09 Oct 2014
1 min 27 sec
- ཡ་ལེ། ང་ཆུང་ཆུང་ཞ་ཡེ་ཡིན་དུས་ན། ངའི་མགོ་ན་བོག་སྐྱ་ཡོད་དུས་ན།
- ཡ་ལེ་གོ། རྗེ་བླ་མའི་ཕྱག་མདུད་སྐེ་ན་ཡོད། ང་དེ་དུས་ཨ་ཕམའི་གཅེས་ཕྲུག་རེད།
- ཡ་རོ། ལོ་ལྔ་གསུམ་བཅོ་ལྔ་ལོན་དུས་ན། ངའི་ཞོན་པ་འདོ་རིག་རྟ་བོ་རེད།
- ཡ་ལེ་གོ། ངའི་ཁུར་རྒྱུ་ཁྲ་རིང་ར་གཉིས་རེད། ང་དེ་དུས་དགྲ་ལྷ་འཁོར་དེ་རེད།
- ཡ་ལེ། ལོ་ལྔ་བཅུ་དྲུག་ཅུ་ལོན་དུས་ན། ཁ་མི་དལ་མ་ནི་ཡིག་དྲུག་རེད།
- ཡ་ལེ་གོ། ལག་མི་དལ་དངུལ་དཀར་འཁོར་ལོ་རེད། ང་དེ་དུས་དགེ་བ་སྒྲུབ་ཚད་རེད།