13 Oct 2014
1 min 30 sec
- ཡ་ལེ།
- རྟ་འདོ་བ་རྟ་མགྲིན་དམར་པོས་བསྲུང་། སྲབ་བསེ་མ་ཡིད་བཞིན་ནོར་བུས་བསྲུང་།
- ཡ་ལེ།
- སྒ་བེ་ཤིང་དགའ་ལྡན་གསེར་ཁྲིས་བསྲུང་། བསྲུང་དེ་གསུམ་འཛོམས་པའི་སྨོན་ལམ་འདེབས།
- ཡ་ལེ།
- མཛོ་ཁྱུང་དཀར་ཁྱུང་ལྷ་སྨུག་པོས་བསྲུང་། སྒ་ལྷུ་བཞི་དགའ་ལྡན་ནགས་ཀྱིས་བསྲུང་ །
- ཡ་རོ།
- ཇ་ཟུར་བཞི་རྒྱ་ནག་རྒྱལ་པོས་བསྲུང་། བསྲུང་དེ་གསུམ་འཛོམས་པའི་སྨོན་ལམ་འདེབས།
- ཡ་རོ།
- ཕོ་ང་སོ་ཕོ་ལྷ་དགྲ་ལྷས་བསྲུང་། མ་ཁྱོད་ཚོ་རྗེ་བཙུན་སྒྲོལ་མས་བསྲུང་།
- ཡ་ལེ།
- ཚིག་བཤད་པ་རྗེ་བཙུན་མགུར་མས་བསྲུང་། བསྲུང་དེ་གསུམ་འཛོམས་པའི་སྨོན་ལམ་འདེབས།