18 Mar 2016
1 min 24 sec
- སྟོད་ལ་གན་ན་རི་ཞིག་རིག་ནི་བོ།
- ཡང་ལ་རི་མིན་སེར་བོ་གསེར་གྱི་རི།
- ཡང་ལ་གསེར་གྱི་རི་ལ་ཉི་མ་ཤར།
- ཚེ་ལ་བསོད་ནམས་ཉི་མ་ཤར་ཤར་རེད་རོགས།
- ཐད་ལ་གན་ན་རི་ཞིག་རིག་རྒྱུ་བོ།
- ཡང་ལ་དངུལ་རི་དཀར་བོ་དུང་གི་རི།
- ཡང་ལ་དུང་གི་རི་ལ་ཟླ་བ་ཚེས།
- ལས་ལ་རླུང་རྟ་ཟླ་བ་ཚེས་ཚེས་རེད་རོགས།
- སྨད་ལ་མོས་ན་རི་ཞིག་རིག་རྒྱུ་བོ།
- ཡང་ལ་རི་མིན་སྨུག་པོ་མཆོང་གི་རི།
- ཡང་ལ་མཆོང་གི་རི་ལ་སྦྲང་ཆར་འབབ།
- རྒྱུ་ལ་ལོངས་སྤྱོད་སྦྲ་ཆར་འབབ་འབབ་རེད་རོགས།