05 Aug 2019
22 min 17 sec
Audio Overview
Creators:
Tashi Gyel
སྐྱ་རྒྱའི་ཀ་ར་སྒང་གི་འཆམ་དེ་གཙོ་བོར་ངོ་སྤྲོད་བྱས།
这里主要介绍了迦吉噶然岗地区的神舞。
This speech introduces the religious dance of Skyagyu Kara Gang.
བོད་ཁམས་ཡོངས་སུ་དགོན་པ་དང་སྔགས་ཁང་དུ་འཆམ་རྟག་པའམ་འཆམ་འཁྲབ་རྒྱུ་ཡོད། དེ་དག་སོ་སོའི་འཆམ་གྱི་མགོ་མཇུག་བར་གསུམ་ཚང་མ་ཇི་མ་ཇི་བཞིན་དུ་འདྲ་མཚུངས་མིན་འདྲ་བའི་ཆ་ཡང་མང་པོ་ཡོད། འདིར་སྐྱ་རྒྱའི་ཀ་ར་སྒང་གི་འཆམ་གྱི་ཚན་པ་རེ་རེ་དང་དེའི་མཚོན་དོན་རྣམས་བརྗོད་ཡོད།
整个藏区的寺院及密宗院都有跳神舞的传统。然而,这些神舞的表演过程中有许多不同的地方。这里主要讲述了贾吉噶绕岗神舞的每个段落及其寓意。
- འོད་སྲུང་།སྐྱ་ནག་སྒང་གི་འཆམ་བཤད།
- སྐྱ་ནག་སྒང་གི་འཆམ་བཤད་ན།
- ཐོག་དང་པོར་སྔགས་དམངས་ཀྱིས།
- བཀའ་རྒྱུད་འདོན་དགོས་པ་རེད།
- འདུ་ཁང་ནང་ནས་མཆོག་པ་འདོན་དགོས་པ་རེད།
- མཆོག་པ་བཏོན་ནས་མཆོག་པ་རྔ་མ་བསྡུས་ཏེ།
- སྐྱ་ནག་ཤོག་ག་མ་ཎི་ལ་འཚོགས་ཏེ།
- སྐྱ་ནག་ཤོག་ག་མ་ཎི་ལ་འཚོགས་ཏེ་གྲལ་དགུ་ཡོད་པ་རེད།
- གྲལ་དགུ་ཡི་ནང་དུ་སྡེ་བ་བཅུ་གཅིག་ཡོད་པ་རེད།
- འདིའི་སྟེང་ནས་དེའི་ནང་ན།
- སྲུང་འབྲོག་དགོན་པ་ཡི་གྲྭ་བ་གཉིས་ཡོད།
- འདི་འདྲ་ཞིག་གི་སྟེང་འདི་ནས་མ་ཎི་དུང་ཕྱུར་སྒྲུབ།
- མ་ཎི་དུང་ཕྱུར་གྱི་རྔ་མ་འདི་ནས།
- སྨྱུང་གནས་སྟོང་དཀར་འདི་སྒྲུབ།
- སྨྱོང་གནས་སྟོང་དཀར་དེ།
- སྐྱ་ནག་སྒང་འདིར་ལོ་རེ་ལོ་འཁོར་ལ།
- མ་ཎི་ལ་སྦྱིན་བདག་ཡོད་པ་མ་ཟད།
- སྨྱུང་གནས་ཚང་མར་ལོ་རེ་ལོ་རེར་སྦྱིན་བདག་བུད་ནས།
- ད་ལོར་ཉིས་སྟོང་དུ་ཡིན་ནམ།
- ཉིས་སྟོང་ཉི་ཤུ་རྩ་ལྔ་བར་དུ།
- སྦྱིན་བདག་གྲལ་བསྒྲིགས་ཡོད་གི་ཟེར།
- དེ་འདྲ་ཞིག་གི་སྟེང་ནས་སྐྱ་ནག་ཤོག་ག་ཡི།
- མ་ཎི་སྨྱུང་གནས་འདི་འདྲའི་ཁྱབ་ཆེ་བ་ཞིག་རེད།
- དེང་མ་ཡིན་ན།
- སྐྱ་ནག་སྒང་གི་འཆམ་ལ་འགྲོ་རྒྱུ་ཟེར་ན།
