18 Mar 2016
2 min 4 sec
- གསེར་ནག་གཡུ་བྱུར་བརྒྱན་ཆ་ཡག་རུང་།
- འདོག་རྒྱུ་མང་ན་ང་ཚོའི་མཚང་ཡིན།
- མདོར་ན་ལྕགས་ཀྱི་ཁུར་བོ་འཁུར་ན།
- འདི་ཚོ་རྒྱན་ཞིག་ཡིན་ནོ་མི་ཤེས།
- སྟག་གཟིག་པགས་པ་ཤོམས་འདི་ངོམས་ཡང་།
- གྱོན་རྒྱུ་མང་ན་ང་ཚོའི་མཚངས་ཡིན།
- ལུས་པོ་གཟུགས་བཞི་གོ་ཡིས་བཏུམས་ན།
- འདི་སོ་ཤོམས་ཞིག་ཡིན་ནོ་མི་ཤེས།
- སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད།
- རང་སྐད་བརྗེད་ན་ང་ཚོའི་མཚངས་ཡིན།
- འདྲ་མ་འདྲེས་མའི་སྐད་ཞིག་བཤད་ན།
- འདི་སོ་བཟང་ཞིག་ཡིན་ནོ་མི་ཤེས།
- འདྲ་མ་འདྲིས་མའི་སྐད་ཞིག་བཤད་ན།
- འདི་སོ་བཟང་ཞིག་ཡིན་ནོ་མི་ཤེས།