད་ལུང་པ་སྡོད་དེ་འབད་ས་ཅིག་རུང་ར་ ཏེ་ནཱ་ལས་གཏངམ་ད་ ཡར་ཕ་རོལ་གྱི་རྩོད་པ་འདི་ཡང་ འཇོམས་ཚུགས་ཟེར་ཨིན་མས་ལགས།
  • མཁའ་འགྲོ་
    Khandu: ག་ཅི་ཟེར་བ་ཅིན་ ཁོ་གི་ཕན་ཡོད་འདི་ད་གུས་པ་འདི་འ་ནེམ་ཡོད་ཟེར་ མི་ཁ་ཟེར་སླབ་དགོ་མི་འ་ནེམ། ཏེ་ང་བཅས་ར་ནཱ་གི་ད་གཡུས་ཀྱི་ལུགས་སྲོལ་སྦེ་གཏང་པ་ཅིན་ མ་པ་མི་ཁ་འདི་ ཡུདཔ་ཅིག་ཅ་ལ་ལེགས་ཤོམ་སྦེ་བསྒྲིགས་གཏང་པ་ཅིན་ གཏང་མི་ཚུགས་ལགས་ མི་ཁ་འདི་ག་ཅི་ཟེར་བ་ཅིན་ད་
  • མཁའ་འགྲོ་
    Khandu: དང་པ་ཅ་ལ་འཚོལ་མི་ཐོབ། ་་་་་་་་ ག་ཅི་ཟེར་བ་ཅིན་ ཕུར་ས། རབ་ཆད་ཀྱི་ས། ལམ་རྒྱ་གྲམ་གྱི་ས། ད་དཔེར་ན་འབད་བ་ཅིན་དུར་ས། འ་ནཱི་ཚུ་ག་ར་ཚངམ་སྦེ་དགོ་ཟེར་ཞུ་ནི། དེ་དང་འབྲེལ་ཏེ་གིས་སྦེ་ དེ་ལས་ཏེ་ རྒྱུ་མ། ཏེ་ཁོ་ཚིག་དང་འཁྲིལ་བ་ཅིན་ [རྒྱུ་མ་་་་་རྒྱབ་རྒྱབ།?]
  • མཁའ་འགྲོ་
    Khandu: ཏེ་རྫས་ཀྱི་གྲལ་ལས་ག་ཅི་ཟེར་བ་ཅིན། ཡོད་པ་དགུ་དང་མེད་པ་དགུ་ཟེར། ཏེ་སྒོང་རྡོག་ཡང་ ཡོདཔ་ནང་ཀོ་དགུ་དང་ མེདཔ་སྟོང་དགུ་དགུ། དེ་ལས་ཨོལ་ལྐོག་ཁར་ལྦཝ་དགུ། དེ་ལས་འདི་དང་འཁྲིལ་འཁྲིལ་བའི་ དེ་ལས་ཁོ་གི་ འོག་གི་སྒྲོ་ ཁོ་གི་གཤོགཔ་འདི་ཡང་ དེ་ལས་ཁོ་གི་མགུ་ཏོ་ ད་དཔེར་ན་འབད་བ་ཅིན་ མགུ་འདི་ཁྱུང་ཨིན་ལགས། ཏེ་སྐེདཔ་འདི་མི་ཨིན་ལགས། མཇུག་འདི་སྦུལ་ཨིན། ཏེ་རྐངམ་འདི་བྱ་ཨིན་ཟེར་ཞུ་ནི།
  • མཁའ་འགྲོ་
    Khandu: ག་ཅི་ཟེར་བ་ཅིན་ ད་འ་ནཱི་མི་ཁ་ཟེར་སླབ་དགོ་མི་འདི་ ཟློག་ཐབས་ཀྱི་གྲལ་ལས་ གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་ཅིག་ཨིན། འདི་ནང་གསེས་ཉིད་ལས་ ང་བཅས་ར་ ནང་པ་སངས་རྒྱས་པའི་བསྟན་པ་འདི་ནང་ལུ་ ཏེ་ག་ཅི་ཟེར་བ་ཅིན་ རིམ་གྲོ་ཕན་ཡོན་གཞན་ཡང་ཡོད་ནི་འདི་ཡོད། ཡོད་རུང་རང་ག་ཅི་ཟེར་བ་ཅིན་ ཏེ་ཐབས་ཟློག་ཐབས་འདི་ གནམ་མེད་ས་མེད་ཕན་ཡོན་ཆེ་ཏོག་ཏོ་ཅིག་ཨིན་ཟེར་ཞུ་ནི། བཀའ་དྲིན་ཆེ།། །།