Video Overview
Tshering Dema from Khoma village sings "Guntey Thoenpo", a local boedra song. This song describes the spiritual practices that constitute one's path towards attaining awakening, or nirvana. According to the lyrics, a stainless hermitage is built at the 'ridge' of the sky, signifying a path to practice the Dharma. It says one should regularly make offerings in all seasons. To illustrate this point, the lyrics say that while there are always hundreds of flowers that can be offered during the summer, there is an abundance of water that can be offered during the winter. Furthermore, there are hundreds of ritual cakes called torma that can be offered in both summer and winter. This song was passed orally down from generation to generation in Khoma village. It is usually sung during celebrations, rituals and while working. Unfortunately, it is losing popularity nowadays, and most younger people are not maintaining the tradition.
༉ ཁོ་མ་གཡུས་ཚན་ལས་ཚེ་རིང་སྒྲོལ་གིས་འཐེན་ཡོད་པའི་གླུ་གཞས་དགུང༌སྟོད༌མཐོན༌པོ་འདི་ འབོད་སྒྲའི་གྲལ་ལས་རྙིང་ཤོས་ཅིག་ཨིན། གླུ་གཞས་འདི༌གིས༌ རང༌ཉིད༌ཐར༌པ༌འཐོབ༌ནིའི༌དོན༌ལུ༌སྦྱང༌བ༌འབད༌ཐངས༌སྐོར༌ལས༌སླབ༌ཨིན༌མས། གླུ་གཞས་ཀྱི་ཚིག༌དང༌འཁྲིལཝ༌ད༌ གནམ་ཁའི་ཟེ་ལུ་གཙང་མའི་མཚམས་ཁང་གཅིག་རྐྱབ་ཡོད་མི་འདི་གིས་ཆོས་འབད་ནི་གི་ལམ་སྟོན་འབདཝ་ཨིནམ་མ་ཚད་ མི་ལུ་འགྱུར་བ་མེདཔ་དང་ དུས་ལུ་ཁྱད་པར་མེདཔ་མཆོད་སྦྱིན་འབད་དགོ་ཟེར་བཤདཔ་ཨིན་མས། དེ་རྒྱས་བཤད་རྐྱབ་པ་ཅིན་ ནམ་བྱཱར་ལུ་མེ་ཏོག་བརྒྱ་སྦེ་མཆོད་པ་ཕུལ་ནི་ཡོད་དོ་བཟུམ་དང་ གནམ་དགུན་ལུ་ཆུ་བརྒྱ་སྦེ་ཡོདཔ་ཨིན། དེ་མ་ཚད་ ནམ་བྱཱར་དགུན་གཉིས་ལུ་ཕུལ་ནིའི་གཏོརམ་བརྒྱ་སྦེ་ཡང་ཡོད། དེ་ལུ་བརྟེན་ཏེ་ གླུ་གཞས་དེ་གི་མཆོད་སྦྱིན་འདི་ ཐར་པ་འཐོབ་ནིའི་དོན་ལུ་འབད་དགོ་ཟེར་ བརྡ་སྟོནམ་ཨིན་མས། གླུ་གཞས་དེ་ ཁོ་མ་གཡུས་ཚན་ནང་ཧེ་མའི་མི་རབས་ཚུ་གིས་ངག་ཐོག་ལས་བརྒྱུད་དེ་ དགའ་སྟོན་དང་ལོ་མཆོད་ དེ་ལས་ལཱ་འབད་ས་ལས་ཕར་འཐེན་སྲོལ་འདུག གླུ་གཞས་དེ་ཡོངས་གྲགས་ཅན་ཅིག་མེནམ་ལས་བརྟེན་ ཕམ་རྒན་རྒས་མ་གཏོགས་གཞོནམ་ཚུ་གིས་སྤྲོ་བ་མི་བསྐྱེད་དོ་ཡོདཔ་ཨིན་རུང་ ཕམ་རྒན་རྒས་ཚུ་གིས་ལེགས༌ཤོམ༌སྦེ་ཉམས༌སྲུང༌འབད༌དེ༌འདུག།
- Lhuntse
- Khoma
- Tshering Dema: ཡས་ཀྱི་དགུང་སྟོད་མཐོན་པོའི་ཕྱོགས་ལ་་་་་ ཡས་ཀྱི་དགུང་སྟོད་མཐོན་པོའི་ཕྱོགས་ལ་སྭོ་ཡ་ལ། རང་སེམས་དཀར་བའི་དགོན་བཟང་བཞེངས་ཡོད་སྭོ་ཡ་ལ། །རང་སེམས་དཀར་བའི་དགོན་བཟང་བཞེངས་ཡོད་སྭོ་ཡ། །ཚེ་རིང་སྒྲོལ་མ
- Tshering Dema: རང་སེམས་དཀར་བའི་དགོན་བཟང་མ་རེད་སྭོ་ཡ་ལ། །ཆོས་ལ་འགྲོ་བའི་ལམ་བུ་ཡིན་པ་(ནོ་)སྭོ་ཡ་ལ། །ཆོས་ལ་འགྲོ་བའི་ལམ་བུ་ཡིན་ནོ་སྭོ་ཡ། །ཚེ་རིང་སྒྲོལ་མ
- Tshering Dema: དབྱར་ཀའི་དུས་སུ་མཆོད་པ་བཞེས་ལ། །དབྱར་ཀའི་དུས་སུ་མཆོད་པ་བཞེས་ལ། །མེ་ཏོག་བརྒྱ་ཡི་མཆོད་པ་བཞེས་ལ། །མེ་ཏོག་རྒྱ་ཡི་མཆོད་ལ་པ་བཞེས། །ཚེ་རིང་སྒྲོལ་མ
- Tshering Dema: དགུན་ཁའི་དུས་སུ་མཆོད་པ་བཞེས་ལ། །དགུན་ཁའི་དུས་སུ་མཆོད་པ་བཞེས་ལ། །ཆུ་མོ་བརྒྱ་ཡི་མཆོད་པ་བཞེས་ལ། །ཆུ་མོ་བརྒྱ་ཡི་མཆོད་ལ་པ་བཞེས། །ཚེ་རིང་སྒྲོལ་མ
- Tshering Dema: དབྱར་དགུན་མེད་པ་མཆོད་པ་བཞེས་ལ། །དབྱརལ་དགུན་མེད་པ་མཆོད་པ་བཞེས་ལ། །བཞེས་ཟ་(ཞལ་ཟས་)བརྒྱ་ཡི་མཆོད་པ་བཞེས་ལ། །བཞེས་ཟ་(ཞལ་ཟས་)བརྒྱ་ཡི་མཆོད་ལ་པ་བཞེས། །ཚེ་རིང་སྒྲོལ་མ
- Tshering Dema: ལགས་སོ་ལགས།། །།ཚེ་རིང་སྒྲོལ་མ