- མང་འབའ་བྱ་གསུམ།
- མཚོ་སྔོན་པོ་གཡས་རི་གཡོན་རི།
- དེ་ཚང་མ་ཡོང་བ་རེད།
- ཡོང་ན་བཞི་བ་ནང་ཡིན་པ་རེད།
- ས་ཆ་ཐམས་ཅད་སྔོན་པོ་ཡིན་པ་རེད།
- སྐྱ་ནག་གི་འཆམ་ལ་འགྲོ་ཟེར་ནས།
- དེ་ལྟར་ཡོང་བའི་རྒྱུ་མཚན་དེ་འདྲ་རེད།
- ཕལ་ཆེར་མང་འབའ་བྱ་གསུམ་ན་ཉེ་བོ་ཡང་ཡོད་པ་རེད།
- ཉེ་བོ་ཡོད་ན་མེད་ན།
- མང་འབའ་བྱ་གསུམ་དང་མཚོ་སྔོན་པོ་གཡས་རི་གཡོན་རི།
- གནས་ཐག་ཉེ་འདི་རུ་བཤད་རྒྱུ་ཡོད་པ་མ་རེད།
- ཅི་བཤད་རྒྱུ།
- སྐྱ་ནག་རིན་ཆེན་ཆོས་གླིང་སྒང་ལ།
- མི་ཁྲི་ཕྲག་མང་པོ་འདུས་པ་རེད།
- འདིའི་སྟེང་འདི་ནས།
- ནང་ནས་བྱིས་པ་བོར་སོང་ན།
- མྱུར་དུ་མི་རྙེད་པ་རེད།
- དེ་འདྲའི་མི་ཚོགས་ཆེན་པོ་ཞིག་ཡོད་པ་རེད།
- དེ་ཡིན་ན་མ་ཎི་སྨྱུང་གནས་གྲོལ་སོང་བ་རེད།
- མ་ཎི་སྨྱུང་གནས་གྲོལ་སོང་ན།
- མ་ཎི་སྨྱུང་གནས་བཞི་བའི་བཅུ་གཉིས་ཀྱི་ཉིན་མོར་གྲོལ་བ་རེད།
- གྲོལ་སོང་ན་འཆམ་རེད།
- མ་ཎི་གྲོལ་སོང་བ་རེད།
- སྨྱུང་གནས་རྗེས་སུ་བཞག་ཡོད་པ་རེད།
- དེ་ཡིན་ན་བཅུ་གཉིས་ཀྱི་ཉིན་མོར་མ་ཎི་གྲོལ་བ་རེད།
- གྲོལ་སོང་ན་བཅུ་བཞི་ཡི་སྔ་མོར།
- ཕྱིར་སྨྱུང་གནས་ལ་འཚོག་དགོས་པ་རེད།
- དེ་ཡིན་ན་གན་རྗེས་མར་བཤད།
- སྨྱུང་གནས་རྗེས་ནས་བཤད།
- བཅུ་གསུམ་གྱི་ཉིན་མོར་འཆམ་རེད།
- འཆམ་ཡིན་ན་ཨ་ཁུ་དཔོན་ཚང་མ།
- འདུ་ཁང་ནང་དུ་འཚོགས་ཏེ་མཆོག་པ་གསུང་བ་རེད།
- ཨོ་ལེད་་་མཆོག་པ་གུ་དྲག་གསུང་བ་རེད།
- གསུང་ནས་མཆོག་པ་སྒྲུབ།
- འཆམ་གྱི་མགོར་ཐོན་ནས།
- མར་ཕེབས་དགོས་པ་རེད།
- མར་ཕེབས་ན་འདིའི་སྟེང་འདི་ནས།
- སྔོན་ལ་ཁོ་ཚོ་རྣམ་པ་ཚོའི་མ་ཎི་སྒྲུབ་ནས།
- མ་ཎི་དུང་ཕྱུང་ཞིག་བཏོན་ན།
- མ་ཎི་བུམ་པ་ཡོད་པ་རེད།
- མ་ཎི་བུམ་པ་དེ།
- གྲལ་གྲལ་གྱི་བར་ལ་བཟུང་ཐག་འཐེན་ནས་བཞག་ཡོད།
- མ་ཎི་བུམ་པ་ཡི་ཁ་ལ།
- ཁ་བརྒྱབ་ནས་ལ་ཅ་ལ་ཐེའུ་བྱས་ནས་བཞག་ཡོད།
