Video Overview
A prophecy foretold that the great Zhabdrung Ngawang Namgyal would come to Bhutan. In 1616, he was compelled to flee Tibet. Following visions in which the chief guardian deities of Bhutan offered him a home, Zhabdrung established a new base in western Bhutan. It is said that when this master came to the country, the Bhutanese people sang the zhungdra song “How Qualified Masters Gather."
ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ འབྲུག་རྒྱལ་ཁབ་ནང་བྱོན་ནིའི་ ལུང་བསྟན་དུས་ལུ་བབས་ཏེ སྤྱི་ལོ་ ༡༦༡༦ ལུ་ བོད་ལས་ འབྲུག་རྒྱལ་ཁབ་ནང་འབྱོག་སྟེ་བྱོན་གནང་ནུག། ཏེ་འབྲུག་གི་ཆོས་སྲུང་གཙོ་བོ་གིས་ ཁོ་ལུ་གདན་ས་ཕུལ་ཏེ་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ འབྲུག་གི་ནུབ་ཕྱོགས་ལུ་ གདན་ས་བཅགས་གནང་ཡོདཔ་ད་ སླབ་ལུགས་དང་འཁྲིལ་བ་ཅིན་ བླམ་འདི་ འབྲུག་རྒྱལ་ཁབ་ནང་བྱོནམ་ད་ འབྲུག་གི་མི་སེར་ཚུ་གིས་ གཞུང་སྒྲའི་གླུ་གཞས་ མཚན་ལྡན་ཚོགས་པའི་ཚོགས་གླུ་ཟེར་མི་འདི་འཐེན་ཡི་ཟེར་ཨིནམ་ད་ གླུ་གཞས་འདི་ཡང་ མགར་ས་རྫོང་ཁག་ ལ་ཡག་ལས་རྒེད་འོག་ལས་ པདྨ་དབྱངས་ཅན་གྱིས་འཐེན་ཡི་ཟེར་མས།
- Gasa
- Laya
- པདྨ་དབྱངས་ཅན།མཚན་ལྡན་ཚོགས་པའི་ཚོགས་གླུ་བཤད་མི་དགོ།
- པདྨ་དབྱངས་ཅན།མཚན་ལྡན་ཚོགས་པའི་ཚོགས་གླུ་ལ་བཤད་དགོ་ན།།
- པདྨ་དབྱངས་ཅན།དབུ་ཞྭ་གནམ་ལུ་མ་ལྡིང་(རེག་)རེག་གི་སྡོམ་པ་གཅིག།
- པདྨ་དབྱངས་ཅན།ཤམ་ཐབས་ས་ལུ་མ་གཞོལ་ཆོས་ཀྱི་སྡོམ་པ་གཉིས།།
- པདྨ་དབྱངས་ཅན།ན་བཟའ་བར་ལ་རླུང་དར་འགྱུར་(འཕྱར་)བ་གསུམ་ཟེརཝ་ད་ཡ་ལ།།
- པདྨ་དབྱངས་ཅན།རླུང་དར་རྒྱལ་པོའི་སངས་རྒྱས།།(ཨོ་ལོ་དད་པའི་མཚན་ལྡན། །)
- པདྨ་དབྱངས་ཅན།སངས་རྒྱས་འཁོར་ལོ་(སྟོང་གི་)རྣམ་སྤྲུལ་ཐོབ་པ་ལགས་སོ།།ལགས་སོ་ལེགས་མོ་ཡ།ཟེར་འ་ནཱིམ་ཅིག་ར་ཨིན་པས་སྨ་རེད་ཨང་རྒས་སྐད་མིན་འདུག་སློབ་དཔོན།། །།