Audio Overview
Sonam Choden sings “The Stag Living on the Three Ridges” (Phusum Phula Zhukpe). The song describes three kinds of obstacles that a stag faces in life. In the winter, the stag has to bear the hardship of cold snow; in the summer, the heavy rainfall; and it has to spend its life escaping from the hunter’s arrow. The song also speaks about the obstacles fish have to face in life. We human beings also have to face similar challenges. Even though we are born in the most privileged class of beings in samsara, we are mostly unable to practice dharma. Aspirations should be made by all of us to be reborn in Bodhi Gaya, where the dharma has flourished.
བསོད་ནམས་ཆོས་སྒྲོན་གྱི་ ཕུག་སུ་ཕུག་ལ་བཞུགས་པའི་ཟེར་བའི་གླུ་གཞས་འདི་འཐེན་མས། གླུ་གཞས་འདི་གིས་ ཤཝ་གི་མི་ཚེ་ནང་ལུ་ སྡུག་བསངལ་དང་ བར་ཆད་གསུམ་མྱོང་བའི་སྐོར་ལས་བཤདཔ་ཨིན་མས། དེ་ཡང་ གནམ་དགུན་ལུ་ གྱང་འི་སྡུག་བསྔལ་དང་ གནམ་བྱཱ་ལུ་ ཆརཔ་རྐྱབ་ནི་དང་ ཚདཔ་ཚ་ནིའི་སྡུག་བསྔལ་དང་ དེ་ལས་ ཤ་རོགསཔ་ཚུ་གི་བདའ་འབག་བའི་སྡུག་བསྔལ་གསུམ་མྱོང་དགོཔ་ཨིན་མས། དེ་མ་ཚད་ ཉའི་མི་ཚེ་ནང་ལུ་ སྡུག་བསྔལ་མྱོང་དགོ་པའི་སྐོར་ལས་ཡང་བཤད་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ང་བཅས་ཚུ་གིས་ སྐྱེ་བ་ནང་ལས་དྲག་ཤོས་ མི་གིས་ལུས་རྟེན་འཐོབ་སྟེ་འབད་རུང་ དམ་པའི་ཆོས་མ་གྲུབ་ནི་འདི་གིས་ དེ་བཟུམ་མའི་ སྡུག་བསྔལ་དང་ དཀའ་ངལ་ཚུ་མྱོང་དགོཔ་ཨིན་མས། དེ་འབདཝ་ལས་ ང་བཅས་ཚུ་གིས དམ་པའི་ཆོས་དར་ས་ ཡང་དག་པའི་ས་གནས་ བཱོཌ་ག་ཡ་སྐྱེ་ནིའི་ རེ་འདོད་བསྐྱེད་དགོ་པའི་སྐོར་ལས་ཨིན་མས།
- བསོད་ནམས་ཆོས་སྒྲོནཕུ་གསུས་ཕུ་ལ་བཞུགས་པའི་ལ་ནི་ཤ་ཝ་ང་ལ། །
