Skip to main content Skip to search
08 Dec 2016
1 min 9 sec
Video Overview
Creators: 
Tibetan & Himalayan Library, 雪域图书馆

མེ་མདའི་ཡུ་བའམ་ཕྲག་རྟེན་ནི་ཤིང་ཡིན་པ་དང་མེ་མདའི་ལྷུ་ལག་ནི་རྒྱུ་ལྕགས་ཡིན་ལ། མེ་མདའི་ཁོག་གི་མདེའུ་ནི་ཟངས་ལས་གྲུབ་པས་དེ་ལྟར་བརྗོད།

འདི་ནི་འཚོ་བའི་ཡོ་བྱད་སྐོར་གྱི་གབ་ཚིག་ཅིག་ཡིན། མེ་མདའ་ནི་བདེ་འཇགས་དང་རྒྱུ་རྐྱེན་གང་མང་དབང་གིས་དེང་སྐབས་མི་སྒེར་ལ་འཛིན་དབང་མེད་ནའང་། བོད་མི་ཚོས་འཚོ་བའི་དགོས་དབང་གིས་གནའ་ནས་མེ་མདའ་ལ་དགའ་མོས་བྱེད། འདིར་བརྗོད་པ་ནི་མེ་མདའི་གྲུབ་སྟངས་དང་དེའི་བྱེད་ནུས་ཕྱོགས་ཀྱི་གབ་ཚིག་ཅིག་ཡིན། ཤིང་གི་རྟ་ཕོ་དྲུག་ཞེང་ཅན་ཞེས་པ་ནི་མེ་མའདའི་ཡུ་བའམ་ཕྲག་རྟེན་གྱི་ཤིང་ཡིན་པ་དང་། ལྕགས་ཀྱི་སྒ་ཆ་ལྷུ་མང་ཅན་ཞེས་པ་ནི་མེ་མདའི་སྤྱིའི་གྲུབ་བྱེད་ཀྱི་ལྷུ་ལག་ནི་རྒྱུ་ལྕགས་ཡིན་པ་དང་། ཟངས་ཀྱི་བུ་ཆུང་ཞེ་སྡང་ཅན་ཞེས་པ་ནི་མེ་མདའི་ཁོག་གི་མདེའུ་ནི་རྒྱུ་ཟངས་ཡིན་ལ་བོངས་ཆུང་ཡང་ཞེ་སྡང་དང་ལྡན་པ་དེ་བརྗོད་པ་ཡིན། གོ་སླ་བར་བརྗོད་ན་མེ་མདའི་གྲུབ་སྟངས་དང་རང་བཞིན་ནི་ཤིང་གི་རྟ་ལ་ལྕགས་ཀྱི་སྒ་བརྟད་ཅིང་སྟེང་དུ་ཟངས་ཀྱི་བུ་ཆུང་ཞེ་སྡང་ཅན་ཞིག་ཞོན་ཡོད་པར་དཔེ་བྱས་པ་ཡིན།

这是一则关于武器的谜语。

这是一则关于武器的谜语。以前的枪支枪身及枪托为木质,枪管和其他组件为铁制,子弹则为铜制。长木马,安铁鞍,黄铜小儿骑在身,这则谜语的谜面把枪身比喻为马,枪管比喻为鞍,子弹比喻为小儿。

In this riddle, it is understood that a rifle’s body is made of wood, its components made of iron, and its bullets made of copper. 

Transcript search
No results found for this search
0 of 0