30 Mar 2016
2 min 1 sec
- ཡེ། གངས་དཀར་བོ་ཡག་གི་རྩེ་མོ་ན།
- སེང་དཀར་མོ་གཡུ་ཡི་རལ་བ་ཅན།
- ཁྱོད་གཞན་ལ་མ་ཕེབས་གངས་ནས་བཞུགས།
- ང་གངས་ཅན་བོད་ཀྱི་བླ་རི་རེད།
- ཡེ། ཕྱི་རྫ་རི་ཡག་གི་རྩེ་མོ་ན།
- འབྲོང་བྲེ་ལོ་ར་རྩེ་རྣོན་པོ་ཅན།
- ཁྱོད་གཞན་ལ་མ་ཕེབས་རྫ་ནས་བཞུགས།
- ང་གངས་ཅན་བོད་ཀྱི་སྒོ་ཟོག་ཡིན།
- ཡེ། ཤང་ལྷ་ཤིང་ཤུག་པའི་རྩེ་མོ་ན།
- བྱ་ཁུ་ལོས་གསུངས་སྐད་སྙན་མོ་ཅན།
- ཁྱེད་གཞན་ནས་མ་གྲགས་བོད་ནས་གྲགས།
- ང་གངས་ཅན་བོད་ཀྱི་ལྷ་བྱ་ཡིན།
- ཁྱེད་གཞན་ནས་མ་གྲགས་བོད་ནས་གྲགས།
- ང་གངས་ཅན་བོད་ཀྱི་ལྷ་བྱ་ཡིན།