12 Oct 2014
2 min 27 sec
- ཡ་རོ།
- གཡུ་བྲུག་དཀར་གང་གི་གང་ན་ཡོད། གཡུ་བྲུག་དཀར་བྲག་དམར་ཀླད་ན་ཡོད།
- བྲག་དམར་པོ་མ་གཏོར་མི་ལོན་གི བྲག་དམར་པོ་གཏོར་ནས་ལོན་གི་ར།
- བྱ་ཐང་དཀར་ཐུགས་ལ་གནོད་འགྲོ་གི བྱ་ཐང་དཀར་ཐུགས་ལ་གནོད་ནས་ར།
- གཡུ་བྲག་དཀར་མི་ལེན་བསྐྱུར་འཇོག་ག
- ཡ་རོ།
- སྲམ་ལག་དཀར་གང་གི་གང་ན་ཡོད། སྲམ་ལག་དཀར་ཆུ་ཆེན་དཀྱིལ་ན་ཡོད།
- ཆུ་སྟོད་ནས་མ་བཀག་མི་ལོན་གི ཆུ་སྟོད་ནས་བཀག་ན་ལོན་གི་ར།
- ཉ་གསེར་མིག་ཐུགས་ལ་གནོད་འགྲོ་གི ཉ་གསེར་མིག་ཐུགས་ལ་གནོད་རག་ར།
- སྲམ་ལག་དཀར་མི་ལེན་བསྐྱུར་ནས་འཇོག
- ཡ་རོ།
- བུ་ཡག་པ་གང་གི་གང་ན་ཡོད། བུ་ཡག་པ་བཟང་མང་གྲབ་ན་ཡོད།
- བཟའ་ཆ་ཚང་མ་གཏོར་མི་ལོན་གི བཟའ་ཆ་ཚང་གཏོར་ན་ལོན་གི་ར།
- དྲིན་ཕ་མའི་ཐུགས་ལ་གནོད་འགྲོ་གི དྲིན་ཕ་མའི་ཐུགས་ལ་གནོད་རག་ར།
- བཟའ་ཆ་ཚང་མི་གཏོར་བསྐྱུར་ནས་འཇོག