Skip to main content Skip to search
12 Jan 2017
1 min 52 sec
Audio Overview
Creators: 
Rinchen Dorji, Khandu, Sonam Chophel

Sherub Dorji of Langmikha village of Dogar gewog is identifying major local deities of the local villages. A dralha or a warlord who's name he did not mention was the local deity for the Langmikha village, Bja Tsen, a mountain deity is identified as the local deity for Dawakha village. The local deity of the Tsangkha village is called the Gongtsen Tashi Dargay and a village called Bjaji has the local deity called Bjanoen Gyam Abura. He says every villages have local deities to seek spiritual protection. 

གློག་བརྙན་ཐུང་ཀུ་འདི་ནང་ སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ གླང་མིག་ཁ་ལས་ ཤེས་རབ་རྡོ་རྗེ་གིས་ རྡོ་སྒར་རྒེད་གི་ གཡུས་ཚན་ཚུ་ནང་ཡོད་པའི་ སྲུང་མ་་དང་བཙན་འདི་ཚུ་ ངོས་འཛིན་འབདཝ་ཨིན་པས། ཁོ་གིས་ མི་མ་བཏོན་པར་ དགྲ་ལྷ་ཟེར་སླབ་མི་འདི་ གླང་མིག་ཁ་གཡུས་ཚན་གྱི་ སྲུང་མ་ཨིནམ་སྦེ་ སླབ་ཨིནམ་ད་ བྲག་བཙན་འདི་ཟླ་བ་ཁ་གཡུས་ཚན་གྱི་ སྲུང་མ་ཨིནམ་སྦེ་ ངོས་འཛིན་འབདཝ་ཨིནམ་ད་ ཚོང་ཁ་གཡུས་ཚན་གྱི་ སྲུང་མ་འདི་ གངས་བཙན་བཀྲིས་དར་བརྒྱད་དང་ བྲག་པའི་སའི་སྲུང་མ་ལུ་ བྱག་སྔོན་མགོནམ་ཨ་གུ་ར་ཟེར་ སླབ་ཨིན་པས། ཁོ་གིས་ སླབ་མི་ནང་ གཡུས་སྒོ་ཆ་མཉམ་ལུ་ ཆོས་སྲུང་གྱི་སྲུང་མ་ཡོད་ཟེར་ཨིན་པས།

Transcript search
No results found for this search
0 of 0
  • ཤེས་རབ་རྡོ་རྗེ།
    ལགས་སོ། ད་ང་བཅས་ར་རྡོ་དཀར་རྒེད་འོག་ ཟེར་སླབ་དགོ་མི་འདི་ དོན་དག་ག་དེ་སྦེ་སྨོ་ཟེར་བ་ཅིན་རྡོ་དཀར་རྒེད་འོག་ཟེར་བཏགས་དགོ་མི་འདི་ང་བཅས་ར་དབུས་སུ་ཟམ་མར་ལྟབ་(མན་ཆད་)མར་ནད་མུག་ཆུ་ཡར་བཅད་འདི་ཏེ་རྡོ་དཀར་རྒེད་འོག་སྦེ་བརྩིསཝ་ཨིན་ལགས།ཏེ་འ་ནི་ནང་ལུ་ད་གནས་བདག་གཞི་བདག་གི་སྐོར་ལས་འབད་བ་ཅིན་
  • ཤེས་རབ་རྡོ་རྗེ།
    ང་བཅས་ར་ནཱ་ དང་པ་ར་ཏེ་ང་བཅས་ཀྱི་གླང་མིག་ཁ་(ལོམ་སྦིས་ཁ་)འབདཝ་འདྲཝ་ཅིག་འབད་བ་ཅིན་ཏེ་དགྲ་ལྷ་འདི་བརྩིསཝ་ཨིན་ལགས།དེ་ལས་མར་བྱག་ནཱ་ཟླ་བ་ཁ་ཟླ་བ་ཁ་གི་འདི་བརྩི་བ་ཅིན་ཏེ་ཁོ་མར་བྱག་(བྲག་)བཙན་ཟེར་ཏེ་བཙན་འདི་བརྩིསཝ་ཨིན་ལགས།གནས་བདག་གཞི་བདག་གི་སྐོར་ལས་འབད་བ་ཅིན་
  • ཤེས་རབ་རྡོ་རྗེ།
    དེ་ལས་ཕར་ལས་ཡར་ཚངས་ཁ་གི་འདི་གངས་བཙན་བཀྲ་ཤིས་དར་རྒྱས་ཟེར་གངས་བཙན་བཀྲ་ཤིས་དར་རྒྱས་སྦེ་བརྩིསཝ་ཨིན་ལགས།དེ་ལས་ཡར་བྱག་ཕུག་གི་འདི་ཨ་ནཱ་བྱག་(བྲག་)ནག་མགོནམ་ཨ་གུ་ར་ཟེར་ཏེ་གནས་བདག་གཞི་བདག་གི་སྐོར་ལས་ང་བཅས་ར་གཡུས་ཚན་རེ་རེ་ནང་གནས་བདག་འདི་ ཏེ་ད་ང་བཅས་ར་མཆོད་བྱ་ཡང་འ་ནཱ་རྐྱབ་
  • ཤེས་རབ་རྡོ་རྗེ།
    དེ་ལས་བུ་ཨ་ཅུ་ཨ་ལུ་སྐྱེས་ཏེ་གིས་ སྐྱབས་འཚོལ་ནི་ཨིན་རུང་ཡང་འ་ནཱ་འཚོལ་ནདཔ་གནམ་མེད་ས་མེད་འཚུབ་དྲགས་འབད་རུང་ཡང་ སྐྱབས་འ་ནཱ་འཚོལ་ཏེ་གིས་སྦེ་ཏེ་ང་བཅས་ར་ སྐྱབས་དང་མགོནམ་འཚོལ་ས་འདི་ འ་ནཱི་སྦེ་ཨིན་ལགས།། །།