- འདིའི་སྟེང་འདི་ནས།
- ཉི་མ་དེར་མ་ཎི་རིལ་བུ།
- མ་ཎི་བུམ་པ་ཡི་ནང་དུ་གང་ནས་བསྡད་ཡོད།
- གང་ནས་བསྡད་ཡོད་ན།
- སྔགས་དམངས་ཀྱིས་གདུགས་རྒྱལ་མཚན་བཟུང་སྟེ།
- ཨོ་ལེད་་་ཙི་དུང་བུས་ཏེ།
- གདུགས་དང་ཐམས་ཅད་བཟུང་སྟེ།
- འདི་ལྟར་སྔགས་དམངས།
- ད་བར་སྔགས་པ་ཡོད་པ་ནི།
- སྔགས་པ་བརྒྱད་ཅུ་གྱ་བརྒྱད་གྱ་དགུ་ཡོད་གི་ཟེར།
- འདི་འདྲ་ཞིག་གིས་གསང་བདག་དཔའ་རིས་ཞིང་།
- དེར་སྨོན་ལམ་བརྒྱག་པ་རེད།
- གསང་བདག་དཔའ་རིས་ཞིང་ལ་སྨོན་ལམ་ཅི་ལྟར་བརྒྱག་དགོས་ཟེར་ན།
- འདུ་ཁང་གི་མར་ན་རྡོ་ཆ་ཆེ་བ་རེད།
- རྡོ་ཆ་དེའི་སྟེང་ནས།
- ནོར་བུ་རྒ་འཁྱིལ་ཞིག་རི་མོར་བྲིས་ནས་བཞག་སྟེ།
- སྐོར་བ་བྱས་ནས་འགྲོ་དགོས་པ་རེད།
- སྐོར་བ་བྱས་ནས་སོང་སྟེ།
- སྐོར་བ་དེའི་རྔ་མ་ནས།
- ཕྱིར་འདུ་ཁང་ནང་དུ་ཕེབས་དགོས་པ་དེ་འདྲ་ཞིག་རེད།
- དེ་ཡིན་ན་གསང་བདག་དཔའ་རིས་ཞིང་ལ།
- སྨོན་ལམ་བརྒྱབ་སྟེ་འགྲོ་བ་རེད།
- སྔགས་དམངས་འགྲོ་དགོས་ན།
- སྔགས་དམངས་ཀྱིས་སྔོན་ནས་གདུགས་རྒྱལ་མཚན་བཟུང་སྟེ།
- ཙི་དུང་བུས་ཏེ།
- ཨོ་ལེད་་་དེའི་འཕྲོ་ནས་མ་ཎི་བུམ་པ།
- མཆོད་འོག་གི་བྱ་ནག་ཧོར་ཁ་གྱོན་ཏེ།
- ཁ་ཐུམ་བརྒྱབ་སྟེ།
- མ་ཎི་བུམ་པ་ཞུས་ནས་ཡོང་ན།
- དེའི་འཕྲོ་ནས་ཨ་ལགས་རྡོ་རྗེ་འཛིན་པ་ཡིས་ལག་ཏུ།
- སྤོས་ལྡན་བྱས་ཏེ་ཡོང་དགོས་པ་རེད།
- ཡོང་ན་དེའི་འཕྲོ་ནས་ཅི་རེད་ཟེར་ན།
- རྡུང་བརྒྱག་ཡོད་པ་རེད།
- རྡུང་བརྒྱག་ཡོད་ན་རྡུང་བརྒྱག་ཚོ།
- རྡུང་བརྒྱག་སྦུག་ཆ་རྡུང་བ།
- མི་ཉི་ཤུ་ཆ་རེ་ཡོད།
- འདིའི་སྟེང་ནས།
- བྱ་ནག་ཧོར་ག་གྱོན་ཏེ།
- གཟན་གྱོན་པ་གཟན་དཀར་བ་རེད།
- གཟན་གྱོན་པ་དང་ཤམ་ཐབས་གྱོན་པ།
- ཨོ་ལེད་་་འདིའི་སྟེང་ནས།
- འདི་ལྟར་རྡོ་ཆ་ཁུག་ལ་ཡོང་སྟེ།
- རྡོ་ཆ་ཁུག་ནས་སྐོར་བ་བྱས་ཏེ་སོང་ན།
- རྡོ་ཆ་ཁུག་ནས་དཀྱིལ་དུ་ཐོན་དུས།
