18 Mar 2016
3 min 9 sec
- འདིའི་འདུ་ཁང་དམར་པོ་ཆབ་འོག་ན། ཡེ་རེ་ལོ།
- དམར་ཤུགས་སེ་འཚོག་ནོ་གྲྭ་ཚང་རེད། ཡ་རེ་ལོ།
- ཞྭ་ཕུད་ནས་ཕྱག་གསུམ་ག་ལེར་མཚོས། ཡ་རེ་ལོ།
- ཚེ་ཕྱི་མའི་ལམ་འདྲེན་གན་སོ་རེད། ཡ་རེ་ལོ།
- འདིའི་ལབ་ཙེ་དཀར་པོའི་མཆན་འོག་ན། ཡ་རེ་ལོ།
- དམར་ཤུགས་སེ་འཚོག་ནོ་གཞི་བདག་རེད། ཡ་རེ་ལོ།
- བསང་ཕུད་ནས་ཀུ་གསུམ་ག་ལེར་ཐོབ། ཡ་རེ་ལོ།
- སྟག་ཤ་རེའི་མགོན་སྐྱོབ་གན་སོ་རེད། ཡ་རེ་ལོ།
- འདིའི་སྦྲ་རྒན་གྲུ་བཞིའི་མཆན་འོག་ན། ཡ་རེ་ལོ།
- མགོ་དཀར་པོ་ལོག་ནོ་ཕ་མ་རེད། ཡ་རེ་ལོ།
- ཟས་ཞིམ་པོ་ཡོད་ན་གན་ལ་སྤྱིན། ཡ་རེ་ལོ།
- ཆུང་ལོ་གཅིག་སྟེང་གི་གཉོར་ནོ་རེད། ཡ་རེ་ལོ།
- ཆུང་ལོ་གཅིག་སྟེང་གི་གཉོར་ནོ་རེད། ཡ་རེ་ལོ།