- བསོད་ནམས་ཆོས་སྒྲོནཤ་ཝ་རང་ལ་འཁྲུལ་བ་ལ་ནི་ལན་གསུམ་འཁྲུལ། །
- བསོད་ནམས་ཆོས་སྒྲོནབྱཱར་གསུམ་ཆར་པའི་ནང་དུ་ལ་ནི་ལན་གཅིག་འཁྲུལ་ལ། །
- བསོད་ནམས་ཆོས་སྒྲོནདགུན་གསུམ་ཁ་བའི་ནང་དུ་ལ་ནི་ལན་གཉིས་འཁྲུལ། །
- བསོད་ནམས་ཆོས་སྒྲོནམདའ་མོ་ལུས་ལ་འཁོར་ཏེ་ལ་ནི་ལན་གསུམ་འཁྲུལ་ལ། །
- བསོད་ནམས་ཆོས་སྒྲོནཕྱི་མ་ཤ་བའི་ལུས་སུ་ལ་ནི་སྐྱེ་མ་བཅུག །
- བསོད་ནམས་ཆོས་སྒྲོནཕྱི་མ་ཤ་བའི་ལུས་སུ་ལ་ནི་སྐྱེས་ཀྱང་ན་ལ། །
- བསོད་ནམས་ཆོས་སྒྲོནགནས་ལ་རྡོ་རྗེ་གདན་ལུ་ལ་ནི་སྐྱེ་བར་ཤོག །
- བསོད་ནམས་ཆོས་སྒྲོནཆུ་གསུམ་ཆུ་ལ་བཞུགས་པའི་ལ་ནི་ཉ་མོ་ང་ལ། །
- བསོད་ནམས་ཆོས་སྒྲོནཉ་མོ་རང་ལ་འཁྲུལ་བ་ལ་ནི་ལན་གསུམ་འཁྲུལ། །
- བསོད་ནམས་ཆོས་སྒྲོནབྱཱར་གསུམ་ཧུ་མ་ལོང་སྟེ་ལ་ནི་ལན་གཅིག་འཁྲུལ་ལ། །
- བསོད་ནམས་ཆོས་སྒྲོནདགུན་གསུམ་འཁྱེག་གིས་བསྡམས་ཏེ་ལ་ནི་ལན་གཉིས་འཁྲུལ། །
- བསོད་ནམས་ཆོས་སྒྲོནདགུན་གསུམ་འཁྱེག་གིས་བསྡམས་ཏེ་ལ་ནི་ལན་གཉིས་འཁྲུལ། །
- བསོད་ནམས་ཆོས་སྒྲོནསྲམ་ཅུང་ལུས་ལ་འཁོར་ཏེ་ལ་ནི་ལན་གསུམ་འཁྲུལ་ལ། །
- བསོད་ནམས་ཆོས་སྒྲོནཕྱི་མ་ཉ་མོའི་ལུས་སུ་ལ་ནི་སྐྱེ་མ་བཅུག །
- བསོད་ནམས་ཆོས་སྒྲོནཕྱི་མ་ཉ་མོའི་ལུས་སུ་ལ་ནི་སྐྱེས་ཀྱང་ན་ལ། །
- བསོད་ནམས་ཆོས་སྒྲོནམཚོ་ལ་པདྨ་ཅན་དུ་ལ་ནི་སྐྱེ་བར་ཤོག །
- བསོད་ནམས་ཆོས་སྒྲོནགཡུས་གསུམ་གཡུས་ལ་བཞུགས་པའི་ལ་ནི་སྤྲང་པོ་(སྤྲང་མོ་)རང་ལ། །
- བསོད་ནམས་ཆོས་སྒྲོནསྤྲང་པོ་(སྤྲང་མོ་)རང་ལ་འཁྲུལ་བ་ལ་ནི་ལན་གསུམ་འཁྲུལ། །
- བསོད་ནམས་ཆོས་སྒྲོནསྐྱེས་པ་ཕོ་ལུས་མ་ཐོབ་ལ་ནི་ལན་གཅིག་འཁྲུས་ལ། །
- བསོད་ནམས་ཆོས་སྒྲོནདམ་པའི་ཆོས་དང་མ་མཇལ་ལ་ནི་ལན་གཉིས་འཁྲུལ། །
- བསོད་ནམས་ཆོས་སྒྲོནཕྱི་མ་སྤྲང་པོའི་(སྤྲང་མོའི་)ལུས་སུ་ལ་ནི་སྐྱེ་མ་བཅུག་ལ། །
- བསོད་ནམས་ཆོས་སྒྲོནཕྱི་མ་སྤྲང་པོའི་(སྤྲང་མོའི་)ལུས་སུ་ལ་ནི་སྐྱེས་ཀྱང་ན། །
- བསོད་ནམས་ཆོས་སྒྲོནགནས་ལ་རྡོ་རྗེ་གདན་ལུ་ལ་ནི་སྐྱེ་བར་ཤོག། །།