- ད་རུང་གཞུག་མ་འདུ་ཁང་ནང་ནས་ཕེབས་བཞིན་ཡོད།
- རྡོ་ཆ་ཁུག་ནས་དྲང་མོར་ཕེབས་པ་མ་རེད།
- ནོར་བུ་སྒ་འཁྱིལ་གྱི་རི་མོ་བྲིས་ཡོད་པ་རེད།
- དེར་གོར་གོར་བྱས་ཏེ།
- དེའི་ནང་དུ་གོར་གོར་བྱས་ཏེ་སོང་ནས།
- རྗེས་མ་ད་རུང་འདུ་ཁང་ནང་ནས།
- ད་རུང་ཡོང་ནས་མ་ཚར་བར་བསྡད་ཡོད།
- འདིའི་སྟེང་ནས་ཚང་མ་ཁུག་ལ་ཐོན་དུས།
- གོར་གོར་བྱས་ཏེ་དཀྱིལ་ལ་སོང་བ་དང་།
- དཀྱིལ་ནས་ཕྱིར་བཤིག་དུས།
- ཨ་ཁུ་དཔོན་ཚོ་རྡོ་ཆའི་སྟེང་ལ་ཆུད་མི་ཆུད།
- ཀྱིག་ཀྱིག་ཀྱིག་ཡིན་པའི།
- སྔགས་དམངས་ཡོད་པ་རེད།
- ཡོད་ན་དེ་ཅི་རེད་ཟེར་ན།
- གསང་བདག་དཔའ་རིས་ཞིང་ལ་སྨོན་ལམ་རྒྱག་པ་རེད།
- མ་ཎི་བུམ་པ་དེ།
- དེ་ལྟར་བྱས་ནས་ཕྱིར་འདུ་ཁང་ལ་སྐོར་བ་རྒྱབ།
- གཡས་སྐོར་རྒྱབ་སྟེ།
- འདི་ནས་འདུ་ཁང་ལ་སྐོར་བ་རྒྱབ་སྟེ།
- ཕྱིར་འདུ་ཁང་ནང་དུ་ཕེབས་ཏེ།
- རང་རང་གི་གདུགས་རྒྱལ་མཚན་ལ་སོགས་པ་བཞག་སྟེ།
- རང་རང་གི་ན་བཟའ་ཚང་མ་ཕུད་དེ།
- རྡུང་བརྒྱག་ཡོད་པ་རེད།
- རྡུང་རྒྱག་པའམ་རྡུང་རྒྱག་རྣམ་པ་ཚང་མས།
- ན་བཟའ་གྱོན་ནས་ཡོང་སྟེ།
- ཕ་རོལ་རྡོ་ཆ་ཁ་ནས་ཁྲི་བརྒྱབ་ཡོད་པ་རེད།
- ཁྲི་ཡི་ཐོག་ནས།
- རྡུང་རྒྱག་རྣམ་པས་རྡུང་རྒྱག་རྒྱུ་རེད།
- འཕྲོ་མ་རྒན་པ་རྣམས་ཀྱིས།
- རྡོ་ཆ་ཁ་ནས་བཞུགས་གདན་བཏིང་ནས་བཞག་ཡོད་ན།
- བཞུགས་གདན་སྟེང་ནས་སྔགས་རྒན་དང་དཔོན་རྒན་ཚང་མས།
- དེ་ལྟར་ཁ་དེ་ནས།
- རྡོ་ཆ་ཁ་ནས་མར་བལྟས་ནས་འདུག་རྒྱུ་རེད།
- དེ་ཡིན་ན་གཉེར་པ་ཚང་མས།
- རྡུང་རྒྱག་དང་རྒན་པ་ཚང་མར།
- བསུ་ཇ་དྲངས་ནས་དེ་ལྟར་བྱེད་དགོས།
- སྔོན་ན་སིལ་ཏོག་སྣ་ཚོགས་བསྒྲིགས་པ།
- དེ་ལྟར་བྱེད་དགོས།
- མཚམས་དེ་ནས་འཆམ་པ་རེད།
- འཆམ་པ་སུམ་ཅུ་ཆ་རེ་ཡོད་པ་རེད།
- འདིའི་སྟེང་འདི་ནས་སྔོན་ནས་ས་འདུལ་ཟེར་བ།
- ས་དེ་གཅོག་པའི་ས་གཅོག་རེད།
- ས་གཅོག་གི་འཆམ་པ་གཉིས་ཡོད།
- ཁོའི་མིང་ལ་ས་འདུལ་ཟེར།
- ས་འདུལ་གཉིས་ཡོད་པ་རེད།
- ཁྲོ་བོ་དང་ཁྲོ་མོ་གཉིས་ཡོད་པ་རེད།
- གཉིས་ཀ་ཡོང་སྟེ་ས་དེ་འདུལ་བ་དང་།
- ས་དེ་འདུལ་ནས་ཕྱིར་ནང་དུ་ཕེབས་པ་རེད།
- ཕྱིར་ནང་དུ་ཕེབས་སོང་ན་མཚམས་དེ་ནས།
- གསེར་སྐྱེམས་གཏོང་དགོས།
- གསེར་སྐྱེམས་གཏོང་དགོས་ན་གསེར་སྐྱེམས།
- འདིའི་སྟེང་ནས་བྱ་ནག་ཧོར་ག་གྱོན་ནས་བསྡད་དེ།
- གསེར་སྐྱེམས་དཔོན།
- འཆམ་པ་སུམ་ཅུ་ཆ་རེ་ཡོད་པ་རེད།
- འདིའི་སྟེང་འདི་ནས་ཕྱིར་འཁྲབ་ཞོར་དུ་གཉིས་རེ་གཉིས་རེ།
- འཁྲབ་ཞོར་དུ་ཡར་ཕེབས་པ་རེད།
- ཡར་ཕེབས་སོང་ན་དེའི་རྗེས་ནས།
- གངས་རི་གཉིས་ཡོང་བ་རེད།
- གངས་རི་གཉིས་ཡོང་ན།
- ཁོ་གཉིས་ཀྱིས་ཉ་བོ་གཉིས་འཁུར་ནས་ཡོང་བ་རེད།
- ཉ་བོ་གཉིས་འཁུར་ནས་ཡོང་སྟེ།
- ཉ་བོ་དེ་གཉིས་ཀ་གངས་རི་དེ་གཉིས་ཀྱིས།
- ལྷ་ཡུལ་ཁམས་དང་ཀླུ་ཡུལ་ཁམས།
- ཁམས་ཐམས་ཅད་ལ་སྐོར་བ་བྱས་ཏེ།
- སྐོར་བ་བྱས་ནས་རྒྱུགས་རྒྱུགས་ཏེ།
- འགུག་བཞུགས་འདོན་དགོས་པ་རེད།
- འགུག་བཞུགས་བཏོན་ན་འགུག་བཞུགས་ཀྱི་རྔ་མ་ནས།
- ཁུག་ཅེས་བཤད་དེ་དགྲ་བོའི་སྟེང་དུ་དེ་གཏུབ་པ་རེད།
- འགུག་བཞུགས་ཀྱིས་གཏུབ་དགོས་པ་རེད།
- འགུག་བཞུགས་ཀྱིས་དེ་གཏུབ་ན།
- མཚམས་དེ་ནས་གངས་རི་གཉིས་ཡོད་པ་རེད།
- གངས་རི་གཉིས་ཀྱིས་དེ་ལྟར་བྱས་ཏེ།
- མཚམས་དེ་ནས་ཁོ་གཉིས་ཕྱིར་ནང་ལ་ཕེབས་འགྲོ།
- དེ་རེད།
- གོང་ནས་གསེར་སྐྱེམས་བཤད་པ་དེ་རེད།
- ཨོ་ལེད་་་་དེའི་འཕྲོ་ནས།
- དེའི་འཕྲོ་ནས་བྱ་འུག་གཉིས་ཀ་ཡོང་དགོས་པ་རེད།
- བྱ་འུག་གཉིས་ཀ་ཡོང་ན།
- ལྷན་ཅིག་སྐྱེས་པའི་ལྷ་དང་།
- སྙོམས་པར་ཡོང་བའི་བདུད།
- དེ་གཉིས་ཀྱིས་མཚོན་བྱེད་དུ།
- འུག་པ་ཞིག་དང་ཕོ་རོག་ཅིག་ཡོང་དགོས་པ་རེད།
- ཡོང་ན་ཁོ་གཉིས་འཆམ་སྟེ།
- ང་ཚོ་ཡིན་རྒྱུ་ན་དེ་འཆམ་སྟེ།
- རྗེས་ནས་དགྲ་བོ་ཡི།
- རྣམ་ཤེས་དེ་ཡར་འདྲེན་དགོས་པ་རེད།
- དྲངས་ངེས་རེད།
- བྱ་འུག་གཉིས་ཀ་རེད་ཁོ་གཉིས་ནི།
- འདིའི་སྟེང་འདི་ནས་ལྷན་ཅིག་སྐྱེས་པའི་ལྷ་དང་།
- སྙོམས་པར་ཡོང་བའི་བདུད་གཉིས་ཡིན་ཟེར་ནས།
- ཡར་དྲངས་པ་རེད།
- བྱ་འུག་གཉིས་ཀ་ཡོད་པ་རེད།
- བྱ་འུག་གཉིས་ཀྱི་འཕྲོ་ནས་གང་ཡོང་རྒྱུ་རེད།
- སྒྲོལ་གང་ཡོང་རྒྱུ་ཡིན།
- སྒྲོལ་གང་ཡོང་ན་སྒྲོལ་གང་གཉིས་ནི།
- ཁྲོ་བོ་ཞིག་དང་ཁྲོ་མོ་ཞིག་ཡོད།
- ཁྲོ་བོ་ཞིག་དང་ཁྲོ་མོ་ཞིག་ཡོད་ན།
- ཁོ་གཉིས་ཡོང་སྟེ།
- གང་ལྟར་ཀྱང་དགྲ་ཆ་འདེད་རྒྱུ་རེད།
- དགྲ་ཆ་འདེད་དགོས་ན་དགྲ་ཆ་དེ་ཅི་རེད་ཟེར་ན།
- དགྲ་གཅོག་བཏོན་ན།
- ཨ་ཁུ་དཔོན་ཚོས་དགྲ་གཅོག་བཏོན་ན།
- གྲི་མདའ་མདུང་དང་ཕུར་བུ་ལ་སོགས་པ་ཐམས་ཅད།
- དགྲ་བོའི་སྟེང་དུ་དེ་འདེད་དགོས་པ་རེད།
- དེ་བཏབ་ནས་རྗེས་ཕྱོགས་རྔ་མར།
- རལ་གྲི་གཉིས་ཡོད་པ་རེད།
- རལ་གྲི་ཆེན་པོ་གཉིས་ཡོད་པ་རེད།
- དེ་གཉིས་ཀས་ང་ཚོ་ཡིན་རྒྱུ་ན།
- དགྲ་བོར་དེ་ལྟར་བརྒྱབ་སྟེ།
- དེ་དགྲ་བོ་བསྒྲད་པ་མ་རེད།
- དགྲ་བོར་དེ་ལྟར་བརྒྱབ་སྟེ།
- མཚམས་དེ་ནས་སྒྲོལ་གང་གཉིས་ཕྱིར་ཕེབས་འགྲོ་བ་རེད།
- མཚམས་དེ་ནས་ཤྭ་ཡོང་དགོས་པ་རེད།
- ཤྭ་ཡོང་ན་ཤྭ་དེ།
- ཡར་འདུ་ཁང་གི་སྒོ་ནང་ནས།
- མར་ཕེབས་ནས་ཡོང་ན།
- དཔོན་མང་གིས་རྒྱབ་རྡུང་བརྒྱབ་སྟེ།
- དེ་རེད།
- ཁོ་རྒྱ་སྒོ་ཡི།
- འདུ་ཁང་གི་མ་བཞག་ཐོག་ཏུ་བུད་ནས་བསྡད་དེ།
- ཡར་བལྟས།
- དགུང་སྔོན་གནམ་ལ་བལྟས།
- དོག་མོ་ས་ལ་ལྟོས།
- འདི་ཅི་རེད་ཟེར་ན།
- ཁོ་རི་དྭགས་ཡིན་པས།
- དོགས་ཟོན་འདྲ་བྱེད་ས་ཡོད་མེད་ལ།
- དེར་བལྟས་ཏེ།
- ཕ་རོལ་ལ་འཁོར་ཚུར་རོལ་ལ་འཁོར།
- དོགས་བྱེད་ས་མེད་ན།
- ཁོ་མར་ལྡིང་བ་རེད།
- མར་ལྡིང་ནས་རྡོ་ཆའི་སྟེང་ལ་ལྡིང་།
- རྡོ་ཆ་སྟེང་ནས་འཆམ་པ་དང་།
- ཁོ་ཤར་ལ་འཁོར་བ་དང་ལྷོ་ལ་འཁོར་བ།
- ནུབ་ལ་འཁོར་བ་དང་བྱང་ལ་འཁོར